བལ་ཡུལ་ཕྱི་སྲིད་དྲུང་ཆེ་ཟུར་པ་ཞིག་ནས་བལ་གཞུང་གིས་མི་ངོ་མ་ཟིན་པར་ནོར་འཁྲུག་ཤོར་བ་ངོས་ལེན་དང་སྦྲགས་ངེས་པར་དུ་ཡིད་གཟབ་བྱས་ཏེ་གང་བྱུང་ཐག་གཅོད་བྱ་རྒྱུ་མེད་སྐོར་བརྗོད་འདུག
རྒྱ་ནག་གཞུང་གི་བཀའ་རྒྱ་ལྟར་བལ་གཞུང་གིས་ཨ་རིའི་མི་སེར་བོད་མི་སྤེན་པ་ཚེ་རིང་ཞེས་པ་ཞིག་ཕྱིར་ལོག་བཏང་བར་བརྟེན། བལ་ཡུལ་གྱི་ཨ་རིའི་གཞུང་ཚབ་ཁང་གིས་ཨ་རིའི་མི་སེར་བལ་ཡུལ་ནང་ཡོང་བར་རྒྱལ་ཁབ་གཞན་གྱི་བཀའ་འཁྲོལ་དགོས་མིན་ཐད་འདྲི་རྩད་བྱེད་ཀྱི་ཡོད་སྐོར་བརྗོད་འདུག་ལ། དེ་རིང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་དང་བལ་གཞུང་གིས་ཕྱིར་ལོག་བཏང་བའི་སྤེན་པ་ཚེ་རིང་ཁོང་གཉིས་བར་བཀའ་མོལ་བྱུང་ཡོད་པ་དང་། སྐུ་ཚབ་དོན་ཟུར་ལགས་ནས་འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པར། རྒྱལ་ཁབ་གཞན་ཞིག་གི་རེ་འདོད་འོག་ནག་ཉེས་གང་ཡང་མེད་པའི་མི་ཞིག་གང་འདོད་དུ་མིང་ཐོ་ནག་པོའི་ནང་བཅུག་པ་ནི། སོ་སོའི་རྒྱལ་ཁབ་རང་བཙན་ཡོད་པ་ཞིག་ཡིན་ན་ཡང་རང་བཙན་མེད་པའི་ལས་སྟངས་ལྟ་བུ་བྱས་ན་ཐབས་སྐྱོ་བོ་རེད། ཅེས་གསུངས་བྱུང་།
བལ་ཡུལ་ཨ་རིའི་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཨན་དྷེ་དྷི་ཨར་མཱན་ཊི(Andie De Arment)ཡིས་བལ་ཡུལ་ཧི་མ་ལ་ཡའི་དུས་བབ་གསར་ཁང་ལ་ཡིག་འབྲེལ་གྱི་ལམ་ནས་བརྗོད་དོན། བལ་ཡུལ་གཞུང་གིས་ཕྱིའི་རྒྱལ་ཁབ་ཅིག་གི་རེ་འདོད་ལྟར་ཨ་རིའི་མི་སེར་ཞིག་ཕྱིར་ལོག་བཏང་བར་བློ་ཕམ་ཆེན་པོ་བྱུང་། ང་ཚོས་བལ་ཡུལ་གཞུང་གིས་ཨ་རིའི་མི་སེར་ཞིག་ཕྱིར་ལོག་བཏང་བའི་ཐད་གསལ་བཤད་དང་། དེ་བཞིན་བལ་ཡུལ་ནང་ཨ་རིའི་མི་སེར་ཚོ་ཡོང་བར་རྒྱལ་ཁབ་ཀྱི་བཀའ་ཁྲོལ་དགོས་མིན་ཐད་འདྲི་རྩད་བྱེད་ཀྱི་ཡོད། ཅེས་སོགས་བརྗོད་འདུག་ལ། ད་ལྟའི་ཆར་བལ་ཡུལ་གཞུང་ཕྱོགས་ནས་དེའི་ཐད་གསལ་བཤད་ལན་འདེབས་བྱས་ཡོད་མེད་གོ་ཐོས་མི་འདུག
འདི་གའི་གསར་འགོད་པས་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ད་ལྟའི་ཆར་ཨ་རིའི་གཞུང་གི་ངོས་ནས་གནད་དོན་དེའི་ཐད་འདྲི་ཞིབ་བྱེད་བཞིན་ཡོད་པ་དང་། སྤྱིར་ན་ཨ་རིའི་མི་སེར་སུ་འདྲ་ཞིག་ཡིན་ཡང་མི་དེའི་ཐོབ་ཐང་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུའི་ཐོབ་ཐང་དེ་ཨ་རིའི་བལ་ཡུལ་གཞུང་ཚབ་ཁང་ལ་ཡོད་པ་རེད། གནས་སྟངས་དེའི་རྐྱེན་གྱིས་བལ་ཡུལ་གཞུང་ལ་གནོན་ཤུགས་ཡོང་གི་ཡོད་པ་གསལ་བོ་རེད། སྤྱིར་ན་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་གིས་རྒྱལ་སྤྱིའི་སྐོར་སྲུང་ཉེན་རྟོག་ཁང་གིས་ཡོངས་ཁྱབ་ངང་ནག་ཉེས་ཡོད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཡོད་ན་མ་གཏོགས། རྒྱལ་ཁབ་གཞན་ཞིག་གི་རེ་འདོད་འོག་ནག་ཉེས་གང་ཡང་མེད་པའི་མི་ཞིག་གང་འདོད་དུ་མིང་ཐོ་ནག་པོའི་ནང་བཅུག་པ་ནི། སོ་སོའི་རྒྱལ་ཁབ་རང་བཙན་ཡོད་པ་ཞིག་ཡིན་ན་ཡང་རང་བཙན་མེད་པའི་ལས་སྟངས་ལྟ་བུ་བྱས་པ་ཡིན་ན་ཐབས་སྐྱོ་བོ་རེད། ཅེས་གསུངས་བྱུང་།
ཡང་ཁོང་ལ་ད་ལྟའི་ཆར་བལ་ཡུལ་གསར་ཁང་ཁག་གིས་སྤེལ་བའི་གནས་ཚུལ་ནང་མིང་ཐོ་ནག་པོའི་ནང་ཡོད་པ་དེ་ཁྱེད་རང་ཡིན་སྐོར་བཀོད་འདུག་ལ། སྤེན་པ་ཚེ་རིང་ཞེས་པའི་བོད་མི་དེ་ཕྱིར་ལོག་བཏང་བའི་ཐད་དགོངས་ཚུལ་ག་རེ་ཡོད་དྲིས་པར་ཁོང་གིས། རྒྱ་ནག་གཞུང་གི་མིང་ཐོ་ནག་པོའི་ནང་དུ་ཡོད་པ་ཡིན་ན་ང་ཡིན་དགོས་ཀྱི་རེད་བསམ་ཡོད་ལ། གལ་ཏེ་དེ་འདྲའི་ཐོ་གཞུང་ཞིག་ཡོད་པ་ཡིན་ན། དེའི་ནང་དུ་བོད་མིའི་སྒྲིག་འཛུགས་ནང་ལ་འགན་འཁུར་མཁན་དང་། ཁོ་རང་ཚོའི་གནད་འགག་མཐོང་གི་ཡོད་པ་དེ་ཚོ་ཚང་མའི་མིང་ཡོད་རྒྱུ་རེད་མ་གཏོགས་ང་གཅིག་པུ་ཡིན་རྒྱུ་མ་རེད། ད་ལན་ཕྱིར་ལོག་བཏང་བའི་སྤེན་པ་ཚེ་རིང་ང་རང་གི་ངོ་ཤེས་ཤིག་ཡིན་ལ། ཁོང་དེང་སྐབས་ཨ་རིར་བསྡད་ཡོད་པ་རེད། དེ་སྔོན་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཡིན་པ་དང་ང་གཉིས་བར་ལ་འབྲེལ་བ་ཡག་པོ་ཡོད། ང་དེ་སྔོན་ཁོང་གི་ནང་ལའང་འགྲོ་མྱོང་ཡོད། དེ་རིང་ངེད་གཉིས་བར་གནས་ཚུལ་དེའི་ཐད་ཁ་པར་བརྒྱུད་འབྲེལ་བའང་བྱུང་སོང་། ཞེས་གསུངས་བྱུང་།
བལ་ཡུལ་ཧི་མ་ལ་ཡའི་དུས་བབ་ཀྱི་གནས་ཚུལ་ནང་། བལ་ཡུལ་ཕྱི་སྲིད་བློན་ཆེན་གྱིས་གནད་དོན་དེའི་ཐད་སྐད་ཆ་གང་ཡང་བཤད་མ་སོང་ན་ཡང་། བལ་ཡུལ་ཕྱི་སྲིད་དྲུང་ཆེ་ཟུར་པ་མཱ་དྷན་ཀུ་མར(Madan Kumar Bhattarai)ཞེས་པ་ཞིག་གིས། མི་ངོ་མ་ཟིན་པར་ནོར་འཁྲུལ་བཟོས་པ་དེ་འཛམ་གླིང་སྤྱི་ཡོངས་ནང་བྱུང་བཞིན་པ་ཞིག་ཡིན་ཡང་། སྲིད་གཞུང་གིས་ནོར་འཁྲུལ་ངོས་ལེན་བྱེད་ངེས་རེད། ཅེས་དང་། ཨ་རི་ནས་བལ་ཡུལ་ནང་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་མང་པོ་ཡིན་པས། བལ་གཞུང་གིས་ངེས་པར་དུ་ཡིད་གཟབ་དགོས་པ་ལས་གང་བྱུང་གནད་དོན་ཐག་གཅོད་བྱ་རྒྱུ་མེད་སྐོར་བརྗོད་འདུག་ལ། ཡང་གསར་ཁང་དེས་དོན་ཟུར་སྤེན་པ་ཚེ་རིང་ལགས་ལ་ཞལ་པར་བརྒྱུད་བཀའ་འདྲི་ཞུ་སྐབས། ཁོང་གིས་ཁོང་མི་སྒེར་གྱི་ངོས་ནས་ཁོང་དང་མིང་གཅིག་པ་ཆགས་པའི་མི་དེར་དགོངས་དག་ཞུ་བཞིན་ཡོད་ཅེས་གསུངས་ཡོད་སྐོར་བཀོད་འདུག
བལ་ཡུལ་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་བསོད་ནམས་བཟང་པོ་ཞེས་པ་ཞིག་གིས། བལ་གཞུང་གིས་མི་ནོར་ནས་མིང་ལ་སྤེན་པ་ཚེ་རིང་ཟེར་བའི་མི་འཛིན་བཟུང་དང་བཀག་སྐྱིལ་བྱས་པ་ཐོག་མ་མིན་པ་ད་ང། སྔར་ལོའི་ཕྱི་ཟླ་ ༡༢ ནང་བལ་ཡུལ་མཆོད་སྟེན་མཐའ་འཁོར་གྱི་མགྲོན་ཁང་ཞིག་ཏུ་མིང་ལ་སྤེན་པ་ཚེ་རིང་ཞེས་པའི་བོད་མི་ཞིག་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། བཀག་སྐྱིལ་ཁང་དུ་འཁྲིད་ནས་འདྲི་རྩད་སོགས་བྱས་ཡོད་སྐོར་བརྗོད་འདུག་ལ། སྤྱི་ཚོགས་དྲ་ལམ་དུ་ཡུ་རོབ་ནས་ཡིན་པའི་སྤེན་པ་ཚེ་རིང་ཞེས་པ་ཞིག་ལའང་དེ་བཞིན་གྱི་དཀའ་ངལ་འཕྲད་ཡོད་སྐོར་ཡང་བརྗོད་ཀྱི་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
བཟོད་པ་ལགས། ཁྱེད་ལ་འགྲེལ་བཤད་རྒྱག་མཁན་ཁྱེད་རང་ལས་ལྷག་པ་གང་ཡང་ཡོད་པ་མ་རེད། དེ་འདྲ་ཡིན་དུས། སོ་སོའི་བྲང་ལ་ལག་པ་བཞག་ནས་དྲི་བ་གཏོང་རོགས། གང་ལྟར་དགྲ་བོ་རྒྱ་ནག་གིས་བྱེད་ཀྱི་ཡོད་པ་དང་བཤད་ཀྱི་ཡོད་པ་རྣམས་ལ་མཐའ་གཅིག་ཏུ་རྒྱབ་གཏོད་དགོས་རེད། ཁོ་ཚོའི་བསམ་སྤྱོད་ཀྱི་ཕྱོགས་ཙམ་ལའང་གཏན་ནས་འགྲོ་རྒྱུ་ཡོད་མ་རེད། གང་ཡིན་ཟེར་ན། ད་ལྟ་བོད་དང་བོད་མིར་མཚོན་ན། འཇིག་རྟེན་འདི་ན་རྒྱ་ནག་གཞུང་ལས་ལྷག་གི་དགྲ་བོ་དང་གནོད་བྱེད་མཁན་ཞིག་ཡོད་པ་མ་རེད།
ཡིད་དགའ་ཡིས།
བསྟན་འཛིན་ཡིད་དགའ་ལགས་སུ། ཁྱེད་ནས་ཕྲན་ལ། ཕྱིར་སློག་བྱས་པའི་སྤེན་པ་ཚེ་རིང་མི་དཀྱུས་མ་ཞིག་རེད་མ་གཏོགས་རང་དང་དགྲ་བོ་གོང་ཁྲན་གྱིས་དོགས་གཞི་སྡང་པོ་བྱས་པའི་སྐུ་ངོ་སྤེན་པ་ཚེ་རིང་རེད་མི་འདུག་གོ། ག་དུས་ཡིན་ནི་དགྲ་ཕྱོགས་ལ་ལངས་ནས་རང་ཕྱོགས་ལ་སྡང་ཟིག་ཆེན་པོ་བྱེད་མ་འདུག ཁོ་རེ། དེ་ལ་གནའ་མི་བོད་ཀྱི་གཏམ་དཔེར་“རང་ཕོར་ནང་ལ་རང་སྐྱག་བཏང”ཟེར་རེད། དེ་ལྟར་བརྗོད་པར་ཁྱེད་ལ་ཕྲན་ནི་སྐུ་ངོ་སྤེན་པ་ཚེ་རིང་ལ་སྡང་ཟུག་ཅན་ཞིག་དང། གོང་ཁྲན་ཡིན་པའི་འདོགས་གཞི་ཡོད་པ། རང་ཕྱོགས་ལ་སྡང་ཟུག་བྱ་མཁན་ཡིན་པར་རྒྱུ་མཚན་བཤད་རྒྱུ་ཡོད་ན་ངོ་མཐུག་བྱས་ཆོག
བློ་བཟང་བཟོད་པ། ཁོ་རེ། ཁྱེད་ཀྱིས་མིག་སྐྱག་དེ་ཡག་པོ་འཁྲུས་ནས་དྲ་ལམ་ཁག་ཡར་མར་ཅིག་ལྟོས། དེ་ནས་སྐད་ཆ་ཞིག་བཤད་ན་མ་གཏོགས། རང་གིས་ལྐུགས་རྟགས་ཆེན་པོ་སྟོན་གདའ། གནད་དོན་དེ་ཆེན་པོ་ཡིན་ཙང་བོད་པའི་གསར་ལམ་ཆེ་ཁག་ནང་ཐེངས་གཉིས་རེ་ལ་ཐོན་ཟིན་པ་མ་ཟད། རྒྱ་གར་དང་ཨ་རི་སོགས་ཀྱི་བརྒྱུད་ལམ་དུ་ཐོན་པ་དང་། ཨ་རིའི་གཞུང་ཚབས་ཁང་གིས་བལ་ཡུལ་སྲིད་གཞུང་ལ་དྲི་བ་བཏང་ནས་ཚ་འདེད་གཏོང་གི་ཡོད་རེད། ཕྱིར་སློག་བྱས་པའི་སྤེན་པ་ཚེ་རིང་མི་དཀྱུས་མ་ཞིག་རེད་མ་གཏོགས་རང་དང་དགྲ་བོ་གོང་ཁྲན་གྱིས་དོགས་གཞི་སྡང་པོ་བྱས་པའི་སྐུ་ངོ་སྤེན་པ་ཚེ་རིང་རེད་མི་འདུག་གོ། ག་དུས་ཡིན་ནི་དགྲ་ཕྱོགས་ལ་ལངས་ནས་རང་ཕྱོགས་ལ་སྡང་ཟིག་ཆེན་པོ་བྱེད་མ་འདུག ཁོ་རེ། དེ་ལ་གནའ་མི་བོད་ཀྱི་གཏམ་དཔེར་“རང་ཕོར་ནང་ལ་རང་སྐྱག་བཏང”ཟེར་རེད།
བསྟན་འཛིན་ཡིད་དགའ་ནས་ཤ་ཚ་བའི་གཏམ་དུ་སྨྲས་པས་ཐུགས་ལ་མ་ཕོགས་རོགས།
བལ་ཡུལ་ནས་ཕྱིར་ལོག་བྱས་པའི་སྤེན་པ་ཚེ་རིང་ཞེས་པ་དེ་རྒྱ་གཞུང་དང། བལ་གཞུང། ཨ་རིའི་གཞུང། བོད་མིའི་སྒྲིག་ཚུགས་བཅས་ལ་གལ་གནད་ཆེ་བའི་མི་སྣ་ཞིག་ཡིན་ན། བཙན་བྱོལ་སྒྲིག་འཛུགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་དང།
རང་དབང་ཅན་གྱི་བཙན་བྱོལ་བོད་མིའི་གསར་ལམ་བང་ཆེན་དང། ཕ་ཡུལ། བོད་ཀྱི་ཉི་མ། ཨ་རིའི་རླུང་འཕྲིན། ཨེ་ཤའི་རླུང་འཕྲིན། ནོར་ཝེ་རླུང་འཕྲིན་བཅས་ནང་མི་ཐོན་པར་བོད་ཀྱི་དུས་བབས་ནང་ཐེངས་གཉིས་ཙམ་ཐོན་པ་ཅི་ཡིན་ནམ།
ཧཧཧཧཧཧ། དོན་མེད་སྐུ་ངོ་སྤེན་ཚེ་ལགས་སུ་བཅར་འདྲི་ཞུས་ན་གང་བྱེད་དམ། བཅར་འདྲི་ཞུས་ཐུབ་ན་ནལ་ཡུལ་གཞུང་ལ་ཞུས་དང་། དབུས་བོད་མའི་སྒྲིག་འཛུག་ལས་སྣེ་དགུ་ཙམ་་་་དོན་མེད་མང་གཞུང་ནག་པོ་ནག་ལ་བཀོད་ཡོད་རེད། བསྟན་འཛིན་བརྩོན་འགྲུས་ལགས་ཀྱང་མིང་གཞུང་དེ་ནང་ཡོད་སྐད་ཐོས་། འོན་ཀྱང་བལ་གཞུང་བཀག་ནའང་ཧང་སང་དགོས་ཡག་མ་རེད། ཁ་རང་གཥུང་ལ་ནུས་མེང་ཡིན་མངོན་རཉཏགས་རེད།
༄།ཨ་རི་སྤེན་པ་ཚེ་རིང་་་ཡུ་རོབ་སྤེན་པ་ཚེ་རིང་་་ལྷོ་ཕྱོགས་སྤེན་པ་ཚེ་རིང་་་་་སྤེན་པ་ཚེ་རིང་ཚང་མ་བལ་ཡུལ་ནང་འགྲོ་མི་ཆོག་པ་ཡིན་ནམ་།གནས་ཚུལ་འདི་ནི་གང་ཟག་བྱེད་བྲག་པ་རེ་ཟུང་གི་གནས་ཚུལ་ཙམ་མ་ཡིན་པ་བལ་ཡུལ་གཞུང་གི་བོད་མི་ཐོག་འཛིན་པའི་སྲིད་ཇུས་ཞིག་རེད།ད་དུང་བལ་ཡུལ་གཞུང་གི་ཞིབ་གཤེར་པ་རྣམས་ཀྱི་འོ་ཚད་ཀྱི་ཐག་བཅད་འདི་བལ་ཡུལ་ཀྱི་ཞབས་འདྲེན་རེད་དོ།།