མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕགས་ལམ་བཟོ་བར་ཕུག་ལམ་ ༤༧ བརྟོལ།

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་ཁྲོན་བོད་ལྕགས་ལམ་ནི་མ་འོངས་པར་ཡུན་ནན་དང་བོད་རང་སྐྱོང་ལྗོངས་ལྕགས་ལམ་གྱི་འབྲེལ་གནས་ཆགས་ཡོད་ཟེར།ཁ་སང་ཕྱི་ཚེས་ ༧ ཉིན། རྒྱ་ནག་གཞུང་འབྲེལ་ལྕགས་ལམ་བཟོ་སྐྲུན་ཨང་ ༡༩ པས་བོད་ཤར་ཕྱོགས་ཀྱི་མདོ་སྟོད་སྨད་གཉིས་ཀྱི་ཕྱེད་ཀ་ཚུད་པའི་སི་ཁྲོན་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་ལས་གཞི་ལས། བོད་ཀྱི་རྒྱལ་ས་ལྷ་ས་དང་ཉིང་ཁྲིའི་བར་གྱི་སྤྱི་ལེ་ ༢༡༦༥ ལྷག་ཡོད་པའི་རི་བྲག་བརྐོས་པའི་ཕུག་ལམ་ ༤༧ བརྟོལ་ནས་ལམ་ཚང་མ་ཕན་ཚུན་མཐུད་ཚར་ཡོད་པ་དང་། དེ་ནི་རྒྱ་ནག་གིས་འབོད་བཞིན་པའི་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་སྐབས་ཨར་ལས་ཐད་ཆེས་དཀའ་ངལ་ཡོད་པའི་ཕུག་ལམ་རིང་ཤོས་ཁག་ཅིག་གྲུབ་ཡོད་པར་བཤད།

གནད་དོན་དེའི་ཐད་ལྕགས་ལམ་བཟོ་སྐྲུན་བཀོད་འདོམས་ཁང་གི་འགན་འཛིན་ཧོ་ཞུས་ཟེར་བ་དེས། ཕུག་ལམ་ཨར་ལས་ཀྱིས་བྲག་རི་འབར་གས་དང་འཁྱགས་རོམ་གྱི་བང་རིམ་བརྒལ་བ། རླུང་བསགས་བྱེ་ཕུང་སོགས་འཛམ་གླིང་རིམ་པའི་ཕུག་ལམ་ཨར་ལས་ཀྱི་དཀའ་གནད་མང་པོ་ཞིག་དང་འཕྲད་པ་དང་། ལྷ་ཉིང་ལྕགས་ལམ་ནི་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་ཁྲོན་བོད་ལྕགས་ལམ་ཡིན་ཞིང་། དེ་ནི་མི་འགྱངས་པར་བསྐྲུན་རྒྱུའི་ཡུན་ནན་དང་བོད་རང་སྐྱོང་ལྗོངས་ལྕགས་ལམ་གྱི་འབྲེལ་གནས་ཆགས་ཡོད་པ་དང་། ལྕགས་ལམ་དེས་བོད་ལྗོངས་དེ་སི་ཁྲོན་དང་ཁྲུང་ཆིང་གི་དཔལ་འབྱོར་ཁུལ་དང་འབྲི་ཆུའི་དཔལ་འབྱོར་ཁུལ་དང་འབྲེལ་མཐུད་བྱུང་ནས་བོད་ལྗོངས་གསར་སྤེལ་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན་སྐོར་བརྗོད།

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྤེལ་བ་ལྟར་ན། ལྷ་ས་དང་ཉིང་ཁྲིའི་བར་གྱི་ལྕགས་ལམ་ནི་སི་ཁྲོན་དང་བོད་ཀྱི་རྒྱལ་ས་ལྷ་སའི་ལྕགས་ལམ་གྱི་མཐུད་མཚམས་ཆགས་ཀྱི་ཡོད་པ་དང་། ལྷ་ས་དང་ཉིང་ཁྲིའི་ལྕགས་ལམ་ནི་བོད་ལྗོངས་ཀྱི་ལྷོ་ཕྱོགས་སུ་གངས་ཏི་སེ་བརྒལ་ཏེ་ཡར་ཀླུང་གཙང་པོའི་ལུང་ཤུར་དུ་བསྐྱོད་ནས་གོང་དཀར་རྫོང་ནས་ཡར་ཀླུང་གཙང་པོ་བརྒལ་རྗེས་ལུང་ཤུར་བརྒྱུད་རྗེས། ཤར་ཕྱོགས་སུ་གྲ་ནང་དང་། སྣེ་གདོང་། ཟངས་རི། རྒྱ་ཚ། སྣང་རྫོང་། སྨན་གླིང་བཅས་བརྒྱུད་རྗེས་ཉང་ཆུ་བརྒྱུད་དེ་ཉིང་ཁྲིར་འགྲོ་བ་དང་།  ལྕགས་ལམ་ཧྲིལ་པོར་སྤྱི་ལེ་ ༢༡༦༥ དང་ཕུག་ལམ་ ༤༧ ཡོད་པ་དང་། ཕུག་ལམ་དེ་དག་ནང་སྤྱི་ལེ་ ༡༠ ཡན་གྱི་ཕུག་ལམ་རིང་ཤོས་དྲུག་དང་། ཟམ་པ་ ༡༢༠ ཡོད་པ་ལས་ཟམ་པ་ ༡༡༩ འཛུགས་སྐྲུན་ཚར་ཡོད་པ་དང་། སྔོན་དཔག་བྱས་ན་ཕྱི་ལོ་ ༢༠༢༠ ལོ་མཇུག་ཏུ་ལྕགས་ལམ་ཧྲིལ་པོ་ཚར་རྒྱུ་ཡིན་སྐོར་བརྗོད་འདུག

ད་ལྟའི་ཆར་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ནས་ལྷ་སར་མཐུད་པའི་གཞུང་ལམ་དང་ལྕགས་ལམ་སོགས་ཀྱི་མིང་ལ་མཚོ་བོད་ལམ་དང་ཁྲོན་བོད་ལམ། དེ་བཞིན་ནུབ་བོད་ལམ་སོགས་མིང་འདྲ་མིན་འོག་ནས་ལྕགས་ལམ་དང་གཞུང་ལམ་སོགས་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དང་། དེ་དག་གི་དམིགས་ཡུལ་ནི་བོད་ཀྱི་དཔལ་འབྱོར་ཡར་རྒྱས་དང་མཐའ་མཚམས་བརྟན་སྲུང་ལ་དམིགས་ཡོད་སྐོར་བརྗོད་བཞིན་པ་ལས། གཙོ་བོ་བོད་ཡུལ་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་ཡོང་ཐབས་དང་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་བོད་ཁུལ་དུ་རྒྱ་སྐྱེད་གཏོང་ཐབས། དེ་བཞིན་མྱུར་བགྲོད་ལྕགས་ལམ་དང་གཞུང་ལམ་ལས་གཞི་རྒྱ་བསྐྱེད་ཀྱིས་བོད་ནང་མཚོན་ཆ་དབོར་འདྲེན་དང་དྲག་དམག་གི་རྟེན་གཞི་ཚུགས་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་རིམ་པར་ཐོན་ཡོད་པ་རེད།

ཕྱི་ལོ་ ༢༠༡༦ ལོར་ཧོང་ཀོང་རང་དབང་གསར་ཁང་གིས་དབྱེ་ཞིབ་གསར་འགྱུར་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པའི་བསྟི་གནས་མང་པོ་འཛུགས་སྐྲུན་བྱས་ཏེ། ཕྱི་ལོ་ ༢༠༢༠ ལོར་བོད་ཁུལ་དུ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་ལོ་རེར་ས་ཡ་ ༣༥ ཟིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་།  ཕྱི་ལོ་ ༢༠༠༥ ལོར་བོད་ཁུལ་དུ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ ༤ ལས་འབྱོར་མེད་ན་ཡང་། ཕྱི་ལོ་ ༢༠༠༦ ལོར་བོད་ཁུལ་དུ་ལྕགས་ལམ་འཛུགས་སྐྲུན་བྱས་པ་ནས་བཟུང་། བོད་ཁུལ་དུ་ལོ་རེར་ཆ་སྙོམས་ཡུལ་སྐོར་སྤྲོ་འཆམ་པ་བརྒྱ་ཆ་ ༢༠ ཇེ་མང་དུ་སོང་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ ༢༤ ཟིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

ཆུ་ཚོད་ ༡ སྔོན་ལ།
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣
༸གོང་ས་མཆོག གསར་འགྱུར།

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

༢༠༢༦/༠༧/༡༣
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese