མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་གོམ་བགྲོད་གནང་སྟེ་ཟླ་གཅིག་ཧྲིལ་པོ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ས་མཚམས་སྣ་ཐོད་ལ་བར་བོད་དོན་གོམ་བགྲོད་གནང་མཁན་བསྟན་འཛིན་དོན་འགྲུབ་ལགས་དང་བསྟན་འཛིན་ཉི་མ་ལགས་གཉིས་ཀྱིས་མུ་མཐུད་གོམ་བགྲོད་ཀྱིས་བོད་དོན་དྲིལ་བསྒྲགས་གནང་བཞིན་འདུག

དྷ་རམ་ལ་ས་ནས་བོད་ཀྱི་ས་མཚམས་སྣ་ཐོད་ལ་བར་དུ་བོད་དོན་གོམ་བགྲོད་པ་བསྟན་འཛིན་དོན་འགྲུབ་ལགས་ཀྱིས་གོམ་བགྲོད་བྱས་ཏེ་ཁ་སང་ནས་ཟླ་གཅིག་ཧྲིལ་པོ་ཟིན་ཡོད་པ་དང་། སྣ་ཐོད་ལ་བར་དུ་ད་དུང་ཟླ་གཅིག་དང་ཕྱེད་ཙམ་ལ་འགོར་སྲིད་ཀྱི་ཡོད་འདུག་ལ། ཅན་དི་སྒར་ནས་བཟུང་ཁོང་གི་བོད་དོན་གོམ་བགྲོད་ནང་བོད་རིགས་གཞོན་ནུ་བསྟན་འཛིན་ཉི་མ་ལགས་ཀྱང་མཉམ་ཞུགས་གནང་འདུག

བསྟན་འཛིན་དོན་འགྲུབ་ལགས་དང་བསྟན་འཛིན་ཉི་མ་ལགས་གཉིས་མདང་དགོང་ (Uttar Pradesh) མངའ་སྡེའི་གྲོང་ཁྱེར་ཨི་ཊའི་ (Etah) ཉེ་འགྲམ་དུ་ཞག་སྡོད་བྱས་འདུག་པ་དང་། དེ་ནི་བཞུགས་སྒར་དྷ་ས་ནས་གོམ་བགྲོད་བྱས་ཚེ་སྤྱི་ལེ་ ༨༠༠ མ་ཟིན་ཙམ་གྱི་མཚམས་ཡིན་འདུག གོམ་བགྲོད་སྐབས་རྒྱལ་ས་ལྡི་ལི་དང་གྲོང་ཁྱེར་ཇན་ལྡི་གྷར་གྱི་ནང་ས་གནས་གསར་འགོད་པ་བསྡུ་བསྐོང་བྱས་ཏེ་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་ཀྱི་གསར་འགོད་གསལ་བསྒྲགས་དང་གཏམ་བཤད་སོགས་གནང་ཡོད་འདུག

འདི་གའི་གསར་འགོད་པར་ཁ་པར་བརྒྱུད་བསྟན་འཛིན་ཉི་མ་ལགས་ཀྱིས། བོད་དོན་ལས་འགུལ་ཆེད་བསྟན་འཛིན་དོན་གྲུབ་ལགས་གཅིག་པུ་བཞུགས་སྒར་ནས་གོམ་བགྲོད་གནང་སྟེ་འགྲོ་བཞིན་ཡོད་པ་གོ་ཐོས་བྱུང་བས། ཁོང་ལ་རོགས་པ་ཞིག་དགོས་ཀྱི་ཡོད་པའི་ཚོར་སྣང་བྱུང་། དཔེར་ན་གཅིག་པུ་འགྲོ་དུས་ལམ་ཁ་ནས་སྐད་ཆ་བཤད་རོགས་ཤིག་དང་། གསང་སྤྱོད་ལ་འགྲོ་དུས་ཅ་དངོས་སྲུང་མཁན་ཞིག་དགོས་པ་རེད། རོགས་པ་ཞིག་མེད་ཚེ་གང་ཅིའི་ཐད་ནས་དཀའ་ཁག་ཡོད་སྟབས། ཁོང་གི་ལས་འགུལ་ནང་མཉམ་ཞུགས་བྱས་པ་ཡིན་སྐོར་བརྗོད་བྱུང་ལ། ཉེ་ལམ་བོད་མི་གསུམ་གྱིས་ཧི་མ་ཅལ་མངའ་སྡེའི་མ་ན་ལི་ནས་རྒྱལ་ས་ལྡི་ལི་བར་གོམ་བགྲོད་བྱེད་སྐབས། ཅན་དི་སྒར་ནས་བསྟན་འཛིན་ཉི་མ་ལགས་ཀྱང་ལས་འགུལ་ནང་མཉམ་ཞུགས་གནང་སྟེ་ལྡི་ལི་བར་གོམ་བགྲོད་གནང་ཡོད་པ་རེད།ཁོང་གཉིས་ལ་ལམ་བར་དུ་དཀའ་ངལ་ཆེ་ཤོས་དེ་གང་ཡིན་འདྲི་སྐབས། བསྟན་འཛིན་དོན་གྲུབ་ལགས་ཀྱིས་དཀའ་ངལ་གཙོ་བོ་ནི་ཚ་བ་ཆེ་བ་དེ་ཡིན་པ་དང་། ལམ་ཁར་ཡུལ་མི་རེ་འགས་བལ་ཡུལ་གྱི་མི་དང་ཏོག་དབྱིབས་ན་ཚ་སོགས་ཀྱི་མིང་ནས་བོས་ཏེ་ལྟ་སྟངས་འཛིན་གྱི་འདུག འོན་ཀྱང་ཁོང་ཚོའི་མཉམ་དུ་བསྡད་དེ་ང་ཚོ་བོད་པ་ཡིན་པ་དང་ཧི་མ་ཅལ་མངའ་སྡེའི་ནང་གནས་སྡོད་བྱེད་ཀྱི་ཡོད་པ། བོད་དོན་ཀྱི་གནད་དོན་སོགས་ཀྱི་སྐོར་འགྲེལ་བརྗོད་བྱེད་སྐབས། ཁོང་ཚོའི་ལྟ་སྟངས་འགྱུར་ཏེ་རོགས་རམ་དགོས་ཚེ་ཁོང་ཚོར་བཤད་དགོས་ཚུལ་ཚུར་བཤད་ཀྱི་ཡོད་སྐོར་དང་། ད་ལྟ་རྐང་མཐིལ་མཁྲེགས་པོ་ཆགས་ཡོད་སྐོར་འགྲེལ་བརྗོད་བྱས་སོང་ལ། བསྟན་འཛིན་ཉི་མ་ལགས་ཀྱིས་དཀའ་ངལ་ནི་ཉི་མ་ཚ་བོ་ཡོད་པ་དང་ཐལ་རྡུལ་ཆེ་ཡང་། བོད་དོན་ཆེད་དཀའ་ངལ་དེ་དག་ལ་གདོང་ལེན་ཐུབ་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་བསྟན་འཛིན་དོན་གྲུབ་ལགས་ཀྱིས་མ་འོངས་པར་གཞོན་སྐྱེས་སུ་ཞིག་གིས་བོད་དོན་ཀྱི་ལས་འགུལ་སྤེལ་སྐབས་ལམ་སྟོན་དང་། རོགས་རམ་བྱེད་མཁན་ཡོད་མེད་ལ་ཐེ་ཚོམས་བྱེད་མི་དགོས་པ་ནི་ཐེངས་འདིའི་ཁོང་གི་ལས་འགུལ་ལས་ར་སྤྲོད་ཐུབ་པ་བྱུང་སྟབས། གཞོན་སྐྱེས་ཚོས་བོད་དོན་ལས་འགུལ་གང་མང་སྤེལ་ཐུབ་ཐབས་གནང་དགོས་པ་དང་། ཐེངས་འདིའི་ཁོང་གི་གོམ་བགྲོད་ལས་འགུལ་སྐབས། ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིའི་ནང་བཞེངས་མཁན་བཀྲ་ཤིས་དབང་འདུས་ལགས་དང་ལྡི་ལིའི་འགྲིམ་འགྲུལ་ཁང་ (SATA Mt Tour and  Travels Agencey) ། ཀོ་ལི་གྷིལ་གཞིས་སྒར་གྱི་ཚེ་རིང་རྡོ་རྗེ་ལགས་དང་བོད་ཁྱིམ་སློབ་ཟུར་ཚོགས་པ། དེ་བཞིན་གཞོན་ནུ་དང་བུད་མེད་ཚོགས་པ་སོགས་ནས་གང་ཅིའི་ཐད་ལམ་སྟོན་དང་རོགས་རམ་གནང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese