མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ཆ་རྒྱ་ནག་བོད་ཀྱི་སྐད་ཡིག་གི་དགྲ་བོར་གྱུར།

བོད་ཀྱི་དུས་བབ།
༢༠༢༠/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

བྷ་ཝི། མཎ་དྷ་ལི་ཡ་(Bhavi Mandalia)ཡིས་བྲིས།
སྐལ་ལྡན་གྱིས་བསྒྱུར།

རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ས་བཙན་བཟུང་བྱས་ཏེ་ལོ་ངོ་༧༠འདས་ཟིན་རུང་བོད་མི་རིགས་ཀྱི་བློ་ཡིད་འགུགས་ཐུབ་པ་བྱུང་མེད། ད་ཆ་རྒྱ་གཞུང་གིས་མངོན་གསལ་དོད་པོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཏོར་གཤིག་གཏོང་བའི་ལས་ལ་འབད་བཞིན་ཡོད། དེ་ཙམ་མ་ཡིན་པར་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་སུ་སྒྱུར་ཕྱིར་བོད་མི་འབོར་ཆེན་ས་གནས་གཞན་དང་གཞན་དུ་ངལ་རྩོལ་སྒྱུར་འགོད་དམ་བཙན་ཐབས་ཀྱིས་ཕྱིར་འབུད་བྱེད་ཀྱི་ཡོད། ཕྱོགས་མཚུངས་རྒྱ་མི་འབོར་ཆེན་བོད་ནང་དུ་འོར་འདྲེན་གྱིས་བོད་ཀྱི་ས་ཐོག་ཏུ་རྟེན་གཞི་བྱེད་པའི་འཆར་གཞི་འདིང་བཞིན་ཡོད།

བོད་ནང་དུ་རྒྱ་མིའི་གྲངས་འབོར་འཕར་ཟིན་པ།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་དེ་སྔ་བོད་ནས་བྲོས་བྱོལ་དུ་ཡོང་བའི་བོད་མི་ཚེ་རིང་རྡོ་རྗེ་ལགས་སུ་བཅར་འདྲི་བྱས་པ་ཞིག་ཨེ་ཤ་ཡ་དུས་བབ་ཏུ་བཀོད་པ་ལྟར་ན།  ཕྱི་ལོ་༡༩༥༩ ལོ་ནས་ད་བར་བོད་ནང་གི་གནས་སྟངས་འགྱུར་བ་ཆེན་པོ་ཕྱིན་ཟིན་པ་དང་། བོད་ཁུལ་དུ་བོད་ཀྱི་སྐད་ཡིག་ལ་དགའ་ཞེན་མི་བྱེད་པའི་ཁར། ཁོ་པ་རང་ཉིད་ཀྱང་རྒྱ་སྐད་དང་ཨིན་སྐད་བཀོལ་སྤྱོད་བྱེད་རྒྱུ་དགའ་པོ་ཡོད། ཅེས་བརྗོད་འདུག

བོད་ཡིག་རྩ་མེད་དུ་འགྲོ་བ།

རྡོ་རྗེས་ད་ལྟ་བོད་ཡིག་ཤུལ་མེད་དུ་འགྲོ་བཞིན་ཡོད། རྒྱ་མི་འབོར་ཆེན་བོད་ནང་དུ་རྟེན་གཞི་བྱས་པར་བརྟེན་བོད་ཀྱི་སྐད་ཡིག་འཇིག་པའི་མཚམས་སུ་བསླེབས་ཟིན་པ་དང་། མི་རིང་བར་བོད་ནང་དུ་བོད་ཡིག་རྩ་བ་ནས་མཐོང་རྒྱུ་མེད་པ་ཆགས་རྒྱུ་རེད། དེའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་དམར་པོའི་སྲིད་གཞུང་ལ་ཐུག་ཡོད། རྒྱ་ནག་གཞུང་གིས་བོད་མི་རྣམས་མུ་མཐུད་དབང་མེད་ངལ་རྩོལ་བྱེད་པར་སྐུལ་བ་དང་། དམག་སྒར་ཁག་ཏུ་རྒྱལ་ཞེན་སློབ་གསོ་གཏོང་བར་བཙན་འགུག་བྱེད་ཀྱི་ཡོད།

མེ་འཁོར་བརྒྱུད་རྒྱ་མི་ཕོན་ཆེ་བོད་དུ་གནས་སྤོ།

མཚོ་བོད་ལྕགས་ལམ་(Qinghai-Tibet Railway)ཤར་གཏོང་བྱས་པའི་ལོ་སྟེ། ཕྱི་ལོ་ ༢༠༠༧ ལོ་ཁོ་ནར་བོད་ནང་དུ་རྒྱ་མི་ས་ཡ་༡.༥གནས་སྤོ་བྱས་ཡོད། ད་བར་ཕྱི་ལོ་༢༠༢༠ལོ་བར་མི་ལོ་༡༣རིང་བོད་ནང་གི་མི་འབོར་གྲངས་རྩིས་ཀྱི་ཁ་ཕྱོགས་ཡོངས་སུ་འགྱུར་བ་ཕྱིན་ཡོད། སྐད་ཡིག་གཉིས་པ་བཀོལ་སྤྱོད་བྱེད་མཁན་གྱི་མི་འབོར་གྲངས་ཚད་མཐོ་དྲགས་པའི་རྐྱེན་གྱིས་བོད་ནང་གི་རིག་གཞུང་ཙམ་མ་ཡིན་པར་སྐད་ཡིག་ལ་ཡང་ཉེན་ཁ་ཧ་ཅང་ཆེན་པོ་ཆགས་ཡོད།  རྒྱ་གཞུང་གིས་༸གོང་ས་མཆོག་ལ་ཁ་གཏད་དུ་༸པཎ་ཆེན་རིན་པོ་ཆེའི་མཚན་སྙན་བེད་སྤྱོད་དང་ཆོས་ལུགས་ཀྱི་མིང་ཐོག་ནས་བོད་ནང་དུ་བཙན་པོ་དབང་ཡོད་བྱེད་ཀྱི་ཡོད།

རྒྱའི་སྐད་ཡིག་(Mandarin)གིས་གང་སར་དབང་སྒྱུར།

ཕྱི་ལོ་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་ནི་བོད་ནང་དུ་དཔལ་འབྱོར་དང་། རིག་གཞུང་། ཆོད་དད་སོགས་གང་ཅིར་རང་དབང་མེད་པའི་རྐྱེན་གྱིས་བྱུང་བ་ཞིག་རེད། ད་ཆ་བོད་ནང་དུ་རྒྱ་མི་རིགས་ཀྱི་གྲངས་འབོར་ཇེ་མང་ནས་ཇི་མང་ཡིན་སྟབས། མེ་འཁོར་འབབ་ཚུགས་དང་། རླངས་འཁོར་འབབ་ཚུགས། ཚོང་ར་ཁག་སོགས་དངོས་རྫས་ཚང་མར་ཨིན་ཡིག་ལས་དེ་མིན་རྒྱ་ཡིག་བེད་སྤྱོད་བྱེད་ཀྱི་ཡོད། ཨ་མི་རི་ཀས་ད་ཐེངས་སླར་ཡང་བོད་བེད་སྤྱོད་བྱས་ཏེ་རྒྱ་གཞུང་ལ་ཁོང་ཁྲོ་བསླངས་ཡོད།

འགྲིམ་འགྲུལ་ཆེད་གཞུང་ལམ་གསུམ་འཛུགས་སྐྲུན།

ཕྱི་ལོ་ ༡༩༥༡ ལོར་རྒྱ་དམར་གྱིས་བོད་སར་བཙན་འཛུལ་བྱས་མ་ཐག་རོ་མན་རྒྱལ་ཁབ་ལ་ལད་ཟློས་ཀྱིས་གཞི་རྒྱ་ཆེ་བའི་ལམ་བུ་འཛུགས་སྐྲུན་བྱེད་འགོ་བཙུགས་པ་རེད། རྒྱ་དམར་གྱིས་གཞུང་ལམ་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་ནི་གང་མགྱོགས་དཔུང་དམག་འགྲེམས་འཇོག་གིས་དམག་འཐབ་གོ་སྒྲིག་བྱེད་པའི་ཆེད་དུ་རེད། དེར་བརྟེན་ཕྱི་ལོ་༡༩༦༢ལོར་རྒྱ་དཀར་ནག་གཉིས་བར་དམག་འཐབ་བྱེད་སྐབས་སྟབས་བདེ་པོ་དང་ཁེ་ཕན་བྱུང་བ་རེད།

མ་རྩོམ་འབྲེལ་ཐགhttps://pledgetimes.com/now-china-becomes-enemy-of-tibetan-language-changing-its-people-geography/#:~:text=Home%20World-,Now%20China%20becomes%20enemy%20of,%2C%20changing%20its%20people%20’geography’&text=The%20Chinese%20gover

འབྲེལ་ཡོད་གསར་འགྱུར།

TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

སྐར་མ ༥༢ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༢༡ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༢ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧

མཆན། 2

  1. Sonam Gyaltsen says:
    ལོ་ 6 སྔོན།

    དེ་ནི་ རྒྱ་གར་དྲིན་ཅན་ཡིན། 1954 THANK YOU INDIA

    Reply
  2. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 6 སྔོན།

    ད་ཆ་རྒྱ་ནག་བོད་ཀྱི་སྐད་ཡིག་གི་དགྲ་བོར་གྱུར་ཟེར་བ་དེེར་གོ་རྟོགས་ཐུབ་མ་སོང་།
    ཕལ་ཆེར་བོད་ཀྱི་ལོ་རྒྱུས་ལ་མཁྱེན་པ་དེ་ཙམ་མེད་པ་ཞིག་གིས་བྲིས་པ་ཡིན་སྲིད་།
    བོད་རྒྱ་ནག་གི་བཙན་འོག་ཏུ་ཚུད་ནས་མི་ལོ་དྲུག་བཅུ་འགྲོ་བཞིན་པ་ནས་བོད་ཀྱི་སྐད་ཡིག་ཕར་བཞག་བོད་མི་རིགས་དང་བོད་ཀྱི་འཁོར་ཡུག་དང་བཅས་པ་ཕྱི་ནང་གི་སྣོད་བཅུད་ཡོངས་རྫོགས་རྩ་མེད་བཟོས་ནས་ད་ཆ་རྒྱ་ནག་གི་རྒྱ་གར་དང་འཛམ་གླིང་ཡོངས་ལ་ཉེན་ཁ་བཟོ་བཞིན་པ་ནི་འཛམ་གླིང་རྒྱལ་ཁབ་ཚོའི་རྒྱ་ནག་ལ་ཁ་གཏད་བཅོག་རྒྱུ་དེ་ཕྱི་མ་དྲག་ནའང་སྔ་གང་ནས་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese