སྲིད་སྐྱོང་བློ་བཟང་སེང་གེ་མཆོ ག་གིས་ཏོ ག་དབྱིབས་ནད་ཡམས་བཀག་འགོག་གི་ ལས་འགུལ་ཆེད། བོད་མིའི་སྒྲིག་འཛུགས་ཀྱི ་སྲི་ཞུའི་ལས་བྱེད་ཡོངས་ནས་སོ་སོའི་ཉིན་གཅིག་གི་ཕོགས་དངུལ་རྒྱ་གར་སྲིད་བློན་ དང་སྤྱི་ཁྱབ་བློན་ཆེན་གྱི་ངལ་སེ ལ་ཐེབས་རྩ་ཁང་དུ་འབུལ་རྒྱུ་ཡིན་ ཞེས་གསུངས་སོང་།
དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེ ང་གེ་མཆོག་གིས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ བརྒྱུད་ཏོག་དབྱིབས་ནད་ཡམས་དང་ འབྲེལ་བའི་གསར་འགོད་གསལ་བསྒྲགས་ ཤིག་སྤེལ་གནང་ཡོད་པ་དང་དང་། གསལ་བསྒྲགས་སྐབས་སྲིད་སྐྱོང་གི་ ལྷན་དུ་བོད་མིའི་སྒྲིག་འཛུགས་ཀྱི ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོ ང་དབང་ཕྱུག་དང་། ནང་སྲིད་དྲུང་ཆེ་ཚེ་དབང་སྒྲོལ་ མ། འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོ ན་གྲུབ། དྲིལ་བསྒྲགས་དྲུང་ཆེ་ཨཅརྱ་ཚེ་ དབང་རྒྱལ་པོ་ལགས་བཅས་ཕེབས་འདུག
དེ་རིང་བོད་མིའི་སྒྲིག་འཛུགས་ཀྱིཐོག་མར་ད་ལྟའི་ཏོག་དབྱིབས་ནད་ ཡམས་ཀྱི་གནས་སྟངས་དང་འབྲེལ་ནས་ སྲིད་སྐྱོང་མཆོག་གིས། འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱི བས་གཉན་རིམ་ཁྱབ་བརྡལ་དུ་ཕྱིན་ཏེ ་ད་བར་ནད་པ་མི་གྲངས་ས་ཡ་གཉིས་ལྷ ག་ཙམ་དང་། མི་གྲངས་འབུམ་གཅིག་དང་ཁྲི་གསུམ་ ཙམ་འདས་གྲོངས་སུ་ཕྱིན་ཡོད་སྟབས། འཛམ་གླིང་ཡོངས་ལ་ཛ་དྲག་གི་གནས་ སྟངས་ཆགས་ཡོད། དེའི་ནང་བོད་མི་ས་ཡ་དྲུག་ཀྱང་ཚུ ད་ཡོད། ཚོད་དཔག་དང་གོ་ཐོས་ལྟར་ན་འཛམ་གླི ང་ཁྱོན་ཡོངས་ལ་བོད་མི་ཕལ་ཆེར་ བརྒྱ་ཕྲག་ལ་ཏོག་དབྱིབས་གཉན་རི མས་ཕོག་ཡོད་ས་རེད། སྟབས་ལེགས་པ་ཞིག་ལ་མང་ཆེ་བ་དྲག་ སྐྱེད་འབྱུང་བཞིན་ཡོད་ཚུལ་གསུ ངས་གནང་སོང་།
༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ གི་སྐུ་ཁམས་དང་འབྲེལ་ནས་ཁོང་གི ས། རྒྱ་གར་ནང་གནས་ཚུལ་བཟང་བ་ཞིག་ལ་ Red Zone ཞེས་མངའ་སྡེ་ཁག་གི་ཐོ་གཞུང་བཏོ ན་གནང་འདུག་པའི་ནང་ཧི་མཱ་ཅལ་ཚུ ད་མི་འདུག ད་ལྟའི་ཆར་སྤྱི་ནོར་༸གོང་ས་༸སྐྱ བས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ སུ་གང་ལའང་གནང་གི་མེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ ན་པོ་མཆོག་སྐུ་ཁམས་གསལ་ཐང་ཡིན་ པས་ཐུགས་ཁྲལ་རྩ་བ་ཉིད་ནས་མ་གནང་ རོགས་རོགས་ཞེས་ཞུ་རྒྱུ་ཡིན། ད་ལྟའི་ཆར་རྡ་ས་གངས་སྐྱིད་ཁུལ་ གྱི་སྲི་ཞུའི་ལས་བྱེད་ཚོ་ཡིན་ ནའང་ཏོགས་དབྱིབས་གཉན་རིམས་ཕོག་ པ་གང་ཡང་བྱུང་མེད་ཅེས་ཞུ་རྒྱུ་ ཡིན། ཞེས་དང་། ཡང་ཁོང་གིས། རྩ་བའི་རྒྱ་གར་གཞུང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༣ རྗེས་ཐེམ་སྤང་བཀའ་རྒྱ་ཉུང་དུ་ གཏང་གི་ཡིན་ཞེས་གསལ་བསྒྲགས་གནང་ ཡོད་ནའང་དེ་སྔ་ཞུས་པ་ལྟར་བཙན་བྱོ ལ་བོད་མིའི་གཞིས་ཆགས་ཁག་ཏུ་ཡོད་ པའི་བོད་མི་རྣམས་ལ་རང་བཞིན་གྱི ས་དམ་བསྒྲགས་སམ་དོགས་པ་ཡོད་སྐོ ར་མ་གསུང་ནའང་བོད་མི་ཡོངས་ནས་དོ གས་པ་ཡོད་ངེས་རེད་བསམ་དགོས་རྒྱུ ་ཧ་ཅང་གལ་ཆེན་པོ་རེད་འདུག གང་ཡིན་ཞེ་ན། ཕྱིའི་རྒྱལ་ཁབ་ཁག་ལ་འགྲོ་མཁན་བོ ད་མིའི་གཞིས་ཆགས་ཡོད་སའི་ཉེ་འཁོ ར་རྒྱ་གར་ཡུལ་མི་ལས་བོད་མི་མང་ བ་ཆགས་ཀྱི་ཡོད་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཡོང་ མཁན་ཡང་མང་བ་ཡོད་སྟབས། ཕྱི་ཟླ་ ༥ རྗེས་རྒྱ་གར་ནང་ཁུལ་གནམ་གྲུ་འཕུ ར་འགོ་བཙུགས་པ་ཡིན་ནའང་བོད་མི་ རྣམས་ནས་གང་ཐུབ་དོགས་ཟོན་གནང་རོ གས། ངེས་པར་དུ་ཕེབས་དགོས་ཀྱི་ཡོད་ན་ མ་གཏོགས་ཕེབས་མི་དགོས་པ་གཙོ་འདོ ན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ འདུག ཞེས་གསུངས་གནང་སོང་།
དེ་བཞིན་བོད་ཀྱི་བླ་ཆེན་རྣམ་པ་ དང་དགོན་པ་ཁག མི་སྒེར་སོ་སོས་དངས་བླངས་ཐོག་ཛ་ དྲག་གི་གནས་སྟངས་སྐབས་འདིར་རྒྱ་ གར་གཞུང་དམང་ལ་ཞབས་འདེག་གནང་ཚཱུ ལ་སྐོར་ལ་གསུང་དོན། ད་ལམ་བསྔགས་བརྗོད་ཞུ་འོས་པ་ཞིག་ ལ་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོ ད་མིའི་གཞིས་ཆགས་ཁག་གིས་གཙོས་ བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ དང་། ལྷག་པར་ཆོས་བརྒྱུད་ཁག་གི་བསྟན་ བདག་བླ་ཆེན་རྣམ་པ་དང་། དགོན་སྡེ་ཁག་གི་མཁན་པོ་སོགས་ནས་ འགན་ཁུར་བཞེས་ཏེ་ཉེ་འཁོར་གྱི་ཁྱི མ་མཚེས་རྒྱ་གར་ཡུལ་མི་དཀའ་ངལ་ ཅན་དང་ཉམ་ཐག་རྣམས་ལ་བཟའ་འབྲུ་རི གས་རིན་མེད་བགོ་འགྲེམས་གནང་བ་མ་ ཟད། རྒྱ་གར་གྱི་སྲིད་བློན་མཆོག་དང་ མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོ ་སོའི་ངལ་སེལ་ཐེབས་རྩར་ཞལ་འདེ བས་ཧ་ཅང་ཡག་པོ་གནང་གི་འདུག དེ་དག་ལ་བསྔགས་བརྗོད་དང་ཐུགས་རྗེ ་ཆེ་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ ཞུའི་ལས་བྱེད་ཡོངས་ནས་ཀྱང་རང་གི ་ཉིན་གཅིག་གི་ཕོགས་དངུལ་འབུལ་རྒྱུ ་ཡིན། ཞེས་གསུངས་སོང་།
དེའི་རྗེས་བོད་མིའི་སྒྲིག་འཛུ གས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོ ས་སྐྱོང་དབང་ཕྱུག་གིས། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ ནང་གི་བོད་མི་ཚོར་རྒྱ་ནག་ཝུ་ཧན་ ནས་ཁྱབ་པའི་ཏོག་དབྱིབས་གཉན་རི མས་བྱུང་མེད། ཕྱི་ཟླ་ ༡ ཚེས་ ༢༤ ཉིན་ནས་འགོ་བཙུགས་ཏེ་ད་བར་འཕྲོ ད་བསྟེན་ལས་ཁུངས་དང་ནང་སྲིད་ལས་ ཁུངས་ནས་ས་གནས་ཁག་གི་བོད་མི་ཚོ ར་ལམ་སྟོན་གནང་དང་གནང་མུས་རེད། ཕྱི་ཟླ་ ༣ ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ འཕྲོད་བསྟེན་ལས་ཁུངས་ནས་རྒྱ་ནག་ ཝུ་ཧན་ཏོག་དབྱིབས་གཉན་རིམས་སྔོ ན་འགོག་ལས་དོན་ཚོགས་ཆུང་བཙུགས་ ཐུབ་ཡོད། ཕྱི་ཟླ་ ༣ ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་ནས་ཝུ ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ ཚོགས་ཆུང་ཞེས་ཟུར་དུ་བཙུགས་ཡོད་ པ་མ་ཟད། ད་བར་ཚོགས་ཆུང་གིས་ཚོགས་འདུ་ཐེ ངས་ ༡༩ ཙམ་ཚོགས་ཏེ་ཏོག་དབྱིབས་གཉན་རི མས་སྔོན་འགོག་ཆེད་ལས་གཞི་སྤེལ་ དང་སྤེལ་མུས་ཡིན། ཞེས་གསུངས་གནང་སོང་།
ལྡི་ལིའི་གསར་འགོད་པ་ཉི་མ་ཚེ་རིང་།




![China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]](https://tibettimes.net/wp-content/uploads/2026/04/Screen-Shot-2026-04-15-at-2.32.14-PM-360x180.png)

ཏོག་དབྱོབས་གཉན་རིམས་ཅེས་པའི་དོན་ལྡན་གྱི་ཐ་སྙད་དེ་གཞུང་འབྲེལ་གྱི་གསུང་བཤད་ནང་སྤྱད་གནང་འདུག་པར་དགའ་སྤྲོ་དང་ཡི་རང་ཞུ།