མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སི་མཆོག་ལ་ཐུགས་གསོ་གནང་།

བོད་ཀྱི་དུས་བབ།
༢༠༢༠/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སི་ཇོན་སན་མཆོག་ཅུང་དྲག་སྐྱེད་ཡོང་བཞིན་པར་འཚམས་འདྲི་དང་སྦྲགས་ཏོག་དབྱིབས་ནད་ཡམས་ཀྱིས་འདས་གྲོངས་སུ་ཕྱིན་པའི་དབྱིན་ཡུལ་མི་མང་གི་ཤུལ་ལུས་རྣམས་ལ་ཐུགས་གསོ་གནང་འདུགདེ་རིང་དབྱིན་ཡུལ་གྱི་སྲིད་བློན་སྐུ་ཞབས་བྷོ་རི་སི་ཇོན་སན་མཆོག་མྱུར་སྐྱོབ་སྨན་བཅོས་ཁང་ནས་ཕྱིར་ཐོན་ཏེ་སྤྱིར་བཏང་གི་སྨན་ཁང་ཞིག་ཏུ་མུ་མཐུད་སྨན་བཅོས་གནང་བཞིན་ཡོད་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་སྲིད་བློན་བྷོ་རི་སི་མཆོག་ཏོག་དབྱིབས་ནད་ཡམས་ལས་གང་མགྱོགས་དྲག་སྐྱེད་བྱུང་སྟེ། བསྐྱར་དུ་དབྱིན་ཡུལ་གྱི་རིམས་འགོག་ལས་དོན་གྱི་སྣེ་འཁྲིད་ཐུབ་པའི་ཐུགས་རེ་གནང་བཞིན་ཡོད་སྐོར་གསུངས་འདུག

སྲིད་སྐྱོང་མཆོག་ནས་སྲིད་བློན་བྷོ་རི་སིའི་མཚན་ཐོག་ལ་ཕྱག་ཡིག་ཅིག་བསྐུར་གནང་བའིི་ནང་། སྲིད་བློན་ཁྱེད་སྙུང་གཞི་བཞེས་ཏེ་སྨན་ཁང་དུ་བཞུགས་དགོས་བྱུང་བར་བློ་ཕམ་བྱུང་ཡང་། ད་ལྟ་ཁྱེད་རང་དྲག་སྐྱེད་འབྱུང་བཞིན་པའི་གནས་ཚུལ་དེ་ཐོས་པར་དགའ་པོ་བྱུང་། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ཁྱེད་རང་གང་མགྱོགས་དྲག་སྐྱེད་ཡོང་རྒྱུའི་རེ་སྨོན་ཞུ་བཞིན་ཡོད། ཅེས་དང་། ཏོག་དབྱིབས་ནད་ཡམས་ལས་རྐྱེན་འདས་སོང་བའི་དབྱིན་ཡུལ་གྱི་མི་སེར་ཚོའི་ཤུལ་ལུས་ནང་མི་ཚོར་སྙིང་ཐག་པ་ནས་སེམས་གསོ་བྱེད་ཀྱི་ཡོད་ལ། རང་དོན་དོར་ནས་ལྷག་བསམ་ཟོལ་མེད་ཀྱིས་ཏོག་དབྱིབས་ནད་ཡམས་ལ་འགོག་རྒོལ་གྱི་ལས་འགུལ་ནང་ཞུགས་པའི་དབྱིན་ཡུལ་གྱི་རྒྱལ་ཡོངས་སྨན་བཅོས་ཞབས་ཞུ་བ་དང་། གཞུང་གི་ལས་བྱེད་ཡོངས་ལའང་སྨོན་ལམ་འདེབས་ཀྱིན་ཡོད། ཅེས་གསུངས་འདུག

མཐའ་མཇུག་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་དབྱིན་ཡུལ་གྱིས་སྲིད་བློན་བྷོ་རི་སི་མཆོག་ཏོག་དབྱིབས་ནད་ཡམས་འདི་ནས་གང་མྱུར་དྲག་སྐྱེད་བྱུང་སྟེ། ཡུལ་དེའི་ཏོག་དབྱིབས་རིམས་འགོག་ལསདོན་གྱི་སྣེ་འཁྲིད་རྒྱུར་རེ་ལྟོས་བྱེད་བཞིན་ཡོད་སྐོར་གསུངས་འདུགརང་ལོ་ ༥༥ ཡིན་པའི་དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སི་མཆོག་གིས་ཟླ་བ་སྔོན་མའི་ཚེས་ ༢༧ ཉིན། རང་ཉིད་ལ་ཚ་བ་དང་གློ་བསྟུད་མར་བརྒྱབ་པའི་རྐྱེན་གྱིས་བརྟག་འབྲས་སུ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་གསལ་བསྒྲགས་བྱས་ཏེ། ཟུར་བཅད་འོག་མུ་མཐུད་སྲིད་བློན་གྱི་ལས་འཁུར་ཞུས་ཡོད་ཀྱང་། ཉིན་གྲངས་བཅུའི་རྗེས་ཏེ་ཟླ་འདིའི་ཕྱི་ཚེས་ ༥ ཉིན་གནས་སྟངས་ཅུང་ཛ་དྲག་ཏུ་གྱུར་བའི་རྐྱེན་གྱིས་སྨན་ཁང་དུ་སྡོད་དགོས་བྱུང་ཡོད་པ་མ་ཟད། ཕྱི་ཚེས་ ༦ ཉིན་ཁོང་གི་གནས་སྟངས་དེ་བས་ཛ་དྲག་ཏུ་གྱུར་བའི་རྐྱེན་གྱིས་ཛ་དྲག་མྱུར་སྐྱོབ་བྱེད་སའི་སྨན་བཅོས་ཁང་དུ་སྡོད་དགོས་བྱུང་བ་རེད།

ཨ་རིའི་ཇོན་ཧོབ་སི་ཀིན་གཙུག་ལག་སློབ་གྲྭའི་ཏོག་དབྱིབས་ནད་ཡམས་ཞིབ་འཇུག་ཁང་གི་གྲངས་ཐོ་ལྟར་ན། དེ་རིང་ཉིན་གུང་ཆུ་ཚོད་བར་དབྱིན་ཡུལ་ཡོངས་སུ་ཁྱོན་ཏོག་དབྱིབས་ནད་པའི་གྲངས་འབོར་ ༦༥,༨༧༢ ལ་འཕར་ཡོད་ཅིང་། དེའི་ཁྲོད་ནས་ད་བར་ནད་པ་ ༧,༩༧༨ རྐྱེན་འདས་སོང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

His Holiness the Dalai Lama teaching at Karsha Phodrang in Zanskar, Ladakh, India on July 25, 2025. (Photos by Tenzin Choejor)
༸གོང་ས་མཆོག གསར་འགྱུར།

ལ་དྭགས་གླེ་རུ་ཆར་ཤུགས་ཆེ་བའི་རྐྱེན་གྱིས་ཆིབས་བསྒྱུར་ཕྱིར་འགྱངས་གནང་།

ཆུ་ཚོད་ ༢༣ སྔོན་ལ།
Ven. Zega Gyatso Arrested. Photo :Tibettimes 2025/8/25
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་འཛིན་བཟུང་བྱས་འདུག

༢༠༢༥/༠༨/༢༥
རྒྱ་གར་བྱང་ཕྱོགས་ལྡེ་ར་རྡུན་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་བཀྲ་ཤིས་འཁྱིལ་དགོན་པར་རིགས་གྲྭ་རིག་པའི་རལ་གྲི་རྗེ་སྐལ་བཟང་བསྟན་པ་རབ་རྒྱས་མཆོག་དགུང་གྲངས་བརྒྱའི་སྟེང་སྐུ་གཤེགས་ཡོད་འདུག ༢༠༢༥།༨།༢༥
Mobile App

རིགས་གྲྭ་རིག་པའི་རལ་གྲི་རྗེ་སྐལ་བཟང་བསྟན་པ་རབ་རྒྱས་མཆོག་དགུང་གྲངས་བརྒྱའི་སྟེང་སྐུ་ཞི་བར་གཤེགས།

༢༠༢༥/༠༨/༢༥
བོད་བོང་སྟག་མུ་རུའི་རྩྭ་ཐང་དུ་མི་ལོ་ ༤༠ ལྷག་རིང་རྡོ་སོལ་སྔོག་འདོན་བྱས། ༢༠༡༨ དྲ་ལམ་གྱི་པར།
Mobile App

ལོ་ལྔའི་ནང་རྒྱ་ནག་གཞུང་གིས་སྔར་ལྷག་རྡོ་སོལ་སྔོག་འདོན་བྱ་རྒྱུ་ཡིན་འདུག

༢༠༢༥/༠༨/༢༥
Mobile App

མདོ་སྨད་གཙང་དགོན་པའི་གྲྭ་ཤེར་བཟང་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བློས་བཏང་།

༢༠༢༥/༠༨/༢༢
སྲིད་སྐྱོང་མཆོག་གིས་སུ་ཇཱ་བོད་ཁྱིམ་གྱི་དགེ་སློབ་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༨།༢༡ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ནང་བྱིས་པ་རྣམས་རྒྱ་སྐད་བཤད་མཁན་ཆགས་པ་དང་བཙན་བྱོལ་ནང་བོད་སྐད་ལ་དོ་སྣང་མ་བྱས་ན་འགྲིག་གི་མ་རེད།

༢༠༢༥/༠༨/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese