མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟླ་འདིའི་ཚེས་ ༡༥ ནས་ཨ་རིའི་ནང་ཏོག་དབྱིབས་སྨན་ཁབ་དགྲམ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ནས་ཨ་རི་རྒྱལ་ཡོངས་སུ་ཏོག་དབྱིབས་སྨན་ཁབ་བགོ་འགྲེམས་བྱས་ཏེ་ཨ་རིའི་ནང་ཛ་དྲག་ཏུ་གྱུར་བའི་མི་མང་གི་དཀའ་ངལ་སེལ་ཐབས་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག་ལ་འཛམ་གླིང་རྒྱལ་ཁབ་མང་པོས་སྨན་ཁབ་དེ་གཉིས་མངག་ཉོ་བྱས་འདུགདེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟ་ཨ་རིའི་ནང་ཏོག་དབྱིབས་འགོས་ཁྱབ་ཀྱི་དཀའ་ངལ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། ཨ་རིའི་འཕྲོད་བསྟེན་ལྷན་ཁང་གིས། ཨ་རིའི་ཧྥེ་ཛར་(Pfizer)དང་མོ་ཌེ་ན་ (Moderna) སྨན་རྫས་བཟོ་གྲྭ་གཉིས་ཀྱི་ཏོག་དབྱིབས་གཉན་རིམས་ཀྱི་སྨན་ཁབ་ལེགས་འགྲུབ་བྱུང་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཧྥེ་ཛར་དང་། ཕྱི་ཚེས་ ༢༢ ཉིན་མོ་ཌེ་ན་ཡིས་ཨ་རི་རྒྱལ་ཡོངས་སུ་བགོ་འགྲེམས་བྱ་འཆར་ཡོད་སྐོར་བསྒྲགས་འདུག་ལ། འཛམ་གླིང་རྒྱལ་ཁབ་མང་པོས་ཨ་རིའི་སྨན་སྦྱོང་ཁང་དེ་གཉིས་ཀྱི་སྨན་ཁབ་ས་ཡ་མང་པོ་མངག་ཉོ་བྱས་འདུག

ཨ་རིའི་འཕྲོད་བསྟེན་ལས་ཁུངས་ཀྱི་ལུས་ཟུང་མ་ལག་གོང་མཐོར་གཏོང་བའི་སྡེ་ཚན་གྱིས་སྤྱི་ཁྱབ་འགན་འཛིན་ཧན་ནན་ (Claire Hannan)ལགས་ཀྱིས། ད་ལྟ་ཨ་རིའི་མངའ་སྡེ་ཚང་མའི་ནང་མི་མང་ལ་ཏོག་དབྱིབས་སྨན་ཁབ་མཁོ་སྤྲོད་ལྟེ་གནས་གོ་སྒྲིག་ཆེད་གཞུང་སྒེར་གཉིས་ཀྱི་སྨན་ཁང་ཁག་ལ་ཞིབ་འཇུག་བྱས་ཏེ། ཏོག་དབྱིབས་སྨན་ཁབ་བགོ་འགྲེམ་བྱེད་པར་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན། ཞེས་བརྗོད་ཡོད་པ་དང་། ད་ལྟ་ཨ་རིའི་ནང་ཏོག་དབྱིབས་སྨན་བགོ་འགྲེམས་ཀྱི་གནད་དོན་དེ་གློ་བུར་ཛ་དྲག་གི་གནས་སྟངས་འོག་བགོ་འགྲེམས་བྱེད་དགོས་བྱུང་བ་དང་། ཟླ་འདིའི་ཕྱི་ཚེས་ ༨ ཉིན་སྲིད་འཛིན་ཊོམ་ཕུའི་གཞུང་གིས་ཨ་རིའི་རྒྱལ་ཡོངས་མངའ་སྡེ་ཁག་གི་མགོ་འཁྲིད་དང་དམག་དཔོན། སྨན་པ་དང་ཚན་རིག་པ་བཅས་གནད་ཡོད་མི་སྣ་རིང་བཞིན་གྱི་ཚོགས་འདུ་ཞིག་བསྡུས་ཏེ། ཏོག་དབྱིབས་སྨན་ཨ་རི་རྒྱལ་ཡོངས་སུ་བགོ་འགྲེམས་ཐུབ་པ་ཡོངས་བསྒྲགས་བྱ་རྒྱུ་ཡིན་འདུགཨ་རིའི་ཌོག་གཙུག་ལག་སློབ་གྲྭ་ཆེན་མོའི་གོ་ལའི་འཕྲོད་བསྟེན་གསར་གཏོད་ཞིབ་འཇུག་ཁང་ལྟར་ན། མོ་ཌེ་ན་སྨན་ཁབ་དེ་ཨ་རིའི་ནང་ཁྱོན་ས་ཡ་ ༡༠༠ དང་ཁེ་ན་ཌས་ས་ཡ་ ༥༦། དེ་བཞིན། དབྱིན་ཡུལ་གཞུང་གིས་སྨན་ཁབ་ས་ཡ་ ༥༠ མངག་ཉོ་བྱས་ཡོད་པ་དང་། མོ་ཌེ་ན་སྨན་སྦྱོར་ཁང་གིས་ཏོག་དབྱིབས་སྨན་ཁབ་རྐང་གཅིག་ལ་ཨ་སྒོར་ ༣༢ ནས་ ༣༧ བར་ལེན་གྱི་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ལོར་འཛམ་གླིང་ཁྱོན་ཡོངས་ནང་ཏོག་དབྱིབས་སྨན་ཁབ་ས་ཡ་ ༥༠༠ ནས་ཐེར་འབུམ་ ༡ བར་མཁོ་སྤྲོད་ཐུབ་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།

དེ་བཞིན་ཧྥེ་ཛར་སྨན་སྦྱོར་ཁང་གི་ཏོག་དབྱིབས་སྨན་ཁབ་གཅིག་ལ་རིན་གོང་ཨ་སྒོར་ ༢༠ ཡིན་སྟབས། རིན་གོང་གི་ཆ་ནས་མོ་ཌེ་ནའི་སྨན་ཁབ་ལས་གོང་ཁེ་བ་ཡོད་པ་དང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་ཧྥེ་ཛར་སྨན་ཁབ་ས་ཡ་ ༣༠༠ དང་ཉི་ཧོང་གིས་སྨན་ཁབ་ས་ཡ་ ༡༢༠ ། དེ་བཞིན། ཨ་རིའི་ནང་ནས་ས་ཡ་ ༡༠༠ མངག་ཉོ་བྱས་ཡོད་པ་དང་། དབྱིན་ཡུལ་དང་ཁེ་ན་ཌ། ཨོ་གླིང་། ལྷོ་ཨ་རིའི་རྒྱལ་ཁབ་ཆི་ལེ་སོགས་ནས་སྨན་ཁབ་ས་ཡ་ ༡༠ རེ་མངག་ཉོ། སྦེལ་ཇམ་གྱིས་ས་ཡ་ ༧།༦ མངག་ཉོ་བྱས་ཡོད་འདུག གཞན་ཡང་། ད་ལྟ་དཔལ་འབྱོར་གྱི་ཡོང་འབབ་མཐོ་བོ་ཡིན་པའི་འཛམ་གླིང་རྒྱལ་ཁབ་ ༦༤ ཡིས་གྲུབ་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ (COVAX Facility) ཏོག་སྨན་མཁོ་སྤྲོད་ཚན་པས། འཛམ་གླིང་རྒྱལ་ཁབ་སྐྱོ་བོ་ཁག་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་ཏོག་སྨན་དེ་གཉིས་ཀྱི་རིན་གོང་ཕྱེད་བཅག་བྱས་ཏེ་བགོ་འགྲེམས་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། དབྱེ་ཞིབ་པས་སྔོན་ཐོན་གྱི་རྒྱལ་ཁབ་ཁག་ཕུད་པའི་རྒྱལ་ཁབ་གཞན་གྱིས་མོ་ཌེ་ན་དང་ཧྥེ་ཛར་སྨན་གཉིས་རིན་གོང་ཆེ་དྲགས་པའི་དཀའ་ངལ་འོག་ཉོ་སྒྲུབ་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་འདུག

དེ་བཞིན། ནུས་པ་བརྒྱ་ཆ་ ༩༤ ཐོན་གྱི་ཡོད་པའི་མོ་ཌེ་ནའི་སྨན་ཁབ་དེ་གནམ་གཤིས་གྲང་ཚད་ (Celsius) ༢།༢༢ ནས་ ༧།༧༨ བར་གྱི་སྨན་ཁང་གི་འཁྱག་སྒམ་ལྟ་བུའི་ནང་ཉིན་གྲངས་ ༣༠ རིང་འཇོག་ཐུབ་ཀྱི་ཡོད་པ་དང་། གོར་ཐིག་འོག་གི་གྲང་ཚད་ ༤ སྟེང་ནས་ཟླ་ ༦ རིང་ཉར་ཚགས་བྱེད་ཐུབ་ཀྱི་ཡོད་འདུག དེ་བཞིན། ཧྥེ་ཛར་གྱི་སྨན་ཁབ་ལ་ནུས་པ་བརྒྱ་ཆ་ ༩༠ ཐོན་གྱི་ཡོད་པ་དང་། ཉར་ཚགས་བྱེད་པར་རྒྱུན་ལྡན་གྱི་འཁྱག་སྒམ་ནང་ཉིན་གྲངས་ ༥ ལས་ལྷག་ཉར་མི་ཐུབ་པ་དང་། གྲང་ཚད་གོར་ཐིག་འོག་གི་(Celsius) ༧༠ འོག་འཇོག་དགོས་ཀྱི་ཡོད་པར་བརྟེན། སྨན་དེ་ཉར་ཚགས་བྱེད་པར་དམིགས་བསལ་གྱི་བླུག་སྣོད་དགོས་པ་མ་ཟད། སྐྱེལ་འདྲེན་བྱེད་པར་དཀའ་ངལ་ཆེན་པོ་ཡོད་འདུག

ད་ལྟ་ཨ་རིའི་ནང་ཉིན་རེར་ཏོག་དབྱིབས་ནད་པའི་གྲངས་འབོར་འབུམ་ ༡ མ་ཟིན་ཙམ་འབྱུང་གི་ཡོད་པ་དང་། ཉེ་སྔོན་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་སྐབས་ནས་བཟུང་ཨ་རིའི་ནང་ཏོག་དབྱིབས་ནད་པའི་གྲངས་ལྡབ་འགྱུར་གྱིས་ཇེ་མང་དུ་གྱུར་ཡོད་ལ། དེ་ཡང་རྒྱུ་རྐྱེན་གཙོ་བོ་ཞིག་ནི་སྲིད་འཛིན་ཊོམ་ཕུའི་འཛིན་སྐྱོང་གིས་མི་མང་འདུ་འཛོམས་དང་ཁ་རས་མི་གྱོན་པ་སོགས་སྔོན་འགོག་དོ་ནན་མ་བྱས་པའི་རྐྱེན་གྱིས་ཡིན་པར་བཤད།

འདས་ལོར་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་གང་སར་ཁྱབ་སྟེ། ད་བར་ཨ་རི་གཅིག་པུའི་ནང་མི་གྲངས་ས་ཡ་ ༡༤ ལྷག་ལ་ནད་མནར་བྱུང་བ་དང་། མི་གྲངས་འབུམ་ ༣ མ་ཟིན་ཙམ་རྐྱེན་འདས་སུ་ཕྱིན་ཏེ། ཨ་རི་ནི་ཏོག་དབྱིབས་ཀྱིས་ཆེས་ཤུགས་རྐྱེན་ཆེ་བའི་འཛམ་གླིང་རྒྱལ་ཁབ་དང་པོ་དེ་ཆགས་ཡོད་པ་རེད། འཛམ་གླིང་ཁྱོན་ཡོངས་སུ་ད་ལྟའི་བར་ཏོག་དབྱིབས་ནད་པ་ས་ཡ་ ༦༤ ལྷག་བྱུང་བ་དང་མི་གྲངས་ས་ཡ་ ༡ དང་ཕྱེད་ཀ་མ་ཟིན་ཙམ་རྐྱེན་འདས་སུ་ཕྱིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༩ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༡༦ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༢༡ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

མཆན། 1

  1. thomas says:
    ལོ་ 6 སྔོན།

    Pfizer vaccine is very expensive for CTA exile and Nepal so forget it

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese