མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནི་ཨབ་གྷ་ནི་སི་ཐན་ལྟ་བུ་ཞིག་ཏུ་འགྱུར་འགྲོ་ཡི་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གོ་ལ་ཚ་འགྱུར་སྐོར་གསུངས་སྐབས་དམག་འཁྲུག་ཐོག་འགྲོ་སོང་འབོར་ཆེན་གཏོང་བཞིན་པ་དེ་གནམ་གཤིས་སྲུང་སྐྱོབ་ཕྱོགས་སུ་གཏོང་མགོ་འཛུགས་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་གསུངས་འདུགཁ་སང་ཕྱི་ཚེས་ ༡༡ ཉིན། དབྱིན་ཡུལ་གྱི་ (Channel 4 News) གསར་ཁང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕྱག་དེབ་ང་ཚོའི་གཞི་ཁྱིམ་ཁོ་ན་ (Our Only Home) ཞེས་པ་དང་འབྲེལ་ནས་གནད་དོན་ཁག་ཅིག་གི་སྐོར་ལ་བཀའ་འདྲི་ཞུས་སྐབས་༧གོང་ས་མཆོག་གིས། གོ་ལ་ཚ་འགྱུར་གྱི་གནད་དོན་དེ་ནི་ཧ་ཅང་ཚབས་ཆེན་ཡིན་པ་དང་། གཙང་པོ་ཕལ་ཆེ་བ་སྐམ་པའི་དུས་ཤིག་ལ་བསླེབས་སྲིད་པ་དང་།  ནམ་རྒྱུན་བོད་ནི་འཛམ་གླིང་གི་ཡང་ཐོག་དུ་ངོས་འཛིན་བྱེད་ཀྱི་ཡོད་ལ། གཙང་པོ་ཆེ་ཁག་གི་ཁོངས་བོད་ཡིན་ནའང་། རིམ་བཞིན་བོད་ནི་ཨབ་གྷ་ནི་སི་ཐན་ (Afghanistan) ལྟ་བུ་ཞིག་ཏུ་འགྱུར་འགྲོ་ཡི་ཡོད་པ་རེད། ཅེས་འཛམ་གླིང་ཁྱོན་ཡོངས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་དགོས་སྐོར་གསུངས་འདུག

གསར་ཁང་དེའི་གསར་འགོད་པ་ཀི་ཤི་ནན་གུ་རུ་མོར་ཊི་(Krishnan Guru-Murthy) ལགས་ཀྱིས། འཛམ་གླིང་མགོ་འཁྲིད་དག་གིས་གནམ་གཤིས་འགྱུར་ལྡོག་དང་འབྲེལ་ནས་ལས་དོན་བྱེད་ཀྱི་ཡོད་སྐོར་བརྗོད་ཀྱི་ཡོད་སྟབས། ༧གོང་ས་མཆོག་གི་གཟིགས་ཚུལ་ལ་མགོ་འཁྲིད་དེ་དག་གི་ལས་དོན་ལ་ཕན་འབྲས་འབྱུང་གི་མེད་པའི་ཐུགས་སྣང་ཡོད་མེད་དང་། དམངས་གཙོའི་རྒྱལ་ཁབ་ཁག་གི་ནང་མི་མང་གིས་རང་ཉིད་ཀྱི་འོས་ཤོག་སྤྱད་དེ་གནམ་གཤིས་འགྱུར་ལྡོག་མཚམས་འཇོག་བྱེད་པར་འབད་བརྩོན་བྱེད་དགོས་མིན་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། གོ་ལ་ཚ་འགྱུར་གྱི་གནད་དོན་ཁ་གསལ་བཟོ་རྒྱུ་ནི་ང་ཚོའི་འོས་འགན་ཡིན་པ་དང་། རྒྱབ་ཁབ་ཆེན་པོ་དག་གིས་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་མང་བ་སྤྲོད་དགོས་ཀྱི་ཡོད་པ་རེད། དམག་འཁྲུག་དང་མཚོན་ཆའི་ཐོག་འགྲོ་སོང་ཧ་ཅང་འབོར་ཆེན་གཏོང་བཞིན་པའི་རྒྱལ་ཁབ་ཆེན་པོ་དེ་དག་གིས་རྒྱལ་ཁབ་སོ་སོའི་དངུལ་དེ་གནམ་གཤིས་སྲུང་སྐྱོབ་ཕྱོགས་སུ་གཏོང་མགོ་འཛུགས་པར་ངོས་ཀྱིས་རེ་བ་བྱེད་ཀྱི་ཡོད། ཅེས་དང་། ཐོག་མ་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནམ་གཤིས་འགྱུར་ལྡོག་དང་འབྲེལ་ནས་ལས་དོན་ཤུགས་ཆེར་གནང་དགོས་པ་དང་། དེང་སྐབས་སྔོན་མ་དང་མི་འདྲ་བར་ང་ཚོ་ཕན་ཚུན་དབར་གཅིག་ལ་གཅིག་བརྟེན་གྱི་གནས་སྟངས་སྔར་ལྷག་ཆེ་བའི་དུས་སྐབས་ཡིན་པ་རེད། ཅེས་གསུངས་འདུག

ཡང་༧གོང་ས་མཆོག་གིས། གལ་སྲིད་ངོས་རང་ཆབ་སྲིད་ཀྱི་ཚོགས་པ་ཞིག་ནང་འཛུལ་དགོས་བྱུང་ཚེ་ལྗང་ཁུ་ཚོགས་པའི་ (Green Party) ནང་འཛུལ་འདོད་ཡོད། ཁོང་ཚོའི་བསམ་བློ་ནི་ཧ་ཅང་ཡག་པོ་རེད། ཅེས་དང་། སློབ་གསོ་བརྒྱུད་སློབ་མར་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་མདོར་དྲིལ་ན་རང་ཉིད་སྲུང་སྐྱོབ་བྱེད་བཞིན་པ་ཞིག་ཡིན་པའི་སློབ་གསོ་སྤྲོད་དགོས་པ་རེད། རང་འདོད་ཆེན་པོའི་བསམ་བློ་གཏོང་བ་དེ་ཡིས་རང་ཉིད་ལ་དཀའ་ངལ་མང་བ་འཕྲད་ཀྱི་ཡོད་པ་རེད། ཅི་ཙམ་གཞན་ཕན་གྱི་ལས་བྱས་པ་ཡིན་ན་རང་ཉིད་ལ་དེ་ཙམ་གྱི་ཁེ་ཕན་ཐོབ་གྱི་ཡོད་པ་རེད། དེ་ནི་གསལ་པོ་རེད། རང་གཙོ་འཛིན་གྱི་བསམ་བློ་ཡིས་འཇིགས་སྣང་དང་དོགས་པ། ཁོང་ཁྲོ་བསྐྲུན་པ་རེད། གཞི་རྩའི་ཐོག་ནས་ང་ཚོ་མི་ཡིན་པ་གཅིག་གྱུར་ཡིན་པ་རེད། ཅེས་གསུངས་འདུགདེ་བཞིན་གསར་ཁང་དེའི་གསར་འགོད་པས་ཏོག་དབྱིབས་གཉན་རིམས་དང་འབྲེལ་ནས་འཛམ་གླིང་མི་མང་ཇི་ལྟར་འཚོ་གནས་དགོས་པ་དང་། མིའི་རིགས་ཀྱི་འཚོ་གནས་ལ་འགྱུར་བ་ག་རེ་གཏོང་དགོས་མིན་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། དེ་ནི་ཚབས་ཆེ་བའི་གནད་དོན་ཞིག་ཡིན་པ་རེད། སྨན་པ་དང་སྨན་ཞབས་ཚོ་ཡི་གཙོས་འཛམ་གླིང་ཁྱོན་ཡོངས་ཀྱིས་མཚམས་རེར་རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་གི་ཡོད་པ་རེད། ངོས་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ངོས་ཀྱི་ཕྱོགས་ནས་གཉན་རིམས་འདི་ཞི་ཐབས་སུ་གཟུངས་སྔགས་བགྲང་གི་ཡོད། སྨོན་ལམ་འདེབས་པ་ཁོ་ནས་འདང་ངེས་ཤིག་མེད་པ་རེད། རྒྱ་གར་གྱི་མཁས་པ་ཞིག་གིས་གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགར་ཅི་ཞིག་ཡོད།། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགའ་བྱས་ཅི་ཕན།། ཞེས་གསུངས་ཡོད་པ་ལྟར། ང་ཚོའི་མི་ཚེར་འགོ་ཡོད་སྟབས་མཇུག་ཞིག་ཡོང་ངེས་པ་རེད། ཅེས་གསུངས་འདུག

ཡང་གསར་འགོད་པས་གལ་སྲིད་༧གོང་ས་མཆོག་གིས་འཛམ་གླིང་འདི་འགྱུར་བ་ཇི་ལྟར་གཏོང་འདོད་ན་དེ་ལྟར་གཏོང་ཐུབ་ཚེ། འགྱུར་བ་ཇི་ལྟར་གཏང་རྒྱུ་ཡིན་སྐོར་བཀའ་འདྲི་ཞུས་པའི་ལན་དུ་༧གོང་ས་མཆོག་གིས། ངོས་ཀྱི་ཡིད་ཆེས་ལྟར་ན་ང་ཚོར་འགྲོ་བ་མིའི་རིགས་དུང་ཕྱུར་བདུན་ཅུ་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་དགོས་ཀྱི་འདུག གང་ཡིན་ཟེར་ན། ང་ཚོས་ངའི་རྒྱལ་ཁབ་དང་ཁོང་ཚོའི་རྒྱལ་ཁབ། ངའི་ཆོས་དང་ཁོང་ཚོའི་ཆོས། ཞེས་དབྱེ་བ་ཤུགས་ཆེན་འབྱེད་ཀྱི་ཡོད་པ་རེད། དེ་ཡིས་ད་ལྟའི་དཀའ་ངལ་འདི་དག་ཚང་མ་བཟོ་བཞིན་ཡོད་པ་རེད། ཅེས་གསུངས་འདུག

རྒྱ་ནག་དང་མཉམ་དུ་ཞི་བའི་ངང་གནས་ཐུབ་མིན་གྱི་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། རྒྱ་ནག་དང་མཉམ་གནས་ཐུབ་ངེས་པ་དང་ད་ལྟ་རྒྱ་ནག་ནི་འཛམ་གླིང་གི་ནང་པའི་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་པའི་སྐོར་གསུངས་སོང་བ་དང་། གསར་འགོད་པས་༧སྐུ་ཕྲེང་བཅུ་བཞི་པ་ནི་སྐུའི་ཡང་སྲིད་མཐའ་མ་དེ་ཡིན་མིན་སྐོར་ལ་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ངོས་རང་ཅི་ཙམ་འཚོ་གནས་བྱེད་རིང་གཞན་ལ་ཕན་ཐོགས་ཡོང་བའི་འབད་བརྩོན་ཞུ་བཞིན་ཡོད། མི་ཚེ་རྗེས་མ་ནི་ངོས་ཀྱི་ལས་དོན་མ་རེད། ངོས་ཀྱི་མི་ཚེ་རྗེས་མ་ནི་ཟླ་བའམ་གཟའ་ཆེན་མིག་དམར་སྟེང་དུའང་ཡོང་སྲིད་པ་ཞིག་རེད། ཅེས་གསུངས་འདུག

༧གོང་ས་མཆོག་གི་ཕྱག་དེབ་ང་ཚོའི་གཞི་ཁྱིམ་ཁོ་ན། འཛམ་གླིང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཞུ་འབོད་ཅིག་  (Our Only Home: A Climate Appeal to the World) ཞུ་བའི་ཕྱག་དེབ་དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་རྩོམ་པ་པོ་ Franz Alt རྣམ་གཉིས་ཀྱིས། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཤོག་གྲངས་ ༡༤༤ ཅན་གྱི་ཕྱག་དེབ་གསར་པ་ཞིག་ཡིན་པ་དང་། དེའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆབ་སྲིད་ཀྱི་སྲིད་བྱུས་གཏན་འབེབ་བྱེད་མཁན་ཚོས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐད་གདོང་ལེན་བྱེད་དགོས་པ་དང་འཛམ་གླིང་མི་མང་གིས་ཁོར་ཡུག་ལ་མཐུན་ཞིང་ཐབས་ལམ་མ་འདྲ་བ་སྤྱད་དེ། མི་རབས་གསར་པ་རྣམས་ལ་མ་འོངས་པའི་རང་ཉིད་ཀྱི་མདུན་ལམ་བསྐྱར་གསོ་བྱེད་པའི་ཐོབ་ཐང་ལ་ངེས་ཤེས་རྙེད་དུ་འཇུག་དགོས་པ་སོགས་གསུངས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༢༠ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༡ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 1

  1. བསོད་ནམས་རྒྱལ་མཚན། says:
    ལོ་ 6 སྔོན།

    Hello ? Krishnan Murthy. Aap Sai Salamat Hai Na. Climate Modi Se Puchh Le. རྒྱ་གར་གང་འདྲ་ཧམ་པ་འདུག བོད་པ་རོགས་པ་བྱེད་རྒྱུ་ཚབ་ལ་ འཁོར་ཡུག་དེ་ང་ཚོའི་སྒང་ལ་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese