མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ལ་ཉན་ཞིབ་བརྡ་ཐོ་ཐེངས་གཉིས་པ་བཏང་།

བོད་ཀྱི་དུས་བབ།
༢༠༢༠/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བརྩི་བཀུར་མ་ཞུས་པ་དང་ཁྱད་གསོད་བྱས་པ་མ་ཡིན་པའི་རྒྱུ་མཚན་བརྗོད་ཆེད་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར་ལགས་ལ་ཉན་ཞིབ་གནང་གཏན་འཁེལ་བའི་བརྡ་ཐོ་གཉིས་པ་བཏང་ཡོད་འདུག

དེ་རིང་ཉིན་གུང་ཆུ་ཚོད་ ༡༢།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གསལ་བསྒྲགས་གནང་བ་ལྟར་ན། བོད་མི་མང་སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར་ལགས་ལ་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཉན་ཞིབ་ཀྱི་བརྡ་ཐོ་ཐེངས་དང་པོར་བརྩི་བཀུར་མ་ཞུས་པ་མིན་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པ་མ་ཡིན་པའི་རྒྱུ་མཚན་བརྗོད་དུ་འཇུག་རྒྱུའི་ཉན་ཞིབ་ཀྱི་བརྡ་ཐོ་ཐེངས་གཉིས་པ་ཞིག་བཏང་ཡོད་འདུག

ཁྲིམས་ཞིབ་ཁང་གི་གསལ་བསྒྲགས་ནང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༩ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢།༠༠ ཐོག སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར་ལགས་ལ་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢།༣༠ སྟེང་ཉན་ཞིབ་བྱེད་གཏན་འཁེལ་འདུག་པའི་བརྡ་ཐོ་སྐྱེལ་མཁན་སྤྱི་འཐུས་རྒྱུན་ལས་ཡིག་ཚང་དུ་ཆེད་གཏོང་གནང་བར། སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ནས་བརྡ་ཐོའི་ངོ་བཤུས་བཀླགས་ཏེ་མིང་རྟགས་འགོད་སར་ཚེས་གྲངས་བཀོད་རྗེས་བྲིས་གསུབ་བཏང་ནས་བརྡ་ཐོ་ངོ་མ་ཁ་མ་བསྔོགས་པར་ཕྱིར་སློག་གནང་ཡོད་སྟབས།  ཁྲིམས་ཞིབ་ཁང་གི་བརྡ་ཐོར་བརྩི་བཀུར་ཉམས་ལེན་མ་ཞུས་ཚེ་ཆད་འགེལ་བྱེད་དགོས་ཆགས་རྒྱུ་ཡིན་པས། དོ་བདག་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བརྡ་ཐོར་བརྩི་བཀུར་མ་བྱས་པ་མིན་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པ་མ་ཡིན་པའི་རྒྱུ་མཚན་བརྗོད་དུ་འཇུག་རྒྱུའི་ཉན་ཞིབ་ཀྱི་དུས་ཚེས་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༣ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༣༠ སྟེང་ཉན་ཞིབ་བྱེད་གཏན་འཁེལ་ཡོད་སྐོར་བཀོད་འདུག

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༧ ཉིན་འདི་ག་བོད་ཀྱི་དུས་བབ་དྲ་རྒྱའི་སྟེང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར་ལགས་ཀྱིས་ད་ཐེངས་ཁྲིམས་ཞིབ་ཁང་ལ་རྒྱུ་མཚན་འདང་ངེས་ཡོད་པར་མ་མཐོང་ཞེས་པའི་རྩོམ་ཡིག་ཅིག་སྤེལ་བར་བརྟེན། ཟླ་དེའི་ཕྱི་ཚེས་ ༢༩ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གསལ་བསྒྲགས་ཤིག་གནང་སྟེ། བློ་བཟང་ཆོས་འབྱོར་ལགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པ་མ་ཡིན་པའི་རྒྱུ་མཚན་བརྗོད་དུ་འཇུག་སླད། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢།༣༠ སྟེང་ཉན་ཞིབ་བྱེད་གཏན་ཁེལ་བའི་བརྡ་ཐོ་བཏང་གནང་ཡོད་པ་དང་། ཕྱི་ཟླ་ ༩ ཚེས་ ༣༠ ཉིན་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ཀྱིས་སྒེར་གྱི་ངོ་དེབ་སྟེང་ཐུགས་བློ་བདེ་བར་མཛོད་ཅེས་པའི་གསལ་བསྒྲགས་ཤིག་གནང་སྟེ། དགོངས་སེལ་ཞུ་རྒྱུར་ཐེ་ཚོམ་ནེམ་ནུར་གང་ཡང་མེད་སྐོར་བརྗོད་ཡོད་པ་རེད།

ཁོང་གི་གསལ་བསྒྲགས་དེའི་ནང་དུ། དཔལ་ལྡན་ཆེས་མཐོའི་ཁྲིམས་ཁང་ལ་ཆེད་བཅར་ཐོག ཁྱད་གསོད་ཞུ་རྒྱུའི་ཕུགས་ཀྱི་ཀུན་སློང་དང་དངོས་ཀྱི་སྦྱོར་བ། མཐའི་དམིགས་ཡུལ་བཅས་དྲི་ཙམ་ཡང་མེད་པ་གུས་ཞབས་ལྡན་པའི་ངང་ཞུ་འཆར་དང་། མ་ཤེས་རྨོངས་ཤིང་། ཁྲིམས་དོན་གྱི་མཐིལ་མ་རྟོགས་པར་གོ་བ་ལོག་པར་བླངས་པ་ཡོད་ཚེ་དགོངས་སེལ་ཞུ་རྒྱུར་ཐེ་ཚོམ་ནེམ་ནུར་གང་ཡང་མེད་པས། དམ་གཙང་ལྷ་མིའི་ཚོགས་ཀྱིས་ཐུགས་བློ་ཤིན་ཏུ་ནས་བདེ་བར་མཛོད་ཅེས་ཞུ་བ་ལགས་སོ། ཞེས་བརྗོད་འདུག

དེ་རིང་ཕྱི་དྲོར་འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ལ་ཁྲིམས་ཞིབ་ཁང་ནས་ཉན་ཞིབ་བརྡ་ཐོ་ཐེངས་གཉིས་པ་ཞིག་གཏོང་དགོས་པའི་གནས་སྟངས་ག་འདྲ་ཆགས་པ་ཡིན་མིན་བཀའ་འདྲི་ཞུས་པར་ཁོང་གིས། ད་ལྟ་དེའི་སྐོར་ལ་ལན་གང་ཡང་མེད་སྐོར་བརྗོད་བྱུང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

ཆུ་ཚོད་ ༢ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༢ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

ཆུ་ཚོད་ ༣ སྔོན་ལ།
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩

མཆན། 7

  1. Abharu Jigwang says:
    ལོ་ 6 སྔོན།

    ལས་ཁུངས་ལས་ཀ་མེད་པས། ཡི་གེ་ཕར་བཏང་ཆུར་བཏང།
    དེ་འདྲའི་སྤྱི་ཁྲིམས་གཉིས་པོ་། དམངaས་ལ་ངོ་ཚ་དགོས་སོ།

    Reply
  2. བཀྲ་སྒྲོལ་མ says:
    ལོ་ 6 སྔོན།

    ཀྱེ།ཤ་ཁུ།ཁྲིམས་ལ་བརྩི་འཇོག་གྱིས།

    Reply
  3. ཁྲིམས་དཔོན། says:
    ལོ་ 6 སྔོན།

    གནས་ཚུལ་ཁུངས་ལྡན་ལྟར་ན། མི་བྱེད་དགུ་བྱེད་ཚང་མ། ཁྲིམས་དྲུང་ར་བཟི་བཀྲ་ཤིས་རྒྱ་མཚོ་་ཟེར་པས། ཁྲིམས་དཔོན་རྣམ་པར་ཕྲ་མ་བཅུག་ནས་་་་ཉན་ཞིབ་བྱེད་ཀྱི་ཡོད་རེད་ཟེར། ཐུག་ས་། ཤར་ཁུག་གིས་སྤེན་ཚེར་རྒྱབ་སྐྱོར་མ་བྱས་པས་རེད་ཟེར་་་་ཧཧཧཧཧཧཧ སྒེར་ནད་སྤྱི་སྤུངས་་་་

    Reply
  4. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 6 སྔོན།

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་བཙན་བྱོལ་བ་ཚོའི་བླ་སྲོག་ཡིན་པ་དང་ད་ལམ་གྱི་གནད་དོན་དེ་བཅའ་ཁྲིམས་དང་འབྲེལ་བའི་གནད་དོན་གལ་ཆེན་ལ་སོང་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་འཛིན་སྐྱོང་བཀའ་ཤག་དང་ད་ལྟའི་ལས་ཐོག་སྤྱི་འཐུས་རྣམ་པ་བཅས་ནས་གསུང་བྱོན་དགོས་པའི་དུས་ལ་བབ་མི་འདུག་གམ་?

    Reply
  5. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 6 སྔོན།

    ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བརྡ་ཐོ་ཕྱིར་སློག་དང་ ཐུགས་བློ་བདེ་བར་མཛོད་ ཟེར་བའི་ནང་དོན་གཉིས་ཀྱི་གོ་དོན་རྟོགས་ཐུབ་མ་སོང་།

    Reply
  6. རིག་བཟང་། says:
    ལོ་ 6 སྔོན།

    གསར་འགོད་པས་རྩད་གཅོད་བྱས་དང་་་

    གོ་ཐོས་་ཁྲིམས་ཞིབ་ཁང་་་ར་བཟི་བ་ཡིན་ན་་་བརྡ་ཐོ་དང་པོ་དེའི་ནང་་ཟླ་ཚེས་ནོར་པ་བཀོད་འདུག་ཟེར་་་དྲྭ་ཐོག་ལ་བཀྲམས་་ཡང་ཕྱིར་འཐེན་བྱས་འདྲ་མིན་འདྲ་བྱེད་འདུག

    ཟླ་ཚེས་ཚུན་འབྲི་ནོར་བྱས་པ་་་ཆེད་མངགས་སློག་དགོས་ངེས་རེད་་་་

    ཁྲིམས་ཞིབ་ཁང་གིས་ཐོག་མར་རང་གིས་ཟླ་ཚེས་་འབྲི་ནོར་བྱས་པ་ལ་དགོངས་སེལ་ཞུ་དགོས་པ་རེད་་་

    Reply
  7. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 6 སྔོན།

    ཁྲིམས་ཀྱི་བསྡམས་ན་གཅིག་རེད་།
    རྐུད་པའི ་བསྡམས་ན་བརྒྱ་རེད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese