མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མེ་ཏོག་རྫོང་དུ་ཆུ་མཛོད་ཆེན་པོ་ཞིག་རྒྱག་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་རྒྱུད་དུ་ཆགས་པའི་མེ་ཏོག་རྫོང་གི་རི་འགག་ཅིག་ཏུ་ཆུ་མཛོད་ཆེན་པོ་ཞིག་རྒྱག་འཆར་ཡོད་པ་དང་དེས་རྒྱ་ནག་དང་ལྷོ་ཨེ་ཤ་ཡའི་གློག་དང་གཞུང་ལམ་མཉམ་འབྲེལ་ལ་ཕན་ཐོགས་ཡོང་བར་བཤད། ཁ་སང་ཕྱི་ཚེས་ ༢༩ ཉིན་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་རྒྱུད་དུ་ཆུ་མཛོད་འཛུགས་བསྐྲུན་གྱི་ལས་གཞི་ཞིག་མགོ་འཛུགས་བྱ་འཆར་ཡོད་པ་དང་། ལས་གཞི་དེ་ཡིས་ཆུའི་ཐོན་ཁུངས་འབོར་ཆེན་ཉར་ཚགས་བྱེད་ཐུབ་པ་མ་ཟད། རྒྱལ་སྲུང་ལའང་ཕན་ཐོགས་ཡོད་སྐོར་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན། རྒྱ་ནག་གི་ཆུ་མཛོད་འཛུགས་བསྐྲུན་ཚོགས་པ་མགོ་འཛུགས་བྱས་ཏེ་མི་ལོ་ ༤༠ འཁོར་བའི་དུས་དྲན་སྟེང་། རྒྱ་ནག་གི་གློག་ནུས་འཛུགས་སྐྲུན་ཁང་གི་འགན་འཛིན་དང་དམར་ཤོག་ཚོགས་པའི་ཆུ་མཛོད་འཛུགས་བསྐྲུན་གྱི་དྲུང་ཆེ་ཡན་ཀྲི་ཡོང་ (Yan Zhiyong) ཟེར་བ་དེས།  དེ་ནི་རྒྱལ་སྲུང་གྱི་ལས་གཞི་ཞིག་ཡིན་ལ། དེ་ཡིས་རྒྱ་ནག་གི་ཆུའི་ཐོན་ཁུངས་བདེ་འཇགས་ཅན་དུ་བསྐྲུན་ཐུབ་པ་དང་། རྒྱལ་ནང་བདེ་འཇགས་ཅན་དུ་བསྒྱུར་ཐུབ་པ། དེ་བཞིན་མི་མང་གི་བདེ་སྡུག་དང་འབྲེལ་བའི་ལས་གཞི་ཞིག་ཡིན་སྐོར་བསྒྲགས་ཡོད་པ་དང་། ཡང་ལས་འཆར་དེ་ཡིས་ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་རྒྱ་སྒོར་དུང་ཕྱུར་ ༢༠ ལྷག་དང་གློག་གི་ནུས་ཤུགས་ཀེ་ལོ་ཝ་ཊི་ (kilowatts) ས་ཡ་ ༦༠ འདོན་ཐུབ་པ་རེད། ཅེས་དང་། བོད་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེ་ཡིས་རྒྱལ་སྤྱིའི་མཉམ་འབྲེལ་དང་སྐྱེས་ཁམས་ཡར་རྒྱས་ལ་ནུས་པ་ཆེན་པོ་འདོན་གྱི་ཡོད་པ་དང་། ཆུ་མཛོད་གྲུབ་རྗེས་རྒྱ་ནག་དང་ལྷོ་ཨེ་ཤ་ཡའི་གློག་དང་གཞུང་ལམ་མཉམ་འབྲེལ་ལ་ཞི་འཇགས་ཡོང་གི་ཡོད་སྐོར་བཤད།

འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་གནས་ཚུལ་ལྟར་ན། ཡར་ཀླུང་གཙང་པོའི་རྒྱུད་དུ་ཆུ་མཛོད་འཛུགས་བསྐྲུན་གྱི་ལས་གཞི་དེ་ནི་རྒྱ་ནག་དབུས་གཞུང་གི་ཕྱི་ལོ་ ༢༠༢༡ ནས་ ༢༠༢༥ ལོ་བར་གྱི་ལྔ་ཚན་ ༡༤ པའི་ལས་གཞི་ཡི་ཆ་ཤས་ཤིག་དང་། རྒྱལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཀྱི་ཆ་ཤས་ཤིག་ཡིན་འདུག་པ་མ་ཟད། དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་གྱི་ཕྱི་ལོ་ ༢༠༣༥ བར་ཀྱི་ཕུགས་རྒྱང་རིང་བའི་ལས་འཆར་ཞིག་ཡིན་འདུག དེ་བཞིན་ཆུ་མཛོད་དེའི་ལས་གཞིའི་གནས་ཚུལ་ཞིབ་ཕྲ་ལོ་རྗེས་མའི་ལོ་མགོའི་མི་དམངས་སྲིད་གྲོས་འཚོགས་རྗེས་བསྒྲག་རྒྱུ་ཡིན་འདུག

ཡང་རྒྱ་ནག་གི་གོ་ལའི་དུས་བབ་གྱི་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་ཧ་ཅང་རྒྱ་ཆེ་བའི་ཆུ་མཛོད་ཁང་ཞིག་གསར་རྒྱག་བྱ་རྒྱུ་ཡིན་པ་དེ། ཡར་ཀླུང་གཙང་པོའི་རྒྱུད་དུ་ཆགས་པའི་མེ་ཏོག་རྫོང་གི་རི་འགག་དུ་འཁེལ་ཡོད་སྐོར་བཀོད་ཡོད་པ་རེད། མེ་ཏོག་རྫོང་ནི་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་མཐའ་འབྲེལ་དུ་འཁེལ་ཡོད་སྟབས། ཆུ་མཛོད་དེས་ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་ཆགས་པའི་རྒྱ་གར་དང་བྷང་གྷ་ལའི་མི་མང་ལ་འཐུང་ཆུ་དང་ཡུར་ཆུ་སོགས་དང་འབྲེལ་ནས་བློ་འཚབ་དང་གླེང་གཞི་གསར་པ་ཞིག་བཟོས་ཡོད་པ་རེད།

ཡར་ཀླུང་གཙང་པོའི་རྒྱུད་དུ་ཆུ་མཛོད་གསར་རྒྱག་བྱེད་བཞིན་པ་དང་འབྲེལ་ནས་རྒྱ་གར་གྱི་དེ་རིང་ (India Today) གསར་ཁང་གི་སྤེལ་བའི་གནས་ཚུལ་ནང་། འདས་པའི་ལོ་ངོ་ ༡༠ ཙམ་གྱི་ནང་རྒྱ་ནག་གཞུང་གིས་ས་ཁུལ་དེའི་སྤྱི་ལེ་ ༢༤ ཙམ་གྱི་ནང་ཆུ་མཛོད་གསུམ་གསར་རྒྱག་བྱས་ཡོད་པ་དང་། དུས་ཡུན་ཐུང་ངུ་ཞིག་གི་ནང་ཆུ་མཛོད་ཀྱི་ལས་གཞི་ཤུགས་ཆེན་འགྲོ་བཞིན་པའི་དམིགས་ཡུལ་ནི། རྒྱ་ནག་གཞུང་གིས་རྒྱ་གར་དུ་བཞུར་བཞིན་པའི་ཆུ་བོར་སྟངས་འཛིན་བྱེད་ཐུབ་ཆེད་དང་། ཆུ་བོའི་ཁ་ཕྱོགས་རྒྱ་ནག་སྐམ་སར་བསྒྱུར་ཆེད་ཡིན་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༦ ནས་བཟུང་ལ་དྭགས་ཁུལ་གྱི་བོད་ཧིན་ས་མཚམས་སུ་རྒྱ་དཀར་ནག་གཉིས་བར་ས་མཚམས་ངག་འབྲེལ་ནས་ཕྱོགས་གཉིས་ཀྱི་དམག་མིའི་དབར་གདུང་ཐུག་བྱུང་བའི་ཁྲོད་རྒྱ་གར་གྱི་དམག་མི་ ༢༠ རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་ཐོན་ཡོད་པ་དང་། ད་ལྟའང་ཕྱོགས་གཉིས་ཀྱི་ཛ་དྲག་གི་གནས་སྟངས་དེ་ཡལ་མེད་པར་ས་མཚམས་ཁུལ་དུ་དམག་མི་ཤུགས་ཆེན་འགྲེམས་འཇོག་བྱས་ཡོད་པའི་སྐབས་འདིར། རྒྱ་གཞུང་གིས་རྩོད་རྙོག་ཡོད་པའི་མཐའ་མཚམས་ཁུལ་དུ་འཛུགས་བསྐྲུན་གྱི་ལས་གཞི་རྒྱ་ཆེན་ཡོད་པ་བསྒྲགས་པ་ཡོད་སྟབས། གནད་དོན་དབྱེ་ཞིབ་པས་རྒྱ་གར་ཕྱོགས་ནས་ཐེངས་འདིའི་ཆུ་མཛོད་འཛུགས་བསྐྲུན་ལས་གཞི་དང་འབྲེལ་ནས་རྒྱ་ནག་ལ་ཡིད་ཆེས་བྱེད་དཀའ་བའི་གནས་སུ་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ལས་འཆར་དེ་དང་འབྲེལ་ནས་གནས་ཚུལ་ཁ་གསལ་དགོས་རྒྱུ་གལ་ཆེན་ཡིན་སྐོར་དང་། ལས་གཞི་དེར་ཁ་གཏད་གཅོག་ཐབས་སུ་རྒྱ་གར་གཞུང་གིས་རྒྱལ་ཁབ་གཞན་ལ་རོགས་རམ་སློང་སྲིད་སྐོར་གྱི་ཚོད་དཔག་བྱེད་ཀྱི་འདུག

བོད་ནི་ཨེ་ཤ་ཡའི་ཆུ་བོ་ཆེན་པོ་ཁག་གི་འབྱུང་ཁུངས་ཡིན་པ་དང་། བོད་ཀྱི་ཆུ་གློག་གི་ཐོན་ཁུངས་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་གློག་གི་ཐོན་ཁུངས་ཀྱི་སུམ་ཆའི་གཅིག་ཙམ་ཟིན་གྱི་ཡོད་པ་དང་། ད་ལྟ་བོད་ཁུལ་དུ་ཉུང་མཐར་ཆུ་མཛོད་གསར་རྒྱག་གི་ལས་གཞི་ ༡༡ ཙམ་ལས་འཆར་འོག་གནས་ཡོད་འདུག དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་བོ་ཁག་གི་རྒྱུད་དུ་ཆུ་མཛོད་མང་པོ་བརྒྱབས་པར་བརྟེན། བོད་ནང་ཆུ་ལོག་དང་རི་ཉུལ་བྱུང་བའི་དོན་རྐྱེན་བསྟུད་མར་འབྱུང་གི་ཡོད་ལ། ཕྱི་ལོ་ ༢༠༡༨ ལོར་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་བོད་རང་སྐྱོང་ལྗོངས་སྨན་གླིང་རྫོང་ཕད་གྲོང་རྡལ་རྒྱ་ལ་ཡུལ་ཚོའི་ཉེ་འགྲམ་གྱི་ཡར་ཀླུང་གཙང་པོའི་གྲོག་རོང་དུ། བདུན་ཕྲག་གཅིག་གི་ནང་རི་ཉིལ་ཐེངས་གཉིས་བྱུང་ནས་ཆུ་བོའི་བཞུར་རྒྱུན་འགག་པར་བརྟེན།  ཉེ་འགྲམ་གྱི་ཁྱིམ་ཚང་མང་པོ་ཛ་དྲག་ངང་གནས་སྤོར་དགོས་བྱུང་ཡོད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

ཆུ་ཚོད་ ༥ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

ཆུ་ཚོད་ ༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༦/༠༢/༢༤
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༢/༢༤
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese