མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་ཊོམ་ཕུ་མཆོག་གིས་སྲིད་དབང་རྩིས་སྤྲོད་ཀྱི་ལས་མགོ་རྩོམ་གྱི་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གི་ཕྱོགས་ནས་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ངོས་བཞེས་མ་གནང་བར་བརྟེན་མངའ་སྡེ་ཁག་ཅིག་གི་འོས་ཤོག་ལ་བསྐྱར་དུ་གྲངས་བཤེར་བྱེད་ཀྱི་ཡོད་ཀྱང་བདམས་ཐོན་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་ལ་སྲིད་དབང་རྩིས་སྤྲོད་ཀྱི་ལས་རིམ་མགོ་འཛུགས་ཀྱི་ཡོད་འདུགདེ་རིང་ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་མངའ་སྡེ་མི་ཆི་གྷན་(Michigan) གྱིས་མངའ་སྡེ་དེའི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཇོ་བྷའེ་ཌིན་མཆོག་ལ་ཐོབ་ཡོད་པའི་གཞུང་འབྲེལ་གསལ་བསྒྲགས་བྱས་པ་དང་བསྟུན། ཁ་སང་ཕྱི་ཚེས་ ༢༣ ཉིན་སྲིད་འཛིན་ཊོམ་ཕུ་མཆོག་གི་འཛིན་སྐྱོང་གིས་བདམས་ཐོན་སྲིད་འཛིན་ཇོ་བྷའེ་ཌིན་མཆོག་ལ་སྲིད་དབང་རྩིས་སྤྲོད་ཀྱི་བརྒྱུད་རིམ་མགོ་འཛུགས་བྱ་རྒྱུར་མོས་མཐུན་བྱས་ཡོད་འདུག

ཁ་སང་ཨ་རིའི་སྲིད་འཛིན་གྱི་སྲིད་དབང་རྩིས་སྤྲོད་ཐད་བཀོད་འདོམས་བྱེད་མཁན་གྱི་ལས་ཁུངས་ General Services Administration ཀྱི་འགན་འཛིན་ལྕམ་ཨེ་མི་ལི་མུར་ཧྥེ་ Emily Murphy ཡིས། བདམས་སྲིད་འཛིན་ཇོ་བྷའེ་ཌིན་མཆོག་ལ་གཞུང་འབྲེལ་ཕྱག་ཡིག་ཅིག་བཏང་བའི་ནང་། ཁོང་མོར་ཕོ་བྲང་དཀར་པོས་སྲིད་དབང་རྩིས་སྤྲོད་ཀྱི་བརྒྱུད་རིམ་དེ་ཉིད་འགོར་འགྱངས་བྱེད་དགོས་པའི་གནོན་ཤུགས་སྤྲད་མེད་པ་མ་ཟད། ད་ཐེངས་ཕྱོགས་ཞེན་དང་ཞེད་སྣང་གི་འོག་ནས་དངོས་སུ་རྩིས་སྤྲོད་བྱ་རྒྱུའི་ཐག་གཅོད་བྱས་མེད་པར། ཉེ་ལམ་འོས་བསྡུའི་གྲུབ་འབྲས་དང་འབྲེལ་བའི་ཁྲིམས་ཁང་གི་བཅད་ཁྲ་དང་། འོས་བསྡུའི་གྲུབ་འབྲས་ཀྱི་མཐའ་མའི་ཐག་གཅོད་བཅས་ལ་གཞིར་བཞག་སྟེ་རང་གིས་ཐག་གཅོད་བྱས་པ་ཞིག་ཡིན་སྐོར་བཀོད་འདུག་ལ། ཁོང་མོས་ཨ་རིའི་འབྲེལ་ཡོད་ལས་ཁུངས་ཁག་ལ་སྲིད་དབང་རྩིས་སྤྲོད་ཀྱི་ལས་ཀ་དངོས་སུ་མགོ་བརྩམ་དགོས་པའི་བཀའ་ཡང་བཏང་ཚར་ཡོད་འདུག

ལས་ཁུངས་དེའི་གཞུང་འབྲེལ་ཐག་གཅོད་དང་བསྟུན། སྲིད་འཛིན་ཊོམ་ཕུ་མཆོག་སྐུ་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཊུ་ཝེ་ཊིར་སྟེང་། སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ལ་མུ་མཐུད་ནས་འཐབ་རྩོད་བྱ་རྒྱུ་ཡིན་ཡང་། རྒྱལ་ཁབ་ཀྱི་ཁེ་ཕན་གྱི་ཆེད་དུ། ངས་ཨེ་མི་ལི་ (Emily Murphy) དང་ཁོང་མོའི་ལས་ཚོགས་ལ་སྔོན་འགྲོའི་ཁྲིམས་སྒྲིག་གཞིར་བཟུང་གང་བྱ་དགོས་པ་རྣམས་བྱེད་དགོས་པའི་བསམ་ཚུལ་འདོན་གྱི་ཡོད་ལ། ངས་རང་གི་ལས་ཚོགས་ལའང་དེ་ལྟར་གདམས་ཡོད། ཅེས་བརྗོད་དེ། ཨ་རིའི་ལྷན་ཁང་ཁག་གི་གཞི་རྩའི་བྱེད་སྒོ་ལ་བཀོད་འདོམས་བྱེད་པའི་རང་དབང་ཅན་གྱི་ལས་ཁུངས་ General Services Administration ངོས་ནས་སྲིད་དབང་རྩིས་སྤྲོད་ཀྱི་བརྒྱུད་རིམ་དག་མགོ་བརྩམ་ཆོག་པའི་བརྡ་ལན་སྤྲད་གནང་ཡོད་འདུག ཡིན་ན་ཡང་ཊོམ་ཕུ་མཆོག་གིས་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ལ་མུ་མཐུད་ནས་འཐབ་རྩོད་བྱ་རྒྱུ་ཡིན་སྐོར་དང་། ད་ལྟ་རང་ཉིད་འོས་བསྡུར་ཕམ་ཁ་ཤོར་བ་ངོས་ལེན་བྱ་རྒྱུ་མིན་སྐོར་བསྒྲགས་ཡོད་འདུག

ཉེ་ཆར་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚུད་པའི་ཨ་རིའི་གནད་ཡོད་མི་སྣ་མང་པོས་ཨེ་མི་ལི་ (Emily Murphy)ལ་སྲིད་དབང་རྩིས་སྤྲོད་ཀྱི་བརྒྱུད་རིམ་དུས་ལྟར་མགོ་བཙུགས་ཐུབ་མེད་པ་དེར་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་ཡོད་པ་དང་། དབྱེ་ཞིབ་པས་ད་ལན་གྱི་ཐག་གཅོད་འདིས་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཇོ་བྷའེ་ཌིན་མཆོག་ལ་སྲིད་དབང་དངོས་སུ་རྩིས་སྤྲོད་བྱ་རྒྱུའི་བརྒྱུད་རིམ་མགོ་བཙུགས་ཟིན་པར་ངོས་འཛིན་བྱེད་ཀྱིན་འདུག་ལ། ད་ལྟའི་ཆར་སྲིད་འཛིན་ཊོམ་ཕུ་མཆོག་ལ་འོས་བསྡུའི་གྲུབ་འབྲས་རྩིས་མེད་གཏོང་རྒྱུའི་གདམ་ཀ་དེ་ཙམ་ལྷག་མེད་སྐོར་བཤད་ཀྱི་འདུགསྲིད་འཛིན་ཊོམ་ཕུ་མཆོག་གིས་ད་ལྟ་ཇོ་བྷའེ་ཌིན་མཆོག་ལ་རྒྱལ་ཁ་ཐོབ་པའི་ཨ་རིའི་མངའ་སྡེ་པེན་སིལ་ཝེ་ནི་ཡ་(Pennsylvania) དང་། མི་ཆི་གྷན། ཇོར་ཇི་ཡ་(Georgia)། ཝི་སི་ཁོན་སིན་ (Wisconsin) བཅས་ཀྱི་གྲུབ་འབྲས་ལ་རྩོད་གླེང་བྱས་ཏེ་མངའ་སྡེ་སོ་སོའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གྱོད་གཏུག་བྱས་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་པེན་སིལ་ཝེ་ནི་ཡ་མངའ་སྡེའི་ཁྲིམས་ཁང་གིས་གྱོད་གཏུག་ལ་བདེན་དཔང་ངོ་མ་མེད་པའི་སྒོ་ནས་མངའ་སྡེ་དེའི་འོས་ཤོག་ས་ཡ་ ༧ ལྷག་རྩིས་མེད་གཏོང་ཐབས་བྱས་ཡོད་སྐོར་གྱི་ཐག་གཅོད་བྱས་ཡོད་པ་དང་། དེ་བཞིན་ཇོར་ཇི་ཡའི་ནང་འོས་ཤོག་བསྐྱར་དུ་གྲངས་བཤེར་བྱས་རྗེས་བྷའི་ཌིན་མཆོག་ལ་བསྐྱར་དུ་རྒྱལ་ཁ་ཐོབ་མིན་ལ་མ་ལྟོས་པར། ཊོམ་ཕུའི་ཕྱོགས་གཏོགས་ནས་ཡང་བསྐྱར་འོས་ཤོག་གྲངས་བཤེར་དགོས་སྐོར་བརྗོད་ཡོད་པ་དང་། ཝི་སི་ཁོན་སིན་མངའ་སྡེའི་ནང་འོས་ཤོག་བསྐྱར་དུ་གྲངས་བཤེར་བྱེད་མུས་སྒང་ལ་ཡིན་འདུག ད་ལྟའི་ཆར་སྲིད་འཛིན་ཊོམ་ཕུ་མཆོག་གི་འོས་བསྡུའི་གྲུབ་འབྲས་ལ་དོགས་སློང་དང་གྱོད་གཏུག་གི་ལས་འགུལ་དེར་སྤྱི་མཐུན་ཚོགས་པའི་ཚོགས་མི་མང་པོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། དམངས་གཙོ་ཚོགས་པ་གཙོས་པའི་སྤྱི་མཐུན་ཚོགས་པའི་གནད་ཡོད་མི་སྣ་དང་ཆེད་མཁས་སློབ་སྟོན་པ། དེ་བཞིན་ཊོམ་ཕུའི་ཕྱོགས་གཏོགས་མི་སྣ་མི་ཉུང་བས་ཊོམ་ཕུ་མཆོག་ལ་འོས་བསྡུའི་གྲུབ་འབྲས་ངོས་ལེན་བྱ་རྒྱུའི་དགོས་འདུན་བཏོན་ཡོད་འདུག

ད་ལྟའི་ཆར་གཞུང་འབྲེལ་གྱི་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་ཐོན་མེད་ནའང་། རྒྱལ་ཡོངས་ཀྱི་གསར་ཁང་ཆེ་ཁག་གི་གནས་ཚུལ་ལྟར་ན། ཨ་རིའི་འོས་འདེམས་ལྷན་ཚོགས་ཀྱི་ཞབས་བཀྱག་ཁྱོན་ ༥༣༨ ཁྲོད་ནས་ཇོ་བྷའེ་ཌིན་མཆོག་ལ་ ༣༠༦ དང་། སྲིད་འཛིན་ཊོམ་ཕུ་མཆོག་ལ་ ༢༣༢ ཐོབ་ཡོད་ཅིང་། རྒྱལ་ཡོངས་ཀྱི་འོས་ཤོག་ཐད་ནས་བཤད་ན་བྷའེ་ཌིན་མཆོག་ལ་ཊོམ་ཕུ་ལས་འོས་གྲངས་ས་ཡ་ ༦ གིས་མང་བ་ཐོབ་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༩ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༤ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese