མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསང་མྱུལ་བའི་དོགས་གཞི་ཅན་དེ་ཀློད་ཉེན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ནེའུ་ཡོག་བོད་མི་སོགས་ཀྱི་སྐོར་ལ་གསང་བའི་མྱུལ་ཞིབ་བྱས་ཡོད་པའི་དོགས་གཞི་ཅན་པདྨ་དར་རྒྱས་ངག་དབང་ཟེར་བ་དེ་ཨ་སྒོར་ས་ཡ་ ༡ གཏའ་དངུལ་དུ་བཞག་སྟེ་ཀློད་དགོས་པའི་ཞུ་ཡིག་ཕུལ་ཡོད་འདུགཉེ་སྔོན་གསང་མྱུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་པའི་ནེའུ་ཡོག་ཉེན་རྟོག་པ་པདྨ་དར་རྒྱས་ངག་དབང་ཟེར་བ་དེའི་བཟའ་ཟླ་སོགས་མི་དགུ་ཡིས། ཨ་སྒོར་ས་ཡ་ ༡ གཏའ་དངུལ་དུ་བཞག་སྟེ་ཁོ་གློད་གྲོལ་ཡོང་བའི་ཞུ་ཡིག་ཕུལ་ཡོད་པ་ལྟར། ཨ་རིའི་ཁྲིམས་དཔོན་ལཱོ་སི་བྷི་ལོམ་ (Lois Bloom)ལགས་ཀྱིས་ངག་དབང་ཀློད་རྩིས་བྱས་ཡོད་ཀྱང་། ཁྲིམས་དཔོན་ལས་རོགས་མཱེ་གཱེལ་(Michael Keilty)ལགས་ཀྱིས་དེ་ནི་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན་པའི་དགོངས་ཚུལ་ཞུས་ཏེ་མུ་མཐུད་བཀག་ཉར་འོག་བཞག་ཡོད་འདུག

ཉེ་སྔོན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་ཉེན་རྟོག་པ་པདྨ་དར་རྒྱས་ངག་དབང་ཟེར་བ་དེའི་བཟའ་ཟླ་གཙོས་པའི་ནང་མི་གཉེན་འབྲེལ་དང་ལས་རོགས་མི་དགུ་ཡིས། ཨ་སྒོར་ས་ཡ་ ༡ གཏའ་དངུལ་དུ་བཞག་སྟེ་ཁོ་ཀློད་གྲོལ་དགོས་པའི་ཞུ་གཏུགས་བྱས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢ ཉིན། ཨ་རིའི་ནེའུ་ཡོག་ས་གནས་(Brooklyn)ཁྲིམས་དཔོན་ལཱོ་སི་བྷི་ལོམ་ (Lois Bloom)ལགས་ཀྱིས་ཁོ་ཀློད་དགོས་སྐོར་བརྗོད་ཡོད་ཀྱང་། ཁྲིམས་དཔོན་ལས་རོགས་མཱེ་གཱེལ་(Michael Keilty)ལགས་ཀྱིས། ངག་དབང་གློད་གྲོལ་གཏོང་རྒྱུ་དེ་ནི་ཧ་ཅང་ཉེན་ཁ་ཆེ་བས་ཀློད་མི་རུང་བའི་དགོངས་ཚུལ་ཞུས་ཡོད་འདུག་ལ། བདུན་ཕྲག་རྗེས་མའི་ནང་རྫོང་རིམ་པའི་ཁྲིམས་དཔོན་ཨེ་རེག་ཁོ་མི་ཊི་(Eric Komitee)ལགས་ཀྱིས་ངག་དབང་ཀློད་གྲོལ་གཏོང་མིན་གྱི་ཐག་གཅོད་གནང་འཆར་ཡོད་འདུག

ཁྲིམས་དཔོན་ལས་རོགས་མཱེ་གཱེལ་ལགས་ཀྱིས། པདྨ་དར་རྒྱས་ཀློད་གྲོལ་བཏང་ཚེ། ཁོ་ཉེས་ཅན་པ་གཞན་དང་མི་མཚུངས་པར་ནེའུ་ཡོག་གི་མཱན་ཧཱ་ཊན་གྱི་རྒྱ་ནག་གཞུང་ཚབ་ཁང་དུ་བྲོས་འགྲོ་རྒྱུ་ལས་སླ་པོ་ཆགས་ཡོད། གལ་སྲིད་ཁོ་རྒྱ་ནག་གཞུང་ཚབ་ཁང་དུ་བྲོས་པ་ཡིན་ན། ང་ཚོས་ཁོ་བསྐྱར་དུ་འཛིན་བཟུང་བྱེད་ཐུབ་ཀྱི་མེད། ཅེས་བརྗོད་ཡོད་པ་དང་།  པདྨ་དར་རྒྱས་ཀྱི་ཁྲིམས་རྩོད་པ་ཇོན་ཁར་མན་ (John Carman)ལགས་ཀྱིས།  པདྨ་དར་རྒྱས་ཟེར་བ་བོད་མི་ཞིག་ལས་གསང་ཉུལ་བ་ཞིག་མིན་ཚུལ་དང་། ཁོས་ཁོ་རང་ཕ་ཡུལ་དུ་ལོག་སྟེ་ནང་མི་གཉེན་ཉེ་སོགས་དང་ཐུག་འཕྲད་ཡོང་སླད། རྒྱ་ནག་གི་གཞུང་འབྲེལ་ལས་བྱེད་ཅིག་ལ་འབྲེལ་འདྲིས་ཀྱིས། རྒྱ་ནག་ཏུ་ལོག་ཆོག་པའི་ལོ་ ༡༠ ཐོངས་མཆན་རག་ཐབས་བྱས་ཡོད་པ་རེད། ཅེས་བརྗོད་འདུག

པདྨ་དར་རྒྱས་ངག་དབང་ཟེར་བ་དེ་ཟླ་སྔོན་མའི་ཕྱི་ཚེས་ ༢༡ ཉིན་འཛིན་བཟུང་བྱས་ཏེ་ད་བར་ནེའུ་ཡོག་ཉེན་རྟོག་ཁང་གི་བཀག་སྐྱིལ་ཁང་དུ་བཞག་ཡོད་པ་དང་། སྐབས་དེར་ཨ་རིའི་གཞུང་གིས་པདྨ་དར་རྒྱས་ཀྱིས་ཕྱི་ལོ་ ༢༠༡༤ ནས་ད་བར་རྒྱ་ནག་གཞུང་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་དང་། ལྷག་པར་དུ་རྒྱ་ནག་གཞུང་ཚབ་ཁང་གི་བཀོད་མངགས་བཞིན་ཨ་རིར་གནས་སྡོད་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་གསང་བའི་མྱུལ་ཞིབ་བྱས་ཏེ། རྒྱ་ནག་གཞུང་ལ་བོད་དོན་དང་འབྲེལ་བའི་གསང་བའི་གནས་ཚུལ་རིགས་མཁོ་སྤྲོད་དང་ལམ་སྟོན་རིགས་བྱས་ཡོད་པའི་ཞིབ་འཇུག་ཉེས་དོན་ཤོག་ངོས་ ༢༤ ཅན་ཞིག་ཡོངས་བསྒྲགས་གནང་ཡོད་པ་རེད། རང་ལོ་ ༣༣ ཡིན་པའི་པདྨ་དར་རྒྱས་ངག་དབང་ཟེར་བ་དེས་ཁོ་རང་བོད་མི་ཞིག་ཡིན་ཚུལ་བརྗོད་ཡོད་ཀྱང་། ཁོ་དང་འབྲེལ་འདྲིས་བྱུང་བའི་བོད་མི་མང་པོས་ཁོས་ཧ་ལམ་བོད་སྐད་ཚིག་གཅིག་ཀྱང་དག་པོ་ཞིག་བཤད་མི་ཤེས་བ་དང་། བོད་མིའི་གཤིས་ཀ་དང་བསམ་བློ་གཏོང་སྟངས་གཏན་ནས་མེད་ལ། ཁོ་རང་གི་འགྲོ་འདུག་སྤྱོད་གསུམ་དང་ཕ་ཡུལ་གང་ནས་ཡིན་སོགས་ངེས་གཏན་མེད་པར་སྦེད་གསང་ཆེན་པོ་བྱས་ཡོད་སྐོར་བརྗོད་ཀྱི་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

ཆུ་ཚོད་ ༤ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༤ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

ཆུ་ཚོད་ ༤ སྔོན་ལ།
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩

མཆན། 1

  1. བསོད་ནམས་རྒྱལ་མཚན། says:
    ལོ་ 6 སྔོན།

    རྒྱ་གར་དང་ཨ་རི་གཉིས་ གསང་ཉུལ་བ་འཇུ་ནས་ བོད་པའི་ཐོག་དམིག་བསལ་གྱི་འགན་འཁུར་ཞེད་པོ་བྱེད་ཀྱི་ཡོད་དོག་དོག་མིན་འགྲོ། བོད་པའི་བཙན་བྱོལ་ཆུང་ཆུང་ཞིག་གི་འཛམ་གླིང་གཏོར་ཡ་དང་རྒྱ་དམར་གཏོར་ཡ་དམིག་བསལ་གྱི་གོ་མཚོན་ཞིག་བཟོ་གི་ཡོད་རེད་པས་ ? ༧གོང་ས་མཆོག་ནས་་་ རྒྱ་མིའི་གསང་ཉུལ་བ་ག་ཚད་ཡིན་ན་བཏང་ཤོག་ དགའ་སུ་ཡོད། སྔ་ས་ནས་གསུངས་ཚར། ད་ཆ་ Corona ? གྱོང་གུད་ཀྱི་་་ རྒྱ་མི་ག་ཚད་ནག་པོ་བཟོས་ཐུབ་ཐུབ། ང་ཚོ་བོད་པ་དེ་འདྲ་རང་ད་ལྐུགས་པ་ཨེ་ཡིན་ ? ཡིན་ནས་ད་དུང་སྤྱང་གྲུང་བདེ་སི་བགྱིས་ལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese