མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་དབྱིབས་ནད་རྫས་སྐོར་གྱི་མཐོང་ཐོས་དོགས་གསུམ།

བོད་ཀྱི་དུས་བབ།
༢༠༢༠/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

མཁན་པོ་ཤེས་རབ་ཆོས་འཕེལ། ཆོས་ཐང་དགོན།

ནད་རྫས་ཀྱི་ངོ་བོ།

བཅུ་དགུ་པའི་ཏོག་དབྱིབས་རིམས་རྫས་འདི་ནི་གཟུགས་སུ་གྲུབ་པའི་རྡུལ་ཤིན་ཏུ་ཆུང་བ་ཞིག་ཡིན་ལ། མངོན་གསུམ་གྱི་བློ་རགས་པའི་སྤྱོད་ཡུལ་ལས་འདས་པ་ཞིག་རེད། འོན་ཀྱང་ཕྲ་མཐོང་རྒྱང་ཤེལ་གྱིས་བརྟག་ན་ཕྲ་རབ་བརྒྱད་འདུས་ཀྱི་རྡུལ་ཕྲན་ལས་ཆེ་བ་ཡིན་མོད་ཀྱང་མི་རང་ག་བའི་སྐྲ་ཉག་མ་གཅིག་ཆ་སྟོང་དུ་ཕྱེས་པའི་ཆ་གཅིག་གི་བོངས་ཚོད་དང་ལྡན་པ་ཞིག་ཡིན། དེ་ཡང་རྡུལ་རྫས་དུ་མ་འདུས་པའི་གོང་བུ་ཞིག་ཡིན་པ་མ་ཚད། ཆེ་ཆུང་ལ་ན་ནོ་མེའི་ཁྲི་100(nm)ཡོད་པ་དང་ཕྱིའི་དབྱིབས་ནི་རླུག་རིལ་ལྟ་བུ་ཞིག་ཡིན། དེའི་ནང་ལ་སྒོ་ངའི་དཀྱིལ་གྱི་སེལ་པོ་བཞིན་དུ་སྙིང་པོའི་རིགས་རྫས་ཡོད། མོ་ཊའི་སྣུམ་བཞིན་འབྱུང་བ་ལྔའི་ནང་གི་ཆུའི་རིགས་དང་སའི་རིགས་གཉིས་ཀ་དང་ལྡན་པ་ཞིག་ཡིན་པ་ལས་སྐམ་པོ་རྡོ་ཐལ་ནང་བཞིན་ཞིག་མ་ཡིན།

སྐྱེ་འཇིག་གནས་གསུམ།

ཏོག་དབྱིབས་ནད་རྫས་འདི་ཡང་རྩྭ་མགོའི་ཟིལ་བ་བཞིན་མི་རྟག་པའི་བདག་ཉིད་དུ་གྲུབ་པ་ཡིན་པས་ནུས་པ་ཇེ་རྙིང་དང་ཇེ་ཞན་དུ་འགྲོ་རུ་ཡོད། འོན་ཀྱང་ཁེར་རྐྱང་དུ་འདུག་མི་ནུས་པ་དང་རང་སྐྱ་མི་ཐུབ་ཡིན་པས་དངོས་པོ་གཞན་དང་གཞན་གྱི་སྟེང་དུ་སྤུ་ཉག་བཞིན་འབྱར་ནས་གནས་མཁན་ཞིག་ཡིན། མིའི་ལུས་ཀྱི་བྱིང་ཁོག་སྤྱི་དང་ལྷག་པར་གློ་བའི་ནང་དུ་གནས་པ་རྒྱུན་རིང་བ་ཡིན་པ་མ་ཟད། རིང་སྲེལ་འཕེལ་བ་བཞིན་མིའི་ལུས་ནང་དུ་རིགས་རྫས་དེས་བུ་ཕྲུག་སྐྱེད་པ་བཞིན་གཅིག་ནས་གཅིག་སྐྱེད་པར་བྱེད་པ་དང་འཕེལ་བར་བྱས་ཏེ་མིའི་ལུས་ཀྱི་གཅིན་སྐྱག་ཁྲག་གསུམ་དང་། མཆི་སྣབས་རྔུལ་གསུམ་དང་འགྲོགས་ནས་ཕྱི་རོལ་ལ་འཕོ་ཞིང་གནས་པར་བྱ། མིའི་ལུས་པོ་དང་ཁ་བྲལ་ཚེ་ཕྱི་རོལ་གྱི་ལྕགས་སོགས་ཀྱི་སྟེང་དུ་སྐྱེ་འཕེལ་མི་ཐུབ་ཀྱང་ཡུན་རིང་པོར་ནུས་ལྡན་དུ་གནས་ཐུབ། ནུས་ལྡན་དུ་གནས་པའི་ཡུན་ཚད་ནི་ཉུང་མཐར་ཆུ་ཚོད་གསུམ་དང་རིང་མཐར་ཉིན་གསུམ་བར་ཡིན། དེ་ཡང་འགོ་གཞིའི་དངོས་པོ་མི་འདྲ་བ་ལ་གནས་ཡུན་མི་འདྲ་བ་ཡོད།

དངོས་པོ། ཡུན་ཚད
འགྱིག་དང་བཙའ་མེད་ལྕཊ་རིགས། ཉིན་ཞག་༣
ཟངས་རིགས། དུས་ཚོད་༤
ཤོག་སྒམ། དུས་ཚོད་༢༤
མི་ཡི་དྲི་མ་ཁྱབ་ཁོངས་ནང་(Airborne Aerosol) དུས་ཚོད་༣
འཁྱག་སྒམ་ནང་དུ། ལོ་གཅིག

ཆུ་ཚན་དང་ཇ་ཚ་བོ་ལྟ་བུའི་འབྱུང་བ་མེ་སྟོབས་ལྡན་དང་འཕྲད་ཚེ་འགྱིག་དང་ལ་ཅཱ་བཞིན་དུ་འགྱུར་ནས་ནུས་མེད་དུ་ཆགས་འགྲོ་བ་དང་། འཁྲུད་རྫས་ཆང་ཅན་དང་སྐྱུར་ཅན་སོགས་དང་འཕྲད་ཚེ་གནམ་ལྕགས་མགོ་ལ་ལྷུང་བ་བཞིན་འཐོར་ཞིག་ཏུ་འགྲོ་བ་ཡིན།།

ཇི་ལྟར་འགོ་ཚུལ།

འདི་ནི་ཐོག་རེག་ཅན་གྱི་གཟུགས་སུ་གྲུབ་པ་ཡིན་པས་ཅ་ལག་སོགས་དངོས་རྫས་གཞན་གྱི་སྟེང་དུ་ཐོག་པ་དང་རེག་འབྱར་བྱ་བ་ཞིག་ཡིན། ད་དུང་ལྗིད་ཁོག་ཀྱང་ཡོད་པས་རྩམ་སྐྱ་བཞིན་ས་ལ་འབབ་རྒྱུ་ཞིག་ཡིན་པ་ལས་མཁའ་རླུང་གི་ཉི་རྡུལ་བཞིན་བར་སྣང་ལ་འཕུར་ལྡིང་བྱ་རྒྱུ་ཞིག་མིན། ཆུ་དང་འཕྲད་ཚེ་རྡོ་ཁབ་ལེན་བཞིན་ཆུས་སྡུད་པར་བྱས་ནས་ཉ་གཅོང་ལྟར་ཆུ་ཡིས་འཁྱེར། ལྷག་པར་མིའི་ལུས་ནས་བཏོན་པའི་མཆི་མ་དང་རྔུལ་ཆུ་རྣམས་ནི་རྟ་ཕོ་བཞིན་དུ་ཞོན་ནས་བསྐྱོད་དེ་སྣུམ་ནག་བཞིན་དུ་ག་ས་ག་བར་འགོ་བར་བྱ། ཏོག་ནད་ཅན་གྱི་མིའི་ལུས་ནས་ཕྱིར་མཆེད་སྐབས་ལུས་ཀྱི་དྲི་མ་བཞིན་དུ་ཕྱོགས་བཅུ་ལ་ཁྱབ་ཅིང་། རྒྱ་ཁྱོན་ཡང་མིའི་ལུས་ཀྱི་དྲི་མ་ཁྱབ་ཚད་ཀྱི་རྒྱ་ཁྱོན་དང་གཅིག་པ་ཡིན། དེའི་ཁྱབ་ཚད་ལ་མེས་ཁྲི་གཅིག་དང་ཕྱེད་ལྷག་ཡོད། །

འགོས་འབྲས།

ནད་རྫས་འདི་མིའི་ལུས་ཁོག་ནང་དུ་སོང་ན་ངོ་བོ་སྟོབས་ལྡན་དུ་འགྱུར་བ་མ་ཟད། ཕྲུ་གུ་འཕེལ་བ་བཞིན་གཅིག་གིས་གཅིག་བསྐྱེད་ནས་ཡུན་ཐུང་ངང་གྲངས་ཀ་འཕེལ་བར་འགྱུར་བ། ནད་རྟགས་ཀྱང་བདུན་ཕྲག་གཅིག་གཉིས་ནང་མ་གཏོགས་མི་མངོན། གལ་སྲིད་མིའི་རང་ལུས་ཀྱི་འགོག་རྫས་སྟོབས་ཤིན་ཏུ་ཉམས་པའི་ཚེ་གློ་བུར་དུ་ནད་རྟགས་མི་གསལ་བར་ལྔ་ལམ་དུ་འགྲོ་སྲིད། མིའི་རང་ལུས་ཀྱི་འགོག་རྫས་སྟོབས་དང་ལྡན་མིན་གྱི་དབང་གིས་ད་བར་འཆི་ཚད་རྣམས་ལས་སྐྱེས་པ་ཕོ་ཤི་བ་མང་ལ། སྐྱེས་མ་བུད་མེད་ཤི་བ་ཉུང་བ་ཡིན། དེ་ལས་ཀྱང་རྒན་ཁོག་དང་། རྒྱགས་པ་རྣམས་ནི་ནད་ལས་ཐར་བ་དཀོན།

འགོ་ཡུལ་དང་འགོ་བྱེད།

མིའི་ཁ་དང་སྣ་དང་མིག་གསུམ་ནི་ནད་རྫས་འཇུག་པར་བྱ་ཡུལ་གྱི་སྒོ་གསུམ་ཡིན་ལ། དེ་ལས་གྲོགས་གཞན་དང་ནང་མི་གཞན་ལ་མཆེད་པ་མ་ཟད། རང་ལ་ཡང་དེ་གསུམ་བརྒྱུད་ནས་ལུས་ལ་ཞུགས། ད་བར་གྱི་ཏོག་ནད་ཅན་གང་བྱུང་ཐམས་ཅད་ལ་སྒོ་དེ་གསུམ་ལས་ཕར་འགོས་ཚུར་འགོས་བྱས་པ་ཡིན། དེའི་ཕྱིར་རང་དང་གྲོགས་གཞན་གཉིས་ཀའི་ཆེད་དུ་ཁ་ཡོལ་དང་མིག་ཤེལ་གྱོན་རྒྱུ་གལ་ཆེ།དེ་འདྲའི་འཇུག་སྒོ་གསུམ་དང་གཞན་ཡང་། མི་གཞན་གྱི་ཁ་རླངས་དང་རང་གི་ལག་པ་གཉིས་ནི་ནད་རྫས་ཕན་ཚུན་ལ་འགོ་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པས། མི་གཞན་ལ་བར་ཐག་འཇོག་པ་དང་ལག་པ་ཁྲུས་པ་ནི་རང་གཞན་གཉིས་ཀའི་ཆེད་ཡིན། མིའི་བར་ཐག་ཕྱེ་བ་ནི་མེས་ཁྲི་གཉིས་དང་ལག་པ་འཁྲུད་པའི་ཡུན་ཚད་སྐར་ཆ་སུམ་ཅུ་ཙམ་ཡིན། མདོར་ན་འགོ་བྱེད་གཉིས་དང་འགོ་ཡུལ་གསུམ་བཅས་དོན་ཚན་ལྔ་པོ་འདི་ལ་རང་དོན་དང་གཞན་དོན་ཆེད་དུ་དྲན་ཤེས་བག་ཡོད་གསུམ་ག་བསྟེན་དགོས།

བླངས་དོར་གནས་ལ་མི་རྨོངས་པ།

མདོ་དང་འདུལ་བ་ནས་མིའི་ལུས་ལ་སྲིན་འབུའི་རིགས་ཡོད་པར་གསུངས་པ་བཞིན་ཁ་ཅིག་གིས་ནད་འབུ་ཟེར། གདུགས་དཀར་མདོ་སོགས་ལས་སྦྱར་བའི་དུག་གི་མཚོན་ཡོད་པར་གསུངས་པ་ལ་བརྟེན་ནས་འགའ་ཞིག་གིས་དུག་རྫས་ཡིན་པར་རློམ། མཁའ་འགྲོའི་འཁྲུགས་བསྐང་ནང་དུ་གསལ་བ་ལྟར། ཆོས་པ་དུ་མ་ཞིག་གིས་དུས་ངན་གྱི་ནད་ཡམས་ཙམ་ཡིན་པར་བཤད། ལ་ལས་ཤ་ཚོང་ཁང་ནས་མཆེད་པའི་ཤ་དུག་ཅིག་གོ་ཟེར་བ་སོགས་བྱིས་པའི་སྐད་ཆ་བཞིན་སྒྲོ་འདོགས་སྣ་ཚོགས་ཀྱི་འུར་སྒྲ་དང་། སང་འཆི་ལ་ཉེ་བའི་དངངས་སྐྲག་དང་། ཉིན་རེའི་འཚོ་བའི་ཆ་རྐྱེན་སྐོར་གྱི་སེམས་ཁྲལ་བཅས། མདོར་ན་གཞིའི་འཇིག་རྟེན་དང་ཕྱིའི་ལུས་དང་ནང་གི་སེམས་ཀྱི་སྡུག་བསྔལ་བཅས་སྦྲེལ་ནས་རྣམ་རྟོག་སྣ་ཚོགས་ཀྱིས་གང་སྟེ་ཅི་བྱ་རྟོལ་མེད་དུ་ཆགས་པའི་དུས་སུ། གོ་སྐབས་དེ་ནི་ཆོས་བྱ་བའི་རྐྱེན་དུ་འགྲོ་བ་ནི་ལོས་སྲིད། ནད་རྫས་འདི་ལ་དམིགས་ནས་དེ་འགོག་པ་དང་མེད་པར་བཟོ་བའི་ཆེད་དུ་གསོལ་ཁ་དང་ཞལ་འདོན་སོགས་སྣ་ཚོགས་ཤིག་བྱ་བ་ནི་ཅི་ཡིན་ནམ་སྙམ། འོན་ཀྱང་སྣབས་དང་མཆི་མའི་ནང་དུ་བསྡད་ཆོག་རྒྱུ་ཞིག་དང་། ལག་པའི་སྣུམ་འཁྲུད་བྱེད་ཀྱིས་གཞོམ་དུ་ཡོད་རྒྱུ་ཞིག་དང་། ལག་པའི་ངོས་སུ་འབྱར་འགྲོ་རྒྱུ་ཞིག་ཡིན་ན་ནི་གཟུགས་སུ་གྲུབ་པ་ཡིན་དགོས་པ་ལས་འོས་ཅི་ཡོད། གཟུགས་ཀྱི་ཕུང་པོ་ཞིག་ཡིན་ཕྱིན་སྔགས་དང་ཞལ་འདོན་ཅི་ལྟར་དང་ག་ཚོད་བཏོན་ཀྱང་དེས་དེ་མེད་པར་བཟོ་ག་ལ་ཐུབ། དེ་ལས་ཆོས་བྱ་ལུགས་ཀྱི་བླངས་དོར་ལ་མ་རྨོངས་པར་ལུས་ཀྱི་འཕྲོད་བསྟེན་སྤྱི་དང་རྒྱལ་སྤྱིའི་སྨན་པ་དང་རང་རྒྱལ་ཁབ་ཀྱི་ལམ་སྟོན་ལྟར་རང་འགུལ་གྱིས་ལག་བསྟར་བྱ་བ་ཅིས་ཀྱང་གལ་ཆེ། མདོར་ན་ནད་རྫས་གསར་བ་འདི་ལ་བརྟེན་ནས་སེམས་ཅན་ཤི་ཚད་དང་ན་ཚད་ལ་དམིགས་ཏེ་རང་གཞན་སུ་ན་ཡང་། སྤྱོད་འཇུག་སོགས་ལས་གསུངས་པ་བཞིན། སྨོན་འཇུག་གི་སེམས་བསྐྱེད་ལ་བསམ་བློ་གཏང་རྒྱུ་ནི་ཆོས་པ་དངོས་དང་ནང་བའི་ཁྱད་ཆོས་དངོས་དེ་རེད་སྙམ། ཀུན་མཁྱེན་དོལ་པོ་བའི་རིམ་གཉིས་སྨོན་ལམ་ལས་ཀྱང་།

བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བ་ཐམས་ཅད་ཀྱང༌། །

སེམས་ཅན་ཀུན་ལ་སྨིན་གྱུར་ནས། །འཕྲལ་དང་ཡུན་དུ་བདེ་བར་ཤོག །

སེམས་ཅན་རྣམས་ཀྱི་མི་དགེའི་ཚོགས། །སྡུག་བསྔལ་རྒྱ་མཚོའི་རྒྱུར་གྱུར་པ། །

དེ་ཀུན་བདག་ལ་སྨིན་གྱུར་ནས། །སྡུག་བསྔལ་རིན་ཆེན་དབང་པོར་ཤོག།།ཅེས་དང་། གལ་ཏེ་གཞན་ལ་ཕན་གྱུར་ན། །རང་གི་དོན་ལ་ལྟོས་མེད་པར། །

ངན་སོང་གསུམ་གྱི་སྡུག་བསྔལ་ཡང༌། །གཞན་གྱི་དོན་དུ་བཟོད་པར་ཤོག །

ཅེས་སྨོན་ལམ་བཏབ་པ་ལྟར་འགྲུབ་པར་གྱུར་ཅིག ཏོག་དབྱིབས་ནད་རྫས་ཀྱི་འགོས་ཁྱབ་མེ་སྟག་མཆེད་པ་བཞིན་དར་བའི་གནས་ཡོ་རོབ་ནས་འཕྲལ་དུ་བྲིས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 4

  1. kanpo sherab says:
    ལོ་ 6 སྔོན།

    ཤེལ་རིགས།
    དཔེར་ན། ཇ་ཕོར། མེ་ལོང་། ཤེལ་སྒོ་སོགས་དང་། གཞན་ཡང་དཀར་ཡོལ། རྫ་དཀར། ཇ་ལྗག་སོགས་སུ་ཉིན་༥།

    ཁུངས། https://www.webmd.com/lung/how-long-covid-19-lives-on-surfaces

    Reply
  2. Chogyur says:
    ལོ་ 6 སྔོན།

    ཡག་གོ། ཚན་རིག་དང་ནང་ཆོས་བཟུང་འབྲེལ།
    དྲི་བ་ལན་ཡོད་པ་ཞུ།
    ནད་འབུ་འདི་ཤེལ་ཕུར་དང་ཤེལ་རིགས་ལ་ཡུན་ག་ཚད་གནས་ཡོད་དམ.།

    Reply
  3. རྟ་བདུན་དབང་བོ says:
    ལོ་ 6 སྔོན།

    གསལ་བཤད་བྱེད་ན་འདི་འདྲ་དགོས་ནི་རེད། བཀའ་དྲིན་ཆེ། ཧ་ལས་པ་ཡག་པོ་བྲིས་འདུག །

    Reply
  4. བསོད་ནམས་སྨྱོན་པ་ says:
    ལོ་ 6 སྔོན།

    ཀྱེ་མ་དུས་ངན་སྙིགས་མའི་ཀྱི་སེ་མདོག་དྲིན་ལེན་ལོག་འཇལ་རྡོ་ཡར་སྐྱག་ནས་རང་གི་རྐང་པར་ཕོག་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཡོན་ཏན་བརྗོད་མ་ཐུབ་པ་མཁས་རློམ་ཚིག་རྗེས་གཡེང་ནས་རྒྱུ་འབྲས་ལ་ཡིད་ཆེས་དཀའ་བ་སྙིང་རེ་རྗེ་།་་་དཔུང་གཉེན་དང་དངོས་གཙོ་སྨྲ་བ་ཟུང་དུ་འཇུག་ན་ཅི་མ་རུང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese