མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྗེ་རིན་པོ་ཆེ་དགོངས་རྫོགས་ཀྱི་ལོ་  ༦༠༠ འཁོར་བར་རྗེས་དྲན་ཞུས།

བོད་ཀྱི་དུས་བབ།
༢༠༡༩/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

༄༅། །འཛམ་གླིང་ཡུལ་གྲུ་གང་སར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་༸རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་གྲགས་པ་དཔལ་བཟང་པོ་མཆོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་འཐིམ་ཚུལ་བསྟན་ནས་ལོ་ངོ་  ༦༠༠ འཁོར་བའི་རྗེས་དྲན་བྱས་དང་བྱེད་མུས་བཞིན་འདི་ག་བལ་ཡུལ་དགེ་ལྡན་ལྷན་ཚོགས་དང་བལ་ཡུལ་དགེ་ལྡན་སྨོན་ལམ་ཚོགས་པ་ཐུན་མོང་ནས་ཀྱང་འདི་ལོར་རྗེས་འཇུག་པ་རྣམས་ཀྱིས་རྗེས་དྲན་མཚོན་པར་བྱེད་པའི་ཆེད་དུ་མཛད་རིམ་ཁག་ཅིག་གོ་སྒྲིག་ཞུས་ཡོད།

སྤྱི་ལོ་ ༢༠༡༩ སྤྱི་ཟླ་ ༡༡ པའི་ཚེས་ ༦ ཉིན་འདི་ག་ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང་གྲྭ་ཚང་དུ་རྗེ་བླ་མའི་རྗེས་དྲན་ཆེད་ཕར་ཕྱིན་བགྲོ་གླེང་ཆེན་མོ་ཐེངས་དང་པོ་ཚུགས་ཐུབ་པ་བྱུང་ཡོད་ཅིང་། བགྲོ་གླེང་ཆེན་མོའི་སྐུ་མགྲོན་གཙོ་བོར་བལ་ཡུལ་སྐུ་ཚབ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོ་མཆོག་དང་། བོད་མི་མང་སྤྱི་འཐུས་ལས་ཐོག་བཀྲིས་དོན་གྲུབ་མཆོག དེ་བཞིན་བོད་མི་མང་སྤྱི་ཟུར་རྣམ་པ་དང་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་ནོར་བུ་ཤར་པ་མཆོག གཞན་ཡང་༧སྐྱབས་རྗེ་ཆུ་བཟང་རིན་པོ་ཆེ་མཆོག་དང་དཔལ་ས་སྐྱའི་མཁན་པོ་འབྱོར་ལྡན་མཆོག་གི་གཙོས་དགོན་སྡེ་ཁག་གི་མཁན་རིན་པོ་ཆེ་རྣམ་པ་དང་། ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་དང་རྒྱུན་ལས། བགྲོ་གླེང་གི་གཙོ་སྐྱོང་བ་ལྷན་ཚོགས་ཀྱི་ཚོགས་ཟུར་ཤེལ་དཀར་ཆོས་སྡེའི་དཔེ་འཁྲིད་དགེ་རྒན་དགེ་བཤེས་ངག་དབང་སྐལ་བཟང་ལགས་ཀྱིས་གཙོས་གཙོ་སྐྱོང་བ་བཞི་དང་དགོན་སྡེ་ཁག་གི་དཔེ་འཁྲིད་རྒན་རྣམས་པ་ལྷན་འཛོམས་གནང་ཐུབ་ཡོད།

གཞན་ཡང་བགྲོ་གླེང་ཆེན་མོའི་ཐོག ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་རྣམ་པ་དང་ས་གནས་འགོ་འཛིན་རྣམ་པ། ས་གནས་ཆོལ་ཁ་གསུམ་གྱི་ཚོགས་གཙོ་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་ཚོགས་གཙོ་རྣམ་པ་ཕེབས་ཡོད་པ་དང་། དགོན་སྡེ་ཁག་གི་ཕྱག་མཛོད་དང་ཤེས་ཡོན་འགན་འཛིན། དགེ་བསྐོས་རྣམ་པ། ཆོས་རྒྱུད་ཆེན་པོ་བཞིས་གཙོས། བོ་དོང་སྤོ་རོང་དགོན་པའི་སློབ་གཉེར་བ་དང་། འཕགས་ཤིང་བོན་པོ་དགོན་པའི་སློབ་གཉེར་བ། བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ཁྱབ་ཁོངས་དགོན་ཁག་བཅུའི་འདུལ་མཛོད།  དབུ་མ། ཕར་ཕྱིན་བཅས་ལ་སློབ་གཉེར་བྱེད་བཞིན་པའི་སློབ་མ་དང་། ས་གནས་རྣམ་རྒྱལ་དང་སྲོང་བཙན་མཐོ་སློབ་ཀྱི་སློབ་མ་ལ་རྣམས་ཟུར་ཉན་དུ་བཅར་ཡོད་པ་བཅས། རྗེས་དྲན་བགྲོ་གླེང་ཆེན་མོ་དེ་ཉིད་ལེགས་པར་གྲུབ་ཐུབ་ཡོད།

མཛད་རིམ་གཉིས་པ། འདི་ལོའི་སྤྱི་ཟླ་ ༡༡ ཚེས་ ༦ ཉིན་འདི་ག་བལ་ཡུལ་དགེ་ལྡན་ལྷན་ཚོགས་ནས་དུས་རབས་ཉེར་གཅིག་གི་ནང་པའི་འགན་ཁྲིའམ་ཆོས་ལུགས་མཐུན་སྒྲིལ་གྱི་ལས་གཞི་ཞིག་སྤེལ་བའི་ཐོག སྐུ་མགྲོན་གཙོ་བོ་སྒྲུབ་རྒྱུད་བསྟན་པའི་བདག་པོ་༸སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་ཤྲི་ཆུ་བཟང་རིན་པོ་ཆེ་མཆོག ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་ནོར་བུ་ཤར་པ་མཆོག་དང་། ཆེད་དུ་ཕེབས་པའི་སྐུ་མགྲོན་བལ་གཞུང་གི་དཔོན་རིགས་ཁག་ཅིག་དང་། ཆོས་རྒྱུད་ཆེན་པོ་བཞིའི་ཚོགས་གཙོ་རྣམ་པ། རིས་མེད་མཁན་བླ་སྤྲུལ་རྣམ་པ། དགེ་བའི་བཤེས་གཉེན་དགེ་བཤེས་རྣམས་དང་། དགེ་བསྐོས་ཕྱག་མཛོད། ཤེས་ཡོན་འགན་འཛིན་རྣམ་པ། དེ་བཞིན་བོད་རིགས་ཧི་མ་ལ་ཡའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ་ལྷན་འཛོམས་གནང་ཡོད།

 བལ་ཡུལ་དགེ་ལྡན་ལྷན་ཚོགས་ཡིག་ཚང་ནས་ཕུལ།།  །།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༩ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

མཆན། 1

  1. ཨ་འབར་་་འཇིགས་དབང། says:
    ལོ་ 7 སྔོན།

    ཁྱེད་རྣམས་ལ་སྙིང་ཐག་པ་ནས་བཀྲིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese