མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་རྒྱ་ནག་གི་ཚོང་ཟོག་བཀག་སྡོམ་གྱི་བཀའ་ཁྱབ་དྲུག་པ་བཏང་།

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་ཤར་ཊུར་ཀི་སི་ཐན་ཁུལ་གྱི་ཡུ་གུར་མི་རིགས་གཙོས་པའི་ཁ་ཆེའི་གྲངས་ཉུང་མི་རིགས་རྣམས་ངལ་རྩོལ་བཙན་བཀོལ་བྱེད་བཞིན་པར་ངོ་རྒོལ་ཆེད་ཨ་རིས་ཚོང་ཟོག་བཀག་སྡོམ་གྱི་བཀའ་ཁྱབ་ཐེངས་དྲུག་པ་བཏང་འདུགདེ་རིང་ཨ་རིའི་སི་ཨེན་ཨེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༢ ཉིན་བསྐྱར་དུ་སྲིད་འཛིན་ཊོམ་ཕུ་མཆོག་གི་འཛིན་སྐྱོང་གིས། ཤར་ཊུར་ཀི་སི་ཐན་ནས་བཙན་བཀོལ་ངལ་རྩོལ་བརྒྱུད་ཐོན་སྐྱེད་བྱས་པའི་སྲིན་བལ་གྱི་ཚོང་ཟོག་རྣམས་ཨ་རིར་ནང་འདྲེན་མི་ཆོག་པ་བཟོས་སྟེ། རྒྱ་ནག་གིས་ཤར་ཊུར་ཀི་སི་ཐན་ཁུལ་གྱི་ཡུ་གུར་མི་རིགས་གཙོས་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་དྲག་གནོན་གྱི་སྲིད་བྱུས་སྤེལ་བཞིན་པར་ངོ་རྒོལ་གྱི་བཀའ་ཁྱབ་ཐེངས་དྲུག་པ་དེ་ཡིན་འདུག

ཁ་སང་ཨ་རིའི་བདེ་སྲུང་ལྷན་ཁང་གི་དྲུང་ཆེ་གཞོན་པ་ཀེན་ཁུ་ཆི་ན་ལི་ (Ken Cuccinelli) ཡིས། ཚོང་ཟོག་སྟེང་འཁོད་པའི་རྒྱ་ནག་ནས་བཟོས་ཞེས་པའི་ཡིག་འབྲུ་དེས་རྒྱལ་ཁབ་ཀྱི་ཁུངས་ཙམ་སྟོན་གྱི་མེད་པར། དེ་ནི་ཉེན་ཁའི་བརྡ་ཞིག་རེད། ཁྱེད་ཀྱིས་དྲིན་གཟོའི་ཉིན་མོར་(Thanksgiving day) རང་གི་ནང་མི་དང་གྲོགས་པོའི་ཆེད་དུ་ཉོ་བཞིན་པའི་སྲིན་བལ་དེ་དག གལ་ཏེ་རྒྱ་ནག་ནས་དབོར་འདྲེན་བྱས་པ་ཞིག་ཡིན་ཚེ། དེ་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་ནས་བཙན་བཀོལ་ངལ་རྩོལ་པ་རྣམས་ཀྱིས་བཟོས་པ་ཞིག་ཡིན་སྲིད། ཅེས་བརྗོད་འདུག

འཛིན་སྐྱོང་གི་བཀའ་ཁྱབ་གཞིར་བཟུང་ཨ་རིའི་སྒོ་ཁྲལ་དང་ས་མཚམས་སྲུང་སྐྱོབ་ལས་ཁུངས་ (US Customs and Border Protection) གྱིས་ཤར་ཊུར་ཀི་སི་ཐན་ནས་འབྱོར་བའི་སྲིན་བལ་གྱི་ཚོང་ཟོག་ཚང་མ་ཨ་རིའི་གྲུ་ཁར་བཀག་སྐྱིལ་བྱས་ཏེ། བཟོ་ཚོང་ཁང་ཚོར་ཚོང་ཟོག་ཕྱིར་སློག་བྱ་རྒྱུའམ། ཡང་ན་ཚོང་ཟོག་རྣམས་བཙན་བཀོལ་ངལ་རྩོལ་བརྒྱུད་ཐོན་སྐྱེད་བྱས་མེེད་པ་བདེན་དཔང་བྱེད་དགོས་ཀྱི་ཡོད་འདུག ཨ་རིའི་ལས་ཁུངས་འདིས་འདི་ལོར་འཛམ་གླིང་ཁྱོན་ཡོངས་ནང་ཚོང་ཟོག་བཀག་སྐྱིལ་གྱི་བཀའ་ཁྱབ་ཐེངས་ ༡༣ བཏང་བའི་ཁྲོད་ནས་ ༨ ནི་ཤར་ཊུར་ཀི་སི་ཐན་ནས་ཐོན་པའི་ཚོང་ཟོག་ལ་དམིགས་པ་ཞིག་ཡིན་འདུག འདི་ལོའི་ཕྱི་ཟླ་ ༧ པའི་ནང་ལས་ཁུངས་དེས་རྒྱལ་ཕྱི་ནང་གི་བཟོ་ཚོང་ཁང་ལ་ཡོངས་ཁྱབ་ཀྱི་ལམ་སྟོན་ཞིག་བཏང་བའི་ནང་། རྒྱ་ནག་གཞུང་གིས་ཡུ་གུར་བ་གཙོས་པའི་ཆོས་ལུགས་སྡེ་ཁག་གི་གྲངས་ཉུང་མི་རིགས་ཐོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཤར་ཊུར་ཀི་སི་ཐན་ཁུལ་དུ་བཙན་བཀོལ་ངལ་རྩོལ་ཐབས་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་ཉེན་བརྡ་བཏང་ཡོད་པ་རེད།

ཕྱི་ལོ་ ༢༠༡༧ ལོར་མགོ་འཛུགས་པའི་ཨ་རྒྱའི་ཚོང་དམག་ཐོག ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་ཤར་ཊུར་ཀི་སི་ཐན་ཁུལ་གྱི་ཡུ་གུར་གཙོས་པའི་ཁུལ་དེའི་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་བསྒྱུར་བཀོད་ཁང་དུ་བཀག་ཉར་བྱེད་ཀྱི་ཡོད་པ་མ་ཟད། བཙོན་པ་རྣམས་རྒྱ་ནག་གི་བཟོ་གྲྭ་ཁག་ཏུ་བཙན་དབང་གིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་གནས་ཚུལ་རིམ་པར་ཐོན་པ་དང་བསྟུན། ཨ་རིས་ཤར་ཊུར་ཀི་སི་ཐན་ཁུལ་གྱི་རྒྱ་རིགས་མགོ་འཁྲིད་ཚོར་དཔལ་འབྱོར་ཉེས་ཆད་གཅོད་རྒྱུའི་ཐབས་བྱུས་ཐོག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐབས་བྱས་ཡོད་ལ། རྒྱལ་སྤྱིའི་གྱོན་ཆས་དང་རླངས་འཁོར་གྱི་བཟོ་གྲྭ་མང་པོས་ཀྱང་རང་གི་ཚོང་ཟོག་ནང་ཤར་ཊུར་ཀི་སི་ཐན་གྱི་བཙན་བཀོལ་ངལ་རྩོལ་པའི་རྔུལ་ཁྲག་འདྲེས་མེད་པའི་གསལ་བཤད་ཡང་དང་བསྐྱར་དུ་བྱེད་དགོས་འཁེལ་ཡོད་པ་རེད།

གཞན་ཡང་། ཁ་སང་ཨ་རིའི་གྲོས་ཚོགས་འོག་མས་ཕྱིའི་བཟོ་ཚོང་ཁང་རྣམས་ལ་འགན་འཁུར་དུ་འཇུག་རྒྱུའི་ཁྲིམས་འཆར་ (Holding Foreign Companies Accountable Act) ཞེས་པ་དེ་གཏན་འབེབ་གནང་ནས་སྲིད་འཛིན་ཊོམ་ཕུ་མཆོག་ལ་བཏང་ཡོད་འདུག གལ་ཏེ་ཁྲིམས་འཆར་དེ་ཁྲིམས་ཡིག་ཅིག་ཏུ་གཏན་འབེབ་བྱུང་ཚེ། ཨ་རིའི་ནང་ཚོང་དོན་གཉེར་མཁན་གྱི་ཕྱིའི་བཟོ་ཚོང་ཁང་རྣམས་ཀྱིས་ངེས་པར་དུ་ཨ་རིའི་གཞུང་ལ་ཞིབ་འཇུག་གི་ཆེད་དུ་རང་གི་རྩིས་ཁྲ་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་འདུག ཁྲིམས་འཆར་དེ་ནི་རྒྱ་ནག་གི་བཟོ་ཚོང་ཁང་དག་ལ་དམིགས་པ་ཞིག་ཡིན་འདུག ད་བར་རྒྱ་ནག་གི་བཟོ་ཚོང་ཁང་མང་པོས་རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་ལ་ཁ་གཡར་ཏེ་ཨ་རིའི་འབྲེལ་ཡོད་ལས་ཁུངས་ལ་རྩིས་ཁྲ་གསལ་པོ་སྟོན་གྱི་མེད་པ་ཀྱང་། ད་ལན་གྱི་ཁྲིམས་ཡིག་དེ་གཏན་འབེབ་བྱུང་ན་རྩིས་ཁྲ་མ་སྤྲད་ཚེ་ཨ་རིའི་ནང་ཚོང་དོན་གཉེར་མི་ཆོག་པ་བཟོ་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

ཆུ་ཚོད་ ༦ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༦ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

ཆུ་ཚོད་ ༧ སྔོན་ལ།
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese