མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་འགོད་པ་ཚོར་ཞི་ཅིན་ཕིན་གྱི་སྐོར་ལ་ཡིག་ཚད་གཏོང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༩/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་གཞུང་འབྲེལ་གསར་ཁང་ཁག་གི་གསར་འགོད་པ་ཚོར་གསར་འགོད་པའི་གནས་ཚད་ལྡན་མིན་ཞི་ཅིན་ཕིན་གྱི་དགོངས་དོན་ཞེས་པའི་སྐོར་ལ་ཡིག་ཚད་གཏོང་རྒྱུ་ཡིན་སྐོར་བསྒྲགས་འདུག  

ཁ་སང་ཕྱི་ཚེས་ ༢༠ ཉིན། གྷར་ཌན་གསར་ཁང་ (The Guardian)གིས་སྤེལ་པའི་གནས་ཚུལ་ནང་། འདས་པའི་ཟླ་གཅིག་གི་རིང་རྒྱ་ནག་གི་གསར་ཁང་སྒྲིག་གཞི་དོ་དམ་ཁང་གིས་པེ་ཅིན་དུ་ཡོད་པའི་གཞུང་འབྲེལ་གསར་ཁང་བཅུ་ལྷག་ལ་བརྡ་ཐོ་བཏང་སྟེ། གསར་འགོད་པ་ཚོར་གསར་འགོད་པའི་གནས་ཚད་ལྡན་མིན་ཐད། ཞི་ཅིན་ཕིན་གྱི་དགོངས་དོན་ལ་སྦྱོང་བ་བྱེད་པ་ཟེར་བའི་གཞུང་འབྲེལ་མཉེན་ཆས་ནང་གི་གནས་ཚུལ་སྐོར་ཡིག་ཚད་གཏོང་བར་གྲ་སྒྲིག་དགོས་པའི་བཀའ་བཏང་ཡོད་འདུག

རྒྱ་ནག་གི་གསར་ཁང་སྒྲིག་གཞི་དོ་དམ་ཁང་གི་སྐད་འཕྲིན་དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་ཞིག་གི་ནང་། གསར་ཁང་སྒྲིག་གཞི་དོ་དམ་ཁང་གི་དོ་དམ་འོག ཟླ་འདིའི་ཟླ་མཇུག་ཙམ་ལ་ཞི་ཅིན་ཕིན་གྱིས་སྤེལ་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཐོག་གཏམ་བཤད་དང་། ཞི་ཅིན་ཕིན་གྱི་དྲིལ་བསྒྲགས་ཐོག་གལ་ཆེན་བསམ་བློ་ཞེས་པ་གཉིས་ཚུད་པའི་གསར་འགོད་ལས་རིགས་ཀྱི་ཐོག་དོན་ཚན་ ༥ ཅན་གྱི་དྲ་ཐོག་ཚོད་ལྟའི་ཡིག་རྒྱུགས་ཤིག་ལེན་རྒྱུ་ཡིན་པ་བསྒྲགས་འདུག

མིང་བརྗོད་མེད་པའི་རྒྱ་ནག་ཧྲན་ཏུང་ (Shandong) གི་གསར་འགོད་པ་ཞིག་གིས། དབུས་དང་ས་གནས་ཀྱི་གསར་འགོད་པ་ཡོངས་རྫོགས་སྒྲིག་གཞི་དེ་ལས་ཐར་ཐབས་མེད་པ་རེད། ཅེས་དང་། དེ་ནི་མི་མང་གི་བསམ་ཚུལ་སྤེལ་བར་དམ་དྲག་བྱེད་པའི་གོམ་པ་ཞིག་སྤོས་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
སྤྱིར་འདི་ལོའི་ལོ་མགོར་རྒྱ་ནག་དམར་ཤོག་གཞུང་གིས་ཞི་ཅིན་ཕིན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་ཞེས་པའི་ཞི་ཅིན་གྱི་གཏམ་བཤད་དང་རྒྱ་ནག་དམར་ཤོག་གཞུང་གི་ལངས་ཕྱོགས་ཐོག་མི་མང་ལ་གོ་རྟོག་ཡོད་པའི་མཉེན་ཆས་ཤིག་བསྒྲགས་ཡོད་པ་དང་། ཉེ་ཆར་ནས་བཟུང་རྒྱ་ནང་གི་གསར་འགོད་པ་ཚོར་མཉེན་ཆས་དེའི་ནང་ཐོ་འགོད་དགོས་པའི་བརྡ་ཡིག་བཏང་སྟེ། གསར་འགོད་ལག་འཁྱེར་བསྐྱར་གསོ་ཡོང་བར་ཞི་ཅིན་ཕིན་གྱི་བསམ་བློ་ཅི་ཙམ་རྟོགས་ཡོད་མེད་ཀྱི་ཡིག་རྒྱུགས་གཏོང་རྒྱུ་ཡིན་འདུག་ལ། རྒྱ་ནག་དབུས་གཞུང་གིས་སྒྲིག་གཞི་དེ་མི་འགྱངས་བར་རྒྱལ་ཡོངས་སུ་ལག་བསྟེར་བྱ་རྒྱུ་ཡིན་འདུག

འདི་ལོའི་རྒྱལ་མཚམས་མེད་པའི་གསར་འགོད་པའི་སྙན་ཐོའི་ནང་རྒྱ་ནག་ནི་འཛམ་གླིང་གི་རྒྱལ་ཁབ་གྲངས་ ༡༨༠ ནས་གསར་འགོད་རང་དབང་སྡུག་ཤོས་ཨང་ ༡༧༧ ཡིན་པ་འཁོད་ཡོད་པ་དང་། རྒྱ་ནག་ནང་སྒེར་གྱི་གསར་འགོད་པ་བཙོན་འཇུག་དང་གསར་འགོད་ལས་རིགས་ཐོག་དམ་དྲག་བྱེད་པ་ནི་རྒྱུན་ལྡན་ཞིག་ཡིན་པ་མ་ཟད། ལྷག་པར་དུ་བོད་དང་ཤར་ཏུར་ཀི་སི་ཐན་གྱི་ཕྱོགས་སུ་ཕྱིའི་རྒྱལ་ཁབ་ཁག་གི་གསར་འགོད་པ་དང་རང་དབང་ཅན་གྱི་ཚོགས་སྡེ་འགྲོ་བར་བཀག་སྡོམ་དང་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    དམངས་གཙོ་གྲལ་རིམ་གཅིག་བསྡུད་འོག་མི་མང་ལ་གཏམ་བརྗོད་རང་དབང་དང་
    གསར་འགོད་རང་དབང་འགྲོ་སྡོད་ཀྱི་རང་དབང་ཆོས་ལུགས་ཀྱི་རང་དབང་སོགས་ཆ་
    ཚང་བཀག་ནས་གྲལ་རིམ་གཅིག་བསྡུད་ཀྱི་བརྒྱ་ཐག་གཅིག་གཅོད་ཀྱི་ལམ་ལུགས་འོག་
    མི་མང་འཚོ་དགོས་པ་ནི་དུས་རབས་ཉེར་གཅིག་ནང་རྒྱ་ནག་རང་ཉིད་འཛམ་གླིང་མི་མང་གི་
    མདུན་ངོ་ཚ་དགོས་པ་ཞིག་མ་རེད་དམ།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    རྒྱ་ནག་གི་རྩ་ཁྲིམས་ནང་མི་རིགས་འདྲ་མཉམ་དང་གསར་འགོད་རང་དབང་
    སོགས་འཁོད་ཡོད་པ་དེ་ད་ཆ་འཛམ་གླིང་མི་མང་གི་མདུན་རྒྱ་ནག་རང་གི་རྩ་ཁྲིམས་
    ལ་རྩི་མེད་རྡོག་རོལ་གཏོང་བཞིན་པ་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese