མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་གྱི་ཆེས་འཇིགས་སྣང་སྐྱེས་སའི་རྨི་ལམ་དེ་འདི་རེད།

བོད་ཀྱི་དུས་བབ།
༢༠༢༠/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཨེག་ཤི་ནཱ་རཱན(Akshay Narang)

སངས་རྒྱས་དཀོན་མཆོག་གིས་བསྒྱུར།

བོད་ནི་དེ་སྔོན་རྒྱ་གར་གཅིག་པུའི་གནད་དོན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ན་ཡང་། ད་ལྟ་འཇར་མན་ཚུད་པའི་རྒྱལ་ཁབ་ ༣༩ ཡིས་བོད་དོན་ཐད་རྒྱ་ནག་ལ་ཁ་རྡུང་གཏོང་བཞིན་ཡོད།

རྒྱ་ནག་གི་ཆེས་འཇིགས་སྣང་བྱེད་སའི་རྨི་ལམ་དེ་གློ་བུར་དུ་མངོན་འགྱུར་འབྱུང་བཞིན་ཡོད་ལ། འཛམ་གླིང་གིས་བོད་ལ་ལོ་ངོ་ ༧༠ མ་ཟིན་ཙམ་རིང་བཙན་གནོན་བྱས་པའི་རྒྱ་ནག་གི་བྱ་སྤྱོད་ལ་རྗེས་འདེད་བྱེད་རྒྱུ་ཐག་བཅད་ཡོད་པ་དང་། ཐོག་མར་རྒྱ་གར་གྱིས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་གནད་དོན་ཐད་པེ་ཅིན་གྱི་མིག་ལ་བཙགས་པ་དང་། དེའི་རྗེས་ཨ་རིའི་ཊི་རུམ་ཕི་སྲིད་གཞུང་གིས་བོད་དོན་གླེང་སློང་བྱེད་མགོ་ཚུགས་ཡོད་པ་རེད། ད་ལྟ་ཡོ་རོབ་མནའ་འབྲེལ་ཁུངས་ཀྱི་རྒྱལ་ཁབ་ཁག་ཚུད་པའི་རྒྱ་ནག་ལ་སྡང་སེམས་ཆེ་བའི་རྒྱལ་ཁབ་ཁག་གིས་ཀྱང་བོད་ཀྱི་གནད་དོན་གླེང་མགོ་ཚུགས་ཡོད།

དོན་དངོས་སུ་འཇར་མན་ནི་རྒྱ་ནག་གི་གྲོགས་པོ་ཆགས་ཏེ་དུས་ཡུན་རིང་པོ་སོང་མེད་པ་དང་། ད་ལྟ་འཇར་མན་གྱིས་སྣེ་ཁྲིད་འོག་ཨ་རི་དང་དབྱིན་ཡུལ། ཉི་ཧོང་ཚུད་པའི་རྒྱལ་ཁབ་ ༣༩ རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བ་མ་ཟད། བསྒྲགས་གཏམ་ནང་ད་ལྟའི་ཧོང་ཀོང་གི་ཆབ་སྲིད་གནད་དོན་ཐད་བློ་འཚབ་ཡོད་སྐོར་སོགས་ཀྱང་ཚུད་ཡོད་པ་རེད།

ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་འདུ་དང་བསྟུན། རྒྱལ་ཚོགས་ཀྱི་འཇར་མན་གཞུང་ཚབ་པ་སྐུ་ཞབས་(Christoph Hezgen)གྱིས། ཆེད་དམིགས་རྒྱ་ནག་ལ་ཁ་གཏད་ཀྱི་གྲོས་འཆར་བཏོན་ཡོད་པ་དང་། སྐབས་དེར་ཁོང་གིས་ང་ཚོས་འདིར་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་དང་ལྷག་པར་དུ་གྲངས་ཉུང་མི་རིགས་ཁག་གི་ཆོས་དད་རང་མོས་ལ་གུས་བརྩི་བྱ་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད་ལ། དེ་ལས་ཀྱང་བོད་དང་ཤིན་ཅང་ཡུ་གུར་གྱི་གནད་དོན་ཐད་བློ་ཚབས་ཡོད་སྐོར་བརྗོད་ཡོད་པ་རེད།

ད་བར་རྒྱ་གར་དང་ཨ་རི་གཞུང་གཅིག་པུས་རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་བྱས་ན་ཡང་། ད་ལྟའི་ཆར་ཐ་ན་ཡུ་རོབ་རྒྱལ་ཁབ་ཁག་ནས་ཨེ་ཊི་ལེ་དང་ཧྥ་རན་སི། ཨེ་སི་ཊོ་ནེ་ཡ(Estonia)། ལའེ་ཐའོ་ནེ་ཡ(Lithuania)། ལའོ་ཟིམ་བྷོག་ (Luxembourg)སོགས་ཀྱིས་ཀྱང་རྒྱ་ནག་ལ་བོད་ཀྱི་གནད་དོན་ཐད་ནས་བསྒྲགས་གཏམ་སྤེལ་ཏེ་ཁ་གཏད་གཅོག་གི་ཡོད་པ་དང་། དོན་དངོས་སུ་འཇར་མན་གྱིས་སྣེ་ཁྲིད་འོག་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཁག་ནི་ཨོ་སི་ཁྲི་ལི་ཡ་དང་ནའེ་ཛི་ལན་ཊི། ཁ་ན་ཊ་ཕུད་ཡུ་རོབ་རྒྱལ་ཁབ་ཚོ་ཆགས་ཀྱི་ཡོད་པ་རེད།

འཇར་མན་གྱི་སྣེ་ཁྲིད་འོག་བོད་དང་ཤིན་ཅང་། ཧོང་ཀོང་གནད་དོན་སྐོར་གྱི་བསྒྲགས་གཏམ་དེས་པེ་ཅིན་ གཞུང་འགག་ཤིན་ཏུ་དོག་ཆེ་བའི་ཉེན་ཁའི་གནས་སུ་དེད་ཡོད་པ་དང་། གནད་དོན་དེས་རྒྱ་ནག་གཞུང་གིས་བོད་ཁྲིམས་འགལ་ཐོག་བཙན་གནོན་དབང་སྒྱུར་བྱས་པར། འཛམ་གླིང་གིས་རྒྱ་ནག་ལ་ཁ་གཏད་བཅོག་རྒྱུའི་གྲ་སྒྲིག་ཡོད་པ་གསལ་སྟོན་བྱས་ཡོད་པ་དང་། གལ་ཏེ་མ་འོངས་པར་བོད་ལ་དངོས་སུ་རང་བཙན་ཐོབ་པ་ཡིན་ན་བོད་དེ་འཛམ་གླིང་གི་ཆེས་ཆེ་བའི་རྒྱལ་ཁབ་ ༡༠ པ་དེ་ཆགས་རྒྱུ་ཡིན་པ་རེད།

ཐེངས་འདིའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་དེས། རྒྱ་ནག་གཞུང་ད་ལྟ་ནས་དཀའ་ངལ་ཆེན་པོ་ཞིག་གི་ནང་དེད་ཡོད་པ་དང་། གནད་དོན་དེའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་གཞུང་ཚབ་པ་ཀྲང་ཅུན(Zhang Jun)ཟེར་བས། བསྒྲགས་གཏམ་དེའི་དམིགས་ཡུལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ཚོའི་ཁྲོད་ཕན་ཚུན་ཁ་གཏད་དུ་ལངས་རྒྱུའི་ཆེད་ཡིན་སྐོར་བརྗོད་ཡོད་པ་རེད། ད་དུང་ཁོས་གནད་དོན་དེ་ནི་རྒྱལ་ཁབ་དེ་དག་གིས་གནས་ཚུལ་རྫུན་བསྒྲགས་དང་། ཆབ་སྲིད་ཀྱི་ནད་འབུ་བཀྲམས་ནས་རྒྱ་ནག་ལ་མིང་ངན་བཟོ་ཐབས་དང་། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་ཐབས་བྱེད་བཞིན་ཡོད་པས་རྒྱ་ནག་གིས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་སོགས་བརྗོད་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ནས་བཟུང་གནའ་བོའི་ནང་པའི་རྒྱལ་ཁབ་བོད་དེ་ཁྲིམས་འགལ་ངང་བཙན་བཟུང་བྱས་པར། གོ་ལ་ཡོངས་སུ་བོད་ཀྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་ལ་ཁ་གཏད་ཀྱི་རྟགས་མཚན་ཤུགས་ཆེར་མངོན་ཡོང་གི་ཡོད་པ་རེད། དོན་དངོས་སུ་བོད་དོན་གྱིས་རྒྱ་ནག་དེ་འཁོས་ཞན་དུ་བཏང་ཡོད་པ་དང་། རྒྱ་ནག་གིས་གནའ་བོའི་ནང་པའི་རྒྱལ་ཁབ་དེ་ཤོར་རྒྱུའི་འཇིགས་སྣང་གཅིག་པུ་ཙམ་མིན་པར། འཛམ་གླིང་ཡོངས་ནས་བོད་དོན་ལག་ཆ་རུ་སྤྱད་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་ནག་པོ་བཟོ་གཞིར་གྱུར་ཡོད་པ་རེད།

འཇར་མན་རང་དཔེ་མཚོན་དུ་བཞག་ནས་བཤད་ན། ད་བར་འཇར་མན་གྱི་སྲིད་བློན་ཨེན་ཇི་ལ་མཱར་ཁིལ་(Angela Merkel)ལགས་ཀྱི་དུས་སྐབས་སུ་པེ་ཅིན་དང་ཡག་པོ་ཡོད་ན་ཡང་། ཉེ་བའི་ཆར་ནས་ཁོང་མོ་དང་པེ་ཅིན་གཞུང་བར་གནད་དོན་བྱུང་མགོ་ཚུགས་ཡོད་ལ། ད་ལྟ་ལས་ཡུན་རྫོགས་ལ་ཉེ་བའི་ལྕམ་མཱར་ཁིལ་ལགས་ཀྱིས་རང་ཉིད་ལོ་རྒྱུས་ཀྱི་དེབ་ཐེར་ནང་ཉམ་ཆུང་བའི་མགོ་འཁྲིད་ཅིག་ཆགས་འདོད་མེད་སྟབས། ཁོང་མོ་རྒྱ་ནག་གཞུང་གི་ཁ་གཏད་དུ་ལངས་ཡོད་པ་དང་། ཁོང་མོས་ཆེས་ལས་སླ་བོས་ངང་པེ་ཅིན་གཞུང་གི་ཁ་གཏད་དུ་ལངས་ཐབས་ནི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྡོག་རོལ་གཏོང་བཞིན་པ་དེ་ཡིན་པར་ངེས་ཤེས་རྙེད་ཡོད།

ཡུ་རོབ་མནའ་འབྲེལ་གྱི་དོན་དམ་པའི་མགོ་ཁྲིད་ཡིན་པ་མཱར་ཁིལ་ལགས་ཀྱིས་ཡུ་རོབ་གྱི་ཚོང་པ་དང་ཁེ་ལས་པ་ཚོ་རྒྱ་ནག་གི་ཁྲོམ་རའི་ནང་ཞུགས་ཐུབ་པར་གྲོས་མོལ་ཧུར་ཐག་གིས་བྱས་ཡོད། ཉེ་སྔོན་ནས་ཁོང་མོས་རྒྱ་ནག་ཕྱོགས་ནས་ཚོང་རའི་ཁྱབ་ཁོངས་ཁག་ཅིག་ཏུ་ཞུགས་བཅུག་མེད་པ་དེས།  རྒྱ་ནག་ཡུ་རོབ་གྱི་ཁྲོམ་རར་ཞུགས་པར་གོ་སྐབས་གུ་དོག་པོར་འགྱུར་བཞིན་ཡོད་སྐོར་བརྗོད་ཡོད་ལ། རྒྱ་ནག་ཕྱོགས་ནས་རང་དབང་གི་ཁྲོམ་རའི་བྱེད་ཐབས་ལག་བསྟར་བྱེད་པར་སྔར་ནས་ཐེ་ཚོམ་བྱེད་ཀྱི་ཡོད་པ་ལྟར། གནད་དོན་དེས་ཡུ་རོབ་མནའ་འབྲེལ་ལ་སེམས་ཁྲལ་ཤུགས་ཆེར་སློང་བཞིན་ཡོད་ན་ཡང་། ད་ལྟ་ཡུ་རོབ་མནའ་འབྲེལ་དང་མཱར་ཁེལ་ལགས་ཀྱིས་བོད་ཀྱི་གནད་དོན་ཡར་བསླངས་ཏེ། རྒྱ་ནག་གི་འདོད་མོས་ལྟར་གྱི་ཁ་ཕྱོགས་དེ་བསྒྱུར་ཡོད་ལ། རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྡོག་རོལ་གཏོང་བཞིན་པའི་གནད་དོན་གླེང་སློང་བྱས་པ་དེས། མཱར་ཁིལ་ལགས་ལ་རྒྱ་ནག་གི་ཁ་གཏད་དུ་ལངས་ནས་གོང་ཚད་གཅོག་པའི་ནུས་པ་དེ་ལས་ཆེ་བར་གྱུར་ཡོད།

བོད་ཤོར་རྒྱུའི་གནད་དོན་དེ་རྒྱ་ནག་ཆེས་འཇིགས་སྣང་སྐྱེས་ས་དེ་ཡིན་པ་དང་། དེ་ཡི་རྐྱེན་གྱིས་རྒྱ་ནག་གི་དགྲ་བོ་ཚོས་དབྱུག་པ་དེ་ཡིས་རྒྱ་ནག་རྡུང་གི་ཡོང་གི་ཡོད་པ་རེད་ལ། གནད་དོན་འདིའི་ཐད་ནས་རྒྱ་ནག་ཕམ་ཉེས་ཆེན་པོ་འབྱུང་རྒྱུ་ཡིན་པ་དང་། རྒྱུ་མཚན་ཆེས་མཐའ་མཇུག་དེར་བོད་ཀྱི་གནད་དོན་དེ་ལྡི་ལི་གསར་པ་དང་ཝ་ཤིན་ཊོན་གྱི་ཕྱི་རོལ་ལས་བརྒལ་ཐུབ་ཡོད་པས་སོ།།

མཆན། རྩོམ་པ་པོ་ཨེག་ཤི་ནཱ་རཱན་རྒྱ་གར་གྱི་སྲིད་དོན་ཉམས་ཞིབ་པ་དང་། གནོད་དོན་དབྱེ་ཞིབ་རྩོམ་འབྲི་མཁན་ཞིག་ཡིན་པ་དང་། ཁོང་གིས་རྒྱ་གར་དང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་རྒྱ་གར་གྱི་ཆབ་སྲིད་དང་། རྒྱལ་སྤྱིའི་གནད་དོན་སོགས་ཀྱི་སྐོར་ལ་རྩོམ་ཡིག་མང་པོ་སྤེལ་ཡོད།

མ་ཡིག་གི་འབྲེལ་ཐག https://tfipost.com/2020/10/tibet-used-to-be-an-issue-only-for-india-now-39-countries-including-germany-are-slamming-china-for-it/?fbclid=IwAR1Cd4uUFC0rPvnPANvjL2n4PFsfCXNhJW_XAcdCvRUWDOP3nPnMdiiDExY

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

ཆུ་ཚོད་ ༥ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

ཆུ་ཚོད་ ༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༦/༠༢/༢༤
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༢/༢༤
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

མཆན། 1

  1. Sonam Gyaltsen says:
    ལོ་ 5 སྔོན།

    ༼མཆན། རྩོམ་པ་པོ་ཨེག་ཤི་ནཱ་རཱན་རྒྱ་གར་གྱི་སྲིད་དོན་ཉམས་ཞིབ་པ་དང་། གནོད་དོན་དབྱེ་ཞིབ་རྩོམ་འབྲི་མཁན་ཞིག་ཡིན་པ་དང་། ཁོང་གིས་རྒྱ་གར་དང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་རྒྱ་གར་གྱི་ཆབ་སྲིད་དང་། རྒྱལ་སྤྱིའི་གནད་དོན་སོགས་ཀྱི་སྐོར་ལ་རྩོམ་ཡིག་མང་པོ་སྤེལ་ཡོད།༽ དེ་ནི་རྒྱ་གར་ཁོ་རང་ཚོས་ 1954 Tibet is Part of China ནག་པོ་སྦེད་ཐབས་རེད། དེ་ལ་ཉིན་གཅིག་རྒྱ་མིའི་ཡ་ལན་སྤྲད་ཀྱི་རེད། ད་ལན་ Corona ? ཤུག་བརྒྱབ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese