མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིན་ཀྲི་ཆིང་ལ་འདྲི་ཞིབ་བྱེད་བཞིན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཞི་ཅིན་ཕིན་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་འཐུས་ཤོར་བཏང་ཡོད་པའི་སྐྱོན་བརྗོད་བྱེད་མཁན་ཕྱུག་བདག་རིན་ཀྲི་ཆིང་བཀག་ཉར་འོག་འདྲི་ཞིབ་བྱེད་ཀྱི་ཡོད་འདུགཁ་སང་ཕྱི་ཚེས་ ༨ ཉིན། རྒྱལ་སྤྱིའི་གསར་འགྱུར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་ཝུ་ཧན་གྱི་ཏོག་དབྱིབས་རིམས་ནད་དང་འབྲེལ་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་ལ་སྐྱོན་བརྗོད་རྩོམ་ཡིག་འབྲི་མཁན་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་པེ་ཅིན་གྱི་ས་ཁང་ཚོང་བསྒྱུར་བ་རིན་ཀྲི་ཆིང་(Ren Zhiqiang)གར་སོང་ཆ་མེད་དུ་གྱུར་ནས་ཟླ་གཅིག་མ་ཟིན་ཙམ་སོང་རྗེས། རྒྱ་ནག་གཞུང་གིས་ཁོས་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱས་ཡོད་པའི་ཉེས་མིང་འོག་འདྲི་ཞིབ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

གནད་དོན་དེའི་ཐད་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས། རིན་ཀྲི་ཆིང་གིས་གཞུང་གི་བཅའ་ཁྲིམས་དང་རྩ་ཁྲིམས་ལ་ཚབས་ཆེན་འགལ་བའི་བྱ་སྤྱོད་སྤེལ་ཡོད་པས། ད་ལྟ་འདྲི་ཞིབ་ལྟ་རྟོག་འོག་ཡོད་སྐོར་བརྗོད་པ་ལས། གཞན་གནད་དོན་ག་འདྲ་ཞིག་གི་ཐོག་ནས་ཁྲིམས་སྒྲིག་དང་འགལ་ཡོད་པ་དང་། ཁྲིམས་ལུགས་ག་རེ་བརྩི་སྲུང་མ་བྱས་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་བརྗོད་མེད་པ་མ་ཟད། ཁོང་གི་གནད་དོན་ཐད་གསར་ལམ་ཁག་ལ་ལན་འདེབས་གང་ཡང་བྱེད་ཀྱི་མེད་འདུག

རིན་ཀྲི་ཆིང་གི་གྲོགས་པོ་ཞིག་གིས་ཨལ་རྗེ་ཛེ་རཱ(ALJZEERA)གསར་ཁང་ལ། རིན་གྱིས་ཏོག་དབྱིབས་རིམས་ནད་ཀྱི་གནད་དོན་དང་འབྲེལ། རྒྱ་ནག་གཞུང་གིས་འཐུས་ཤོར་དང་ཞི་ཅིན་ཕིན་གྱི་ལས་དོན་བྱེད་ཕྱོགས་སྐོར་ནས་དགག་རྩོམ་ཞིག་བྲིས་པ་དང་འབྲེལ། ཕྱི་ཟླ་ ༣ པའི་ཟླ་དཀྱིལ་ཙམ་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ད་ལྟའི་ཆར་སྲིད་གཞུང་གིས་ཁོང་ལ་ཁྲིམས་སྒྲིག་དང་འགལ་ཡོད་པའི་ནག་ཉེས་བཙུགས་ཡོད་ཀྱང་། དེ་ནི་རྒྱ་ནག་གཞུང་གིས་ནམ་རྒྱུན་ནག་ཉེས་གཡོག་སྟངས་ཤིག་ཡིན་པ་ལས་དོན་དངོས་སུ་ཀྱི་གནད་དོན་རྩོམ་ཡིག་དེ་དང་འབྲེལ་བ་ཡོད་སྐོར་བརྗོད་འདུག

རིན་ཀྲི་ཆིང་གིས་ཕྱི་ཟླ་ ༣ ཚེས་ ༨ ཉིན། སྒེར་གྱི་སྤྱི་ཚོགས་དྲ་ལམ་པོད་འཕྲིན་སྟེང་། ཞི་ཅིན་ཕིན་ནི་དབང་ཆ་ལ་རྔམ་མཁན་ཞིག་ཡིན་པ་དང་། རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་བྱུང་སྐབས་དམར་ཤོག་ཚོགས་པས་སྨྲ་བརྗོད་རང་དབང་ཚོད་འཛིན་བྱས་པ་ལ་བརྟེན་ཁྱབ་བརྡལ་ཤུགས་ཆེ་རུ་ཕྱིན་ཏེ། ད་ལྟ་འཛམ་གླིང་ཡོངས་ཛ་དྲག་ཅན་ཏུ་བསྒྱུར་པ་སོགས་ཞི་ཅིན་ཕིན་དང་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱས་པའི་རྩོམ་ཡིག་ཅིག་བྲིས་པ་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁོང་གི་རྩོམ་ཡིག་དེ་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་གླེང་སློང་ཆེན་པོ་བྱུང་བ་དང་འབྲེལ་དྲ་ལམ་ཁག་ནས་ནག་བསུབ་བཏང་ཡོད་པ་རེད།

ཁོང་གི་རྩོམ་ཡིག་དེ་དང་འབྲེལ། རྒྱ་ནག་ནང་སྔ་རྗེས་སུ་ཞི་ཅིན་ཕིན་གཞུང་ལ་སྐྱོན་བརྗོད་དང་ཞི་ཅིན་ཕིན་སྲིད་སྟེགས་ནས་མར་འབབ་དགོས་པའི་རྩོམ་ཡིག་དང་། དམར་ཤོག་ཚོགས་པའི་དབང་སྒྱུར་སྲིད་བྱུས་ཐད་མིང་རྟགས་བཀོད་པའི་ཞུ་ཡིག་སོགས་རིམ་པར་བསླེབས་ཡོད་པ་དང་། དེ་དག་གི་ཁྲོད་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྒན་གྲས་དང་། རྒྱ་ནག་ཕྱི་ནང་གཉིས་ཀྱི་དམངས་གཙོ་དོན་གཉེར་བ་དང་རང་དབང་འཐབ་རྩོད་པ། ལས་འགུལ་བ་སོགས་ཡོད་འདུག

རྒྱལ་སྤྱིའི་ཆབ་སྲིད་དཔྱད་བརྗོད་པ་ཚོས་ཏོག་དབྱིབས་རིམས་ནད་ཀྱི་གནད་དོན་དང་འབྲེལ། རྒྱ་ནག་གཞུང་གིས་རྒྱ་ནག་མི་མང་དང་རྒྱལ་སྤྱིའི་སྤྱི་ཚོགས་གཉིས་ལ་ཕྱི་གསལ་ནང་གསལ་བྱས་མེད་པ་མ་ཟད། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་འགོག་རྒོལ་ལ་གྲུབ་འབྲས་ཐོན་ཡོད་པ་སོགས་དྲིལ་བསྒྲགས་སྣ་ཚོགས་བྱས་ཏེ། མི་མང་གི་ཀླད་པ་བཀྲུ་ཐབས་བྱེད་བཞིན་ཡོད་ཀྱང་། ཏོག་དབྱིབས་རིམས་ནད་དང་འབྲེལ་རྒྱ་ནག་མི་མང་དང་ལྷག་པར་དུ་ན་གཞོན་མང་པོ་ཞིག་གིས་དམར་ཤོག་ཚོགས་པའི་ངོ་གདོང་དངོས་སུ་མཐོང་ཐུབ་ཡོད་པ་མ་ཟད། དམར་ཤོག་ཚོགས་པའི་མཐོ་རིམ་མགོ་འཁྲིད་ནང་ཁུལ་ལ་ལྟ་ཚུལ་མི་མཐུན་པ་ཡོང་བཞིན་ཡོད་པས། ཏོག་དབྱིབས་རིམས་ནད་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་གྱི་རྨི་ལམ་ལས་སླ་བོའི་ངང་རྨེག་མེད་དུ་བཏང་ཡོད་སྐོར་བརྗོད་བཞིན་ཡོད་པ་རེད།

རིན་ཀྲི་ཆིང་ནི་ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་ཧྲན་ཏུང་ཞིང་ཆེན་དུ་སྐྱེས་ཤིང་ད་ལོ་ལོ་ན་ ༦༩ ཡིན་པ་དང་། ཁོང་གི་ཨ་ཕ་རིན་ཆཱན་ཧྲིན(Ren Quansheng)ནི་དེ་སྔ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོང་ལས་བློན་ཆེན་བྱས་མྱོང་ཡོད་འདུག ཕྱི་ལོ་ ༡༩༦༨ ལོར་རིན་ཀྲི་ཆིང་རྒྱ་ནག་དམར་ཤོག་ཚོགས་པའི་མི་མང་བཅིངས་གྲོལ་དམག་ཁུངས་སུ་འཛུལ་ཞུགས་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༨༡ ལོ་ནས་དམག་ཁུངས་ནས་བུད་དེ་དམར་ཤོག་ཚོགས་པའི་ལས་གཉེར་ཁྲོད་ཞུགས་ཡོད་པ་དང་། ཕྱི་ལོ་ ༡༩༨༥ ཁོང་ལ་ནག་ཉེས་གང་ཡང་མེད་པར་ལས་ཁུངས་ཀྱི་སྒྲིག་ཁྲིམས་མ་རྩིས་སྐོར་བརྗོད་ནས་ཟླ་བ་ ༡༤ རིང་བཙོན་འཇུག་བྱས་ཡོད་འདུག ཁོང་ནི་ནམ་རྒྱུན་རྒྱ་ནག་གཞུང་གི་གསར་འགོད་རང་དབང་དང་དབང་སྒྱུར་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་པ་དང་། རྒྱ་ནག་གི་ཕྱུག་བདག་དང་ཚོང་གཉེར་བ་གྲགས་ཆེན་ཞིག་ཀྱང་ཡིན་འདུག ཁོང་གི་ཝེ་པོ་སྤྱི་ཚོགས་དྲ་རྒྱའི་ནང་རྗེས་འཇུག་མཁན་མི་གྲངས་ས་ཡ་ ༣༧ ལྷག་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༤ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༦ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༧ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese