མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་རེའི་སྲིད་སྐྱོང་འོས་འགྲན་གྱི་ད་ལྟའི་གནས་སྟངས་ལ་ལྟ་ཞིབ།

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

བློ་གྲོས་འོད་གསལ།

སྤྱིར་བཙན་བྱོལ་བོད་མིའི་མང་གཙོ་ནི་སྲིད་དོན་ཤོགས་ཚོགས་མེད་པའི་ལམ་ལུགས་ཤིག་ཡིན་ནའང་། དོན་ལ་ཕྱོགས་ཁག་ཆེ་ཤོས་གཉིས་ཏེ། ཚོགས་པ་བཅུ་གསུམ་གྱི་ལྷག་འཕྲོ་འཇུ་ཆེན་དང་འབྲེལ་ནས་ཆུ་སྒང་རྙིང་པའི་ཕྱོགས་གཏོགས་དང་། ཆིག་སྒྲིལ་ཚོགས་པའི་རྗེས་ཤུལ་ཟམ་གདོང་ལ་བརྟེན་པའི་ཕྱོགས་གཏོགས་བཅས་ཤོགས་ཁག་ཆེ་ཤོས་གཉིས་ཆགས་ཡོད།

དེ་གཉིས་ཀྱིས་ད་བར་ཆོལ་ཁ་དང་ཆོས་བརྒྱུད། རང་བཙན་དང་དབུ་མ་བཅས་ཀྱི་ཡོལ་བའི་རྒྱབ་ལོག་ནས་བཙན་བྱོལ་བོད་མིའི་ཆོས་སྲིད་གཉིས་ཆར་བྱུས་གཏོགས་དང་སྤྱི་དོན་སྒེར་དོན་གཉིས་ཆར་ཕན་གནོད་ཀྱི་ལས་ཀ་སྣ་ཚོགས་བྱས་ཡོད། མི་མང་ཤོས་ཀྱིས་མིག་ལ་མཐོང་བའི་འཁྲབ་སྟོན་ཙམ་ལས་ཡོལ་བའི་རྒྱབ་ཀྱི་འཁྲབ་གཞུང་མཐོང་གི་མེད་ལ། གློག་བརྙན་ནང་གི་དཔའ་བོ་དེ་དཔའ་བོ་དངོས་ཡིན་པར་འཁྲུལ་ནས་ཡིད་ཆེས་དང་རེ་བ་ཞིག་གིས་རྗེས་འབྲང་དང་ཞབས་ཕྱི་ཞུ་བཞིན་པ་འདི་ཡིན།

ད་ཐེང་གི་འོས་བསྡུའི་ཤུགས་རྐྱེན་ཆེ་ཆུང་དང་འགྲན་སྡུར་མཁན་ཡང་ཤོག་ཁག་དེ་གཉིས་གཙོ་བོ་ཡིན། དབུས་འོས་བསྡུ་ལས་ཁུངས་ཀྱིས་དངོས་གཞི་ལ་མི་འགྲོ་གཉིས་ལས་མེད་པ་གསལ་བོར་བཟོས་རྗེས་གོང་གསལ་ཕྱོགས་གཏོགས་པའི་མི་འགྲོ་ཡང་གཏན་ཁེལ་མི་བྱེད་རང་བྱེད་རེད།

ལོ་ངོ་བཅུ་ཕྲག་ལྷག་གི་སྔོན་ལ་ཟམ་གདོང་ཕྱོགས་གཏོགས་ཤུགས་ཆེན་པོ་ཡོད་ནའང་། འཇུ་ཆེན་མི་ཡུལ་ནས་འདས་རྗེས་བློ་བཟང་སེངྒེས་ཐབས་རྒྱ་ཇུས་སྟོང་གིས་འཇུ་ཆེན་གྱི་ཁ་གཏད་དང་། ཟམ་གདོང་གི་ཕྱོགས་གཏོགས་གལ་ཆེ་ཤོས། དེ་སྔའི་ཆིག་སྒྲིལ་ཚོགས་པ་གསར་འཛུགས་མཁན་དང་ཚོགས་པ་བཅུ་གསུམ་གྱི་ཁ་གཏད་པ་རྒྱ་རི་ཉི་མའི་ཁྱིམ་རྒྱུད་རྒྱ་རི་ཚང་གི་ལྟ་བ་ལང་ཕྱོགས་ཡོངས་རྫོགས་བསྒྱུར། མངའ་རིས་དང་སྟོད་པའི་སྤྱི་ཚོགས་ནང་ཤུགས་རྐྱེན་ངེས་ཅན་སྤེལ་སྟེ། འཇུ་ཆེན་ཕྱོགས་གཏོགས་ཀྱི་དར་ཆ་བསྒྲངས་ནས་ལོ་ངོ་བཅུའི་རིང་བཙན་བྱོལ་གཞུང་བཟུང་ཐུབ་པ་མ་ཟད། འཇུ་ཆེན་ཕྱོགས་གཏོགས་ཀྱི་མགོ་ཁྲིད་བྱེད་པར་དང་བླངས་ཐོན་ཡོད། དེ་ལ་འཇུ་ཆེན་ཕྱོགས་གཏོགས་མང་པོ་ཞིག་རྩ་བ་ནས་རྣ་བར་འགྲོ་གི་མེད་ནའང་ཐབས་ཟད་དུ་གྱུར། དེར་བརྟེན་ཕྱོགས་གཏོགས་ཀྱི་དར་ཆ་བསྒྲངས་ནས་སྲིད་སྐྱོང་ལང་མཁན་ཚོས་བློ་བཟང་སེངྒེས་རྒྱབ་སྐྱོར་ཡོད་པ་ངོམ་རེས་བྱེད་བཞིན་པ་འདི་རེད།

འོན་ཀྱང་འཇམ་ནོར་ནི་སྔར་ནས་ད་བར་བློ་སེང་ལ་དགའ་བོ་མེད་པས་སྐལ་རྡོར་ལ་སྐྱོན་བརྗོད་དང་རྒྱ་རི་སྒྲོལ་མར་བསྟོད་སྔགས་ཚད་མེད་བྱས་མོད། ད་རེས་འཇམ་ནོར་གོ་ལོག་ཆེན་པོ་འཐེབ་ནས་དོན་གྱིས་བློ་སེང་ལ་རྒྱབ་སྐྱོར་ལྟ་བུར་གྱུར་ཡོད། བློ་སེང་གི་མངོན་འདོད་ནི་སྐལ་རྡོར་མིན་པར་རྒྱ་རི་སྒྲོལ་མ་བེད་སྤྱོད་གཏོང་རྒྱུ་དེ་རེད། རྒྱ་རི་ཚང་བེད་སྤྱོད་གཏོང་བའི་ཉམས་མྱོང་ཡང་ཡོད། དེར་བརྟེན་འཇམ་ནོར་གྱིས་རྩིས་ལོག་ཆེན་པོ་དེས་བློ་སེང་གི་ལས་དོན་སྟབས་བདེར་བཏང་།

སྔོན་ཆད་བློ་སེང་གིས་ཤར་གླིང་ཟླ་སྒྲོན་བེད་སྤྱོད་བཏང་ནས་སྟོད་པ་དང་མངའ་རིས་ཕྱོགས་ནས་རྒྱལ་ཁ་ཐོབ་པ་བཞིན། ད་རེས་ཤར་གླིང་ཟླ་སྒྲོན་ཡང་སྐྱར་རྒྱ་རི་སྒྲོལ་མར་དམག་རོགས་ལ་བཏང་ཡོད། འཇམ་ནོར་མི་འདོད་བཞིན་དུ་དོན་ལ་བློ་སེང་གི་རྒྱབ་རོགས་སུ་གྱུར།

བློ་སེང་ནི་ཧ་ཅང་མི་ལམ་འགྲོ་ཅན་མོ་སྟོན་ཕག་མགོ་དང་འདྲ། ད་རེའི་ཨ་རི་ལ་འགྲོ་དོན་གལ་ཆེ་བ་ཞིག་ཀྱང་འདི་ཡིན་ཆོག རྒྱུ་མཚན་ཤར་གླིང་ཕྱི་ལ་ཐོན་དུས་བློ་སེང་གིས་གནད་དོན་ཆེན་པོ་ཞིག་སྒྲུབ་བཞིན་པ་སྔ་མའི་ལོ་བཅུའི་ལོ་རྒྱུས་ལས་མཚོན་ཐུབ། ཁོ་ནི་རང་འདོད་ཁོ་ན་མ་གཏོགས་བསམ་འཆར་གཞན་རྣ་བར་མི་ཤོང་པའི་སྲིད་དོན་པ་ངོ་མ་ཞིག་ཡིན་པས། སྐལ་རྡོར་ནི་ལག་ནང་གི་རྡེའུ་ཞིག་ལས་གཞན་གང་ཡང་མིན། དེར་བརྟེན་སྐལ་རྡོར་ནི་མཚོན་མདངས་ཧར་པོའི་དབུགས་ལྒང་ལྟར་ཉིན་ཤས་ཀྱི་ཚེ་ཐག་ལས་མེད་པ་གསལ་བོ་ཡིན། མདོར་ན་གོང་གསལ་ཕྱོགས་གཏོགས་པས་མཐར་རྒྱ་རི་སྒྲོལ་མའི་ཕྱོགས་ལ་ཁ་མ་མཐུན་རང་མཐུན་རེད་ལ་མཐུན་ངེས་ཀྱང་རེད།

ཟམ་གདོང་ཕྱོགས་གཏོགས་པར་མཚོན་ན། ཟམ་གདོང་དགོང་ན་མཐོ་བས་ལས་དོན་མང་པོ་ཞིག་འཐུས་ཤོར་འགྲོ་བཞིན་པ་མ་ཟད། དེའི་རྗེས་འཇུག་པ་སྤེན་ཚེ་དང་། འབྲོང་ཆུང་གཉིས་ཀྱིས་རང་རང་གི་གོ་སྐབས་རེ་འཚོལ་བཞིན་པ་ལས་ཕྱོགས་གཏོགས་ཀྱི་གནས་སྟངས་དང་། ཁ་གཏད་ཀྱི་སྐོར་ལ་བསམ་གཞིགས་ཟབ་མོ་བྱེད་ཐུབ་ཀྱི་མེད་ཚོད་སྣང་། དེ་ལ་རྒྱུ་མཚན་གཉིས་ཡོད། གཅིག་ནི་ཟམ་གདོང་གི་ལམ་སྟོན་ཉུང་བ་དང་། གཉིས་ནས་འབྲོང་ཆུང་གིས་བསམ་པར་མི་མང་གིས་རེ་སྐུལ་གྱིས་སྲིད་སྐྱོང་ལ་ལངས་བ་ལས་རང་གི་མངོན་མིན་པའི་ཇོ་བཟང་གི་རྣམ་པ་ཞིག་མངོན་ཆེད་དང་། ལྷག་པར་གནད་ཡོད་མང་པོ་ཞིག་གིས་རེ་སྐུལ་དང་རྒྱབ་སྐྱོར་བྱས་ཙང་འོས་ཐོབ་པར་ཡིད་ཆེས་བྱེད་བཞིན་པར་སྣང་། གལ་ཏེ་མ་ཐོབ་ནའང་མིང་ཆད་ཁུར་མི་དགོས་པ་ཙམ་དུ་བསམ་པར་ཟད།

སྤེན་ཚེ་དང་ཁོ་པའི་རྗེས་འབྲངས་པ་དག་གིས་འབྲོང་ཆུང་གི་རྒྱབ་སྐྱོར་བ་རྣམས་ལ་མ་རངས་པའི་རྣམ་པ་རེ་བཏོན་ཞིང་། སྤེན་ཚེས་རང་ཉིད་དངོས་གཞིར་འགྲོ་ཐུབ་པའི་རེ་བ་བྱེད་བཞིན་པ་རེད། ཁོ་གཉིས་ཀྱིས་གལ་ཏེ་མ་ཐོབ་ཀྱང་མི་སྒེར་གྱི་གནད་དོན་ཞིག་ལས་ཕྱོགས་གཏོགས་ཀྱི་གནད་དོན་ལ་བསམ་བློ་འཁོར་གྱི་མེད་པ་དང་། ཡང་ན་བསམ་བློ་གཏོང་གི་མེད་ཚོད་རེད། ཟམ་གདོང་གིས་ལམ་སྟོན་ཞིག་ངེས་པར་དགོས་ནའང་། ལོ་ནའི་བབ་དང་ཆོས་ཀྱི་སློབ་དཔོན་གྱི་མཚན་གནས་འོག་ནས་ཤོགས་ཁག་ལ་ལམ་སྟོན་བོར་ཟིན་ནམ་ཅི་ཆ། གང་ལྟར་ཟམ་གདོང་ཕྱོགས་གཏོགས་པ་ཕལ་མོ་ཆེས་ཁོ་རང་ཚོའི་ཕྱོགས་གཏོགས་སྐོར་ལ་བསམ་བློ་གཏོང་ཐུབ་ཀྱི་མེད་ཚོད་རེད།

ཁོ་གཉིས་ཆར་རྒྱབ་སྐྱོར་བ་གྲངས་མང་པོ་ཞིག་ཡོད་པར་འདོད་ཀྱང་དོན་ལ་མེད། ཆོལ་ཁའི་ཕྱོགས་ནས་བཤད་ན། མདོ་སྨད་མང་ཆེ་བ་སྤེན་ཚེའི་རྒྱབ་ལ་ལངས་ཡོད། དེ་བཞིན་དབུས་གཙང་ནང་དུ། དབུས་ཁུལ་རང་ནས་འབྲོང་ཆུང་ལ་ཤུགས་ཆེ་བ་ཡོད་ཀྱང་དེ་ནི་མདོ་སྨད་ཀྱི་མི་གྲངས་དང་ཁྱད་པར་ཆེར་མེད། སྟོད་པ་དང་མངའ་རིས་གཙོ་བོ་ཡིན་ཟེར་ཡང་དེའི་ནང་ནས་མང་ཆེ་བས་དེ་སྔོན་བློ་སེང་ལ་རྒྱབ་སྐྱོར་བྱས་པ་བཞིན་ད་རེའི་རྒྱ་རི་སྒྲོལ་མ་ལ་རྒྱབ་སྐྱོར་བྱ་ངེས་རེད། རྒྱུ་མཚན་ནི་དེ་ལ་རིགས་འགའ་ཡོད།འཇམ་ནོར་འུད་སྒྲོགས་ཀྱིས་རང་བཙན་ཕྱོགས་གཏོགས་པ་དང་། རྒྱ་སྒྲོན་རང་གི་ནུས་པས་ཉིན་རེའི་འཚོ་བའི་མཐུན་རྐྱེན་ཙམ་ལ་ལྟ་མཁན། དྲིལ་བསྒྲགས་ཀྱི་ནུས་པས་བུད་མེད་ཀྱི་ཐོབ་ཐང་འདོད་མཁན་སོགས་ཡོད། དེ་དག་གིས་རྒྱ་རི་སྒྲོལ་མར་རྒྱབ་སྐྱོར་ཞུ་ངེས་རེད། མཐར་ཐུག་དུས་འབྲོང་ཆུང་དང་སྤེན་ཚེ་ཁོ་གཉིས་ཀྱི་རྒྱབ་སྐྱོར་བས་ཁོ་གཉིས་ཆུ་ལ་གཡུག་རྒྱུ་ཡིན་མིན་དང་ནུས་པ་མཉམ་དུ་སྤོངས་དགོས་མིན་གདམ་ཀ་རེད། དེ་ལྟར་མ་བྱུང་ཚེ་ཕྱོགས་གཏོགས་ཀྱི་ནུས་པ་ཆུང་དུ་འགྱུར་རྒྱུ་ཉག་གཅིག་རེད།

གལ་དེ་འབྲོང་ཆུང་དང་སྤེན་ཚེ་གཉིས་ཀྱིས་ཕྱོགས་གཏོགས་པ་ཆིག་སྒྲིལ་བཟོ་མ་ཐུབ་ཚེ།  ཕྱིའི་རྣམ་པར་རྒྱ་རི་སྒྲོལ་མ་ལ་མཐའ་མའི་རྒྱལ་ཁ་ཐོབ་པ་དང་། དོན་ལ་བློ་སེང་ལ་རྒྱལ་ཁ་ཐོབ་པར་འཇུ་ཆེན་ཀྱི་ཕྱོགས་གཏོགས། ཨོ་སྟོབས་ཀྱི་ཆོས་ཕྱོགས་འབྲེལ་ཐག  རང་བཙན་ཁར་འཁྱེར་མཁན་དང་རང་བཙན་ངོ་མ་རྩོད་མཁན། ཁྱིམ་ཚང་ཙམ་ལས་མི་བསམ་མཁན་དག་གིས་ཤུགས་རྒྱག་ངེས་རེད།

མདོར་ན་འབྲོང་ཆུང་གི་རྨི་ལམ་དང་སྤེན་ཚེའི་རེ་བ་གཉིས་ལ་ཕར་རྒྱབ་ཚུར་རྒྱབ་ཀྱི་བར་ཐག་ཡོད་པ་དེས། མཐར་ཁོ་གཉིས་ཀྱི་རྒྱབ་སྐྱོར་བ་ཚོས་གཅིག་གིས་གཅིག་ལ་ལེ་འདེད་ཀྱིས་ཕྱོགས་ཁག་མང་པོར་གྱུར་ནས་ཟམ་གདོང་ཕྱོགས་གཏོགས་ཁ་འཐོར་དགུ་འཐོར་བྱེད་པའི་རྒྱུ་རྐྱེན་དུ་འགྱུར་སྲིད། དེའི་རྗེས་བློ་སེང་ཡང་སྐྱར་མོ་སྟོན་ཕག་མགོར་གྱུར་ནས་མུ་མཐུད་ནས་བཙན་བྱོལ་སྤྱི་ཚོགས་ལ་དབང་སྒྱུར་བྱ་རྒྱུ་བཅས་གངས་ཅན་པའི་ལས་དབང་འདི་ཙམ་དུ་ཟད་པར་སྣང་ངོ་།།

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས། དྲ་ལམ་གྱི་པར། 
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་སྐུ་གྲོངས་འདུག 

ཆུ་ཚོད་ ༢༢ སྔོན་ལ།
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

ཆུ་ཚོད་ ༢༣ སྔོན་ལ།
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese