མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྙན་གྲཊ་ཅན་གྱི་རྐང་སྤོལ་རྩེད་མོ་བ་ཞིག་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༠/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཨར་ཇེན་ཊི་ནའི་རྐང་སྤོལ་རྩེད་མོ་བ་མེ་རེ་ཌོ་ན་སྙིང་རྩ་འགག་སྟེ་དགུང་ལོ་ ༦༠ ཡི་ཐོག་འདས་གྲོངས་སུ་ཕྱིན་པར་རྐང་སྤོལ་རྩེད་མོ་བ་དང་རྐང་སྤོལ་ལ་དགའ་མོས་བྱེད་མཁན་གྱི་མི་གྲངས་ཁྲི་ཕྲག་མང་པོས་མྱ་ངན་ཞུ་ཡི་འདུགཁ་སང་ཕྱི་ཚེས་ ༢༥ ཉིན་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཨར་ཇེན་ཊི་ན་ (Argentina) ནས་ཡིན་པའི་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་པ་གྲགས་ཅན་ཌི་གོ་མེ་རེ་ཌོ་ན་ (Diego Maradona) སྙིང་རྩ་འགག་པའི་རྐྱེན་གྱིས་རང་ཁྱིམ་དུ་འདས་གྲོངས་སུ་ཕྱིན་ཡོད་སྟབས། དེང་སྐབས་འཛམ་གླིང་སྙན་གྲགས་རྒྱས་བཞིན་པའི་རྐང་སྤོལ་རྩེད་འགྲན་པ་མེ་སི་ ( lionel Messi) དང་རོ་ནལ་ཌོ་(Cristiano Ronaldo)སོགས་རྐང་སྤོལ་ཆེད་ལས་བ་དང་རྐང་སྤོལ་ལ་དགའ་མོས་ཡོད་མཁན་ཁྲི་ཕྲག་མང་པོས་བློ་ཕམ་ཆེན་པོས་མྱ་ངན་ཞུ་བཞིན་འདུག་ལ། ཨར་ཇེན་ཊི་ན་ཡིས་ཉིན་གྲངས་གསུམ་རིང་གཞུང་འབྲེལ་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན་སྐོར་བསྒྲགས་འདུག

མེ་རི་ཌོ་ན་འདས་གྲོངས་སུ་གྱུར་བ་དེར་ཨར་ཇེན་ཊི་ན་ཡུལ་གྱི་སྲིད་འཛིན་ཨལ་བྷར་ཊོ་ཧྥེན་ནན་ཌེ་ཛི་ (Alberto Fernandez) ཡིས་རང་གི་ཊུ་ཝེ་ཊིར་སྟེང་། ཁྱེད་ཀྱིས་ང་ཚོ་གོ་ལའི་ཡང་རྩེར་ཁྲིད་སོང་། ཁྱེད་ཀྱིས་ང་ཚོར་བདེ་སྐྱིད་བླ་ལྷག་བྱིན་བྱུང་། ཁྱེད་ནི་ཆེས་ཕུལ་དུ་བྱུང་བ་ཞིག་རེད། ཁྱེད་ཡོད་པ་ཁོ་ན་དེར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

ཕྱི་ལོ་ ༡༩༨༦ ལོར་མེ་རོ་ཌོ་ན་ཡིས་སྣེ་ཁྲིད་པའི་ཨར་ཇེན་ཊིའི་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གིས་གོ་ལའི་རྐང་སྤོལ་རྩེད་འགྲན་གྱི་རྒྱལ་ཁ་ཆེན་པོ་བླངས་ཏེ། མེ་རོ་ཌོ་ན་ཞེས་པའི་མཚན་སྙན་དེ་འཛམ་གླིང་ཡོངས་སུ་ཁྱབ་སྟེ། འཛམ་གླིང་རྐང་སྤོལ་ལོ་རྒྱུས་ཁྲོད་ཀྱི་འགྱུར་མེད་རྡོ་རིང་ཞིག་ཏུ་གྱུར་ཡོད་པ་རེད། ད་ལན་མེ་རོ་ཌོ་ན་འདས་གྲོངས་སུ་གྱུར་པ་དེར། ཁོང་དང་ལྷན་དུ་རྐང་སྤོལ་རྩེ་མྱོང་བའི་ཨར་ཌིལ་སི་ (Ardiles) ཞེས་པས། མེ་རེ་ཌོ་ན་ནི་ཨར་ཇེན་ཊི་ན་ཙམ་དུ་མ་ཟད། འཛམ་གླིང་ཡོངས་ནང་ལྷ་ལྟ་བུ་ཞིག་ཡིན། ཁོང་ནི་རྐང་སྤོལ་གྱི་ཆེས་ཕུལ་དུ་བྱུང་བའི་མི་སྣ་ཞིག་ཏུ་གདེང་འཇོག་བྱ་ངེས་རེད། རོ་ནལ་ཌོ་དང་མེ་སི་ལྟ་བུས་རང་ཉིད་ལ་མི་མང་གི་དགའ་མོས་དེ་འདྲ་འཐོབ་རྒྱུའི་རྨི་ལམ་ཡང་གཏོང་ཐུབ་ཀྱི་མེད། ཅེས་གདེང་འཇོག་མཐོན་པོ་བྱས་འདུག་ལ། ཕྱི་ལོ་ ༢༠༠༤ ཡས་མས་སུ་སྙན་གྲགས་ཆགས་པའི་རྐང་སྤོལ་རྩེད་འགྲན་པ་གྲགས་ཅན་ཌེ་ཝིད་བྷེ་ཁམ་(David Beckham) གྱིས་ཀྱང་། དེ་རིང་ནི་ཨར་ཇེན་ཊི་ན་དང་རྐང་རྩེད་སྤོ་ལོར་མཚོན་ན་ཡིད་སྐྱོ་བའི་ཉིན་མོ་ཞིག་ཡིན་སྐོར་བརྗོད་འདུགསྙན་གྲགས་ཅན་གྱི་རྐང་སྤོལ་རྩེད་འགྲན་པ་ཁོང་འདས་གྲོངས་སུ་གྱུར་བ་དེར་ཨར་ཇེན་ཊི་ནའི་མི་རབས་རྒན་གཞོན་བར་གསུམ་གྱིས་མྱ་ངན་དང་འབྲེལ། ཁ་སང་ཡུལ་དེར་ཚོགས་གཏན་འཁེལ་བའི་རྐང་སྤོལ་རྩེད་འགྲན་ཕར་འགྱངས་བྱས་ཡོད་པ་མ་ཟད། ཁོང་དང་རྐང་སྤོལ་ལ་དགའ་མོས་བྱེད་མཁན་གྱིས་མི་བརྒྱ་ཕྲག་མང་པོ་ཡུལ་དེའི་གྲོང་ཁྱེར་བྷུ་ནོ་སི་ཨེར་སི་ (Buenos Aires) ལ་ཡོད་པའི་རྐང་སྤོལ་རྩེད་ཐང་གྱི་མདུན་ཐང་དུ་འཛོམས་ཏེ་མྱ་ངན་གུས་འདུད་ཀྱི་མེ་ཏོག་དང་མཆོད་མེ་སྒྲོན་པ་སོགས་བྱས་འདུག གཞན་ཡང་མེ་རོ་ཌོ་ནའི་རྐང་སྤོལ་རུ་ཁག་ནེ་ལོ་ལི་ (Napoli Footbal Club) ཡིས་སོ་སོའི་རྩེད་ཐང་གི་གློག་རྣམས་བཀར་ཏེ་ཁོང་ལ་མྱ་ངན་ཞུས་ཡོད་འདུག

ཕྱི་ལོ་ ༡༩༧༦ ལོར་མེ་རེ་ཌོ་ན་ཨར་ཇེན་ཊི་ནའི་ཨར་ཇེན་ཊི་ནོ་སི་ཇུ་ནར་སི་ (Argentinos Juniors) ཞེས་པའི་ས་གནས་ཀྱི་རྐང་སྤོལ་རུ་ཁག་ནང་ཞུགས་པ་དང་། རིམ་པས་རྒྱལ་ཡོངས་ནང་སྙན་གྲགས་རྒྱས་ཏེ། ཡུལ་དེའི་རྐང་སྤོལ་རུ་ཁག་བྷོ་ཁ་ཇུ་ནར་སི་ (Boca Juniors) དང་། དེ་ནས་བྷར་སེ་ལོ་ན་(Barcelona Club)། ནེ་པོ་ལི་བཅས་ནང་ཞུགས་ཏེ། ཕྱི་ལོ་ ༡༩༨༦ ལོའི་གོ་ལའི་ཧྥི་ཧྥ་རྐང་སྤོལ་རྩེད་འགྲན་ (FIFA World Cup) སྟེང་ཨར་ཇེན་ཊི་ནར་རྒྱལ་ཁ་བླངས་ཡོད་ཅིང་། ཕྱི་ལོ་ ༢༠༠༠ ལོར་ཧྥི་ཧྥ་རྩེད་འགྲན་ལྷན་ཚོགས་ཀྱིས་རྐང་སྤོལ་གྱི་རྒྱལ་པོར་གྲགས་པའི་རྩེད་འགྲན་པ་པེ་ལེ་ (Pele) དང་ཁོང་གཉིས་ལ་དུས་རབས་ ༢༠ པའི་ཕུལ་བྱུང་རྩེད་འགྲན་པའི་གཟེངས་རྟགས་ཕུལ་ཡོད་པ་རེད། ཡིན་ན་ཡང་རྩེད་འགྲན་གྱི་དུས་ཡུན་རིང་མེ་རེ་ཌོ་ནས་མྱོས་རྫས་སྤྱད་པའི་རྐྱེན་གྱིས་རྐང་སྤོལ་འགྲན་བསྡུར་ནས་ཕྱིར་འབུད་བཏང་བ་དང་། ནག་ཚོགས་དང་འབྲེལ་འདྲིས་བྱུང་བ་སོགས་རྙོག་གླེང་ཆེན་པོ་བྱུང་ཡོད་ལ། ཁོང་མྱོས་རྫས་ལ་ངན་གོམས་སོང་བའི་གནད་དོན་ཡང་བསྟུད་མར་ཐོན་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༧ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese