མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་གཞུང་གིས་བོད་མི་བཙན་བྱོལ་བར་སྔར་ལས་བཀག་སྡོམ་བྱ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

བལ་གཞུང་གིས་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཝེ་ཧྥིང་ཧི་ལ་བལ་ཡུལ་བརྒྱུད་རྒྱ་གར་ནང་བཙན་བྱོལ་དུ་ཡོང་མཁན་བོད་མི་རྣམས་ལ་སྔར་ལས་བཀག་སྡོམ་བྱ་རྒྱུ་ཡིན་ལུགས་བཤད།ཁ་སང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཉིན་ཤས་སྔོན་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཝེ་ཧྥིང་ཧི (Wei Fenghe)་ཟེར་བ་བལ་ཡུལ་ནང་སྐོར་སྐྱོད་དུ་ཡོང་སྐབས། བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་སེམས་ཐག་གཙང་བཅད་ཀྱིས་རྒྱབ་སྐྱོར་བྱེད་རྒྱུའི་ཁས་ལེན་བྱས་ཡོད་པ་མ་ཟད། བོད་དང་ཐའེ་ཝན་གཉིས་ནི་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། བོད་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུ་མཁན་དང་རྒྱ་གར་ལ་བཙན་བྱོལ་དུ་ཡོང་མཁན་བོད་མི་སྐྱབས་བཅོལ་བ་རྣམས་བཀག་འགོག་བྱ་རྒྱུ་ཡིན་སྐོར་བཤད་འདུག

རྒྱ་གར་གྱི་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ཐེངས་འདིའི་རྒྱ་བལ་གཉིས་ཀྱི་མགོ་འཁྲིད་ཐུག་འཕྲད་ཁྲོད།  རྒྱ་ནག་གཞུང་གིས་བལ་ཡུལ་གྱི་རང་དབང་དང་ས་ཁོངས་བདག་དབང་སྲུང་སྐྱོབ། དེ་བཞིན། རྒྱ་བལ་གཉིས་ཀྱི་ས་མཚམས་ཞི་གནས་ཡོང་བར་བལ་ཡུལ་གཞུང་ལ་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་དང་། དམིགས་བསལ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་གྱི་དཀའ་ངལ་ཐད་རོགས་རམ་དང་།  མུ་མཐུད་རྒྱ་བལ་གཉིས་གྱི་མཉམ་འབྲེལ་དམག་སྦྱོང་མགོ་འཛུགས་བྱ་རྒྱུའི་འཆར་གཞི་སོགས་བསྒྲིགས་ཡོད་འདུག

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཝེ་ཧྥིང་ཧི་ཟེར་བས། ངའི་སྐོར་སྐྱོད་འདི་ནི་རྒྱལ་ཁབ་གཉིས་བར་གྱི་དམག་སྲིད་འབྲེལ་ལམ་གོང་མཐོར་དང་སྔར་ཡོད་ཀྱི་འབྲེལ་ལམ་ཁག་ཟབ་རྒྱས་གཏོང་རྒྱུ་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་གྲུབ་འབྲས་མངོན་ཆགས་པ་ཐོན་སྲིད་པར་ཡིད་ཆེས་ཡོད། ཅེས་བརྗོད་ཡོད་པ་དང་། ཀཱ་ཐི་མན་ཀྲུའུ་ཆ་འཕྲིན་གྱིས་བལ་ཡུལ་ཕྱོགས་ནས་ཝེ་ཧྥིང་ཧི་དང་ལྷན་དུ་བོད་དང་ས་མཚམས་ཡིན་པའི་(Humla)རྫོང་ཁོངས་སུ་རྒྱ་ནག་གིས་ས་ཆ་བཙན་བཟུང་བྱེད་བཞིན་ཡོད་པའི་གནད་དོན་གླེང་སློང་བྱས་ཡོད་སྐོར་བསྒྲགས་འདུག

རྒྱ་གར་ཧིན་རྡུ་གསར་ཁང་གི་གནས་ཚུལ་ནང་། ཝེ་ཧྥེང་ཧི་ཡི་གཞུང་འབྲེལ་སྐོར་སྐྱོད་ཁྲོད། བལ་ཡུལ་གཞུང་ནས་བོད་དང་ཐའེ་ཝན་གཉིས་ནི་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ཁས་ལེན་ཙམ་མ་ཟད། རྒྱ་ནག་གིས་བལ་ཡུལ་གཞུང་ལ་མ་དངུལ་འབོར་ཆེན་གྱི་བུན་གཡར་དང་དཔལ་འབྱོར་ཐོག་ནས་རྒྱབ་སྐྱོར་བྱེད་བཞིན་པ་སོགས་ཕུད་དེ། བལ་ཡུལ་ནང་རྒྱལ་ཁབ་གཅིག་གི་སྲིད་བྱུས་སྲ་བརྟན་དུ་གཏང་སྟེ། བལ་ཡུལ་བརྒྱུད་བཞུགས་སྒར་དྷ་རམ་ས་ལར་༧གོང་ས་མཆོག་ལ་མཇལ་ཁ་ཞུ་བར་ཡོང་མཁན་གྱི་སྐྱབས་བཅོལ་བོད་མི་རྣམས་བཀག་འགོག་བྱེད་དུ་འཇུག་གི་ཡོད་སྐོར་བཤད་ཡོད་འདུག

ཡང་བལ་ཡུལ་གྱི་ཀཱ་ཐི་མན་ཀྲུའུ་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཝེ་ཧྥེང་ཧི་བལ་ཡུལ་ནང་ཡོང་བར་དམིགས་ཡུལ་ཆེན་པོ་གསུམ་ཡོད་པ་དང་། གཅིག་ད་ལྟའི་ཆར་བལ་ཡུལ་ནང་གཞུང་འཛིན་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་མིན་པ་དང་། རྒྱ་གར་ཕྱོགས་ནས་བལ་ཡུལ་གྱི་ནང་སྲིད་ཐད་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པར་ཞེ་སྣང་སྐྱེས་ཏེ། སྐོར་སྐྱོད་འདིས་ཉེ་སྔོན་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཧར་ཤ་ཝར་དྷན་ (Harsh Vardhan Shringla)ལགས་བལ་ཡུལ་ནང་ཡོང་བར་བརྡ་ལན་དང་། བལ་ཡུལ་ནང་རྒྱ་ནག་གི་ཆབ་སྲིད་ཀྱི་ཤུགས་རྐྱེན་གང་ཡོད་སྔར་ལྷག་རྒྱ་བསྐྱེད་གཏོང་ཐབས་སུ་དམིགས་ཡོད་པ་དང་། གཉིས་ནས་ཕྱི་ལོ་ ༢༠༡༦ ལོར་བལ་ཡུལ་གཞུང་དང་རྒྱ་ནག་བར་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་གྲོས་ཆོད་ཅིག་བཞག་ཡོད་ཀྱང་། ད་སྔ་བར་དོན་ཕན་ལྡན་པའི་གྲུབ་འབྲས་ཤིག་ཐོན་གྱི་མེད་སྟབས། ས་བབ་ཐོག་ནས་བལ་ཡུལ་འདི་རྒྱ་ནག་ལ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་ལྟར། ད་རེས་ཕྱོགས་སྐྱོད་འདི་བརྒྱུད་རྒྱ་ནག་གིས་ཚོང་འབྲེལ་དང་ཆབ་སྲིད་གཉིས་ཀྱི་ཐོག་ནས་བལ་ཡུལ་གྱི་ཁྱིམ་མཚེས་རྒྱ་གར་དང་རྒྱ་ནག་གི་ཚོང་འབྲེལ་ཁ་གཏད་ཨ་རིའི་གཉིས་ལ་བརྡ་ལན་སྤྲོད་ཀྱི་ཡོད་པ། དེ་བཞིན། གསུམ་ནས་འདས་ལོར་རྒྱ་བལ་གཉིས་བར་རྒྱ་སྒོར་ས་ཡ་ ༣༠༠ ཙམ་གྱི་དམག་སྦྱོང་དང་རིག་གཞུང་བརྗེ་རེས་ཀྱི་གན་རྒྱ་བཞག་ཡོད་པ་མུ་མཐུད་རྒྱུན་སྐྱོང་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

བལ་ཡུལ་གཞུང་འཛིན་ཚོགས་པའི་ལས་བྱེད་ཅིག་གིས་ཀཱ་ཐི་མན་ཀྲུའུ་ཆ་འཕྲིན་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་། ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་རྒྱ་ནག་གིས་ཚད་མཐོའི་སྐུ་ཚབ་མི་སྣ་གསུམ་ཆེད་དུ་བལ་ཡུལ་ནང་མངགས་གཏོང་བྱས་ཡོད་པ་དང་། དེ་ནི་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་བལ་ཡུལ་དུ་མ་འབྱོར་གོང་ནས་རྒྱ་ནག་གིས་གྲ་སྒྲིག་ཆ་ཚང་བྱས་ཟིན་པ་ཞིག་ཡིན་པ་དང་། ད་རེས་སྐོར་སྐྱོད་འདི་བརྒྱུད་རྒྱ་བལ་གཉིས་བར་ཚད་མཐོའི་སྐུ་ཚབ་མི་སྣ་ཐུག་འཕྲད་ཀྱི་ལས་རིམ་ཞིག་ཀྱང་བཟོས་ཡོད་སྐོར་བརྗོད་ཡོད་པ་རེད།

འབྲེལ་ཡོད་གནས་ཚུལ། བལ་གཞུང་གིས་བོད་མིར་དམ་དྲག་ཆེན་པོ་བྱེད་ཀྱི་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༥ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 1

  1. Choe Nyima says:
    ལོ་ 6 སྔོན།

    ཉི་རེའི་དུས་བབ་གསར་བཀོད་ཁག་དྲ་ལམ་རྒྱུས་ཐད་གཏོང་་གི་ལས་རིམ་ཡོད་ན་མཁོ་དགོསམཀྱིས་ཡིན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese