མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་ལ་ཉེས་ཆད་གཅོད་དགོས་པའི་འབོད་སྐུལ་ཞུས་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ལ་ཉེས་ཆད་གཅོད་རྒྱུའི་ཐག་གཅོད་གནང་བ་དང་ཨ་རིས་རྒྱ་ནག་གཞུང་གི་དཔོན་རིགས་མཐོ་གྲས་ ༡༤ ལ་དཔལ་འབྱོར་ཉེས་ཆད་བཅད། ཁ་སང་ཕྱི་ཚེས་ ༧ ཉིན་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་ཉེས་ཆད་གཅོད་པའི་སྲིད་བྱུས་ཞིག་གཏན་འབེབས་བྱས་ཏེ། འཛམ་གླིང་ས་གནས་གང་དུ་འགྲོ་བ་མིའི་ཐོབ་ཐང་ཚབས་ཆེན་རྡོག་རོལ་བཏང་ཚེ། འབྲེལ་ཡོད་ཀྱི་གཞུང་དང་གཞུང་འབྲེལ་མིན་པ། མི་སྒེར་དང་ཚོགས་པ་སོགས་ལ་ཉེས་ཆད་གཅོད་རྒྱུའི་ཐད་གཅོད་བྱས་ཡོད་པ་དང་། ཐག་གཅོད་དེ་ནི་ཡོ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོལ་གཏོང་བ་དང་འབྲེལ་ནས་ཉེས་ཆད་གཅོད་པའི་སྲིད་བྱུས་ཐོག་མ་དེ་ཆགས་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཡིག་ཐོག་གི་འགྲོ་ལུགས་ཁག་ལ་བཀའ་འཁྲོལ་གནང་འཆར་ཡོད་འདུག

ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་ཉེས་ཆད་གཅོད་པའི་སྲིད་བྱུས་ཞིག་གཏན་འབེབས་བྱས་པར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེག་ཕོམ་པེ་ (Mike Pompeo)མཆོག་གིས། ཨ་རིས་ཡོ་རོབ་མཐུན་ཚོགས་ཀྱི་ཐག་གཅོད་དེར་དགའ་བསུ་ཞུ་ཡི་ཡོད་པ་དང་། ཐག་གཅོད་དེ་ཡིས་མཐུན་ཚོགས་ཁོངས་ཀྱི་རྒྱལ་ཁབ་རྣམས་ནས་འགྲོ་བ་མིའི་ཐོབ་ཐང་གོ་ལ་རང་བཞིན་ཅན་དུ་དར་སྤེལ་གཏོང་བར་ཕན་ནུས་ལྡན་པ་དང་། ཡོ་རོབ་ཀྱིས་གང་མགྱོགས་ཉེས་ཆད་དང་པོ་དེ་གཅོད་པར་བསྐུལ་ཀྱི་ཡོད་ལ། དེ་བཞིན་ཨ་རིས་མཐུན་ཕྱོགས་རྒྱལ་ཁབ་ཚོ་དང་མཉམ་ལས་ཤུགས་ཆེ་རུ་གཏང་སྟེ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྣམས་ཨ་རི་དང་རྒྱལ་སྤྱིའི་དཔལ་འབྱོར་གྱི་སྒྲོམ་གཞིའི་ནང་ཁེ་ཕན་ལེན་ཐབས་མེད་པ་བཟོ་བར་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན་སྐོར་གསུངས་འདུག 

དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡོ་རོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ལ་ཉེས་ཆད་གཅོད་པའི་ཐག་གཅོད་དེར་དགའ་བསུ་ཞུས་འདུག་པ་དང་འབྲེལ། བོད་ནང་གི་འགྲོ་བ་མིའི་ཐོང་ཐང་གི་གནས་སྟངས་ཞན་པོ་ཡོད་པའི་བདེན་དཔང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་རྒྱལ་ཚོགས་ཀྱི་ཆེད་མཁས་པའི་སྙན་ཐོ་ཁག་གི་ནང་ཐོན་ཡོད་སྟབས། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་གི་མགོ་ཁྲིད་རྣམས་ལ་ཁྲིམས་གཞི་དེའི་འོག་ཉེས་ཆད་གཅོད་པའི་རེ་སྐུལ་ཞུས་འདུག

གསར་དུ་བཟོས་པའི་སྲིད་བྱུས་དེའི་ནང་། མི་སྒེར་གྱི་འགྲིམ་འགྲུལ་ལ་བཀག་སྡོམ་བྱེད་པ་དང་། ཚོགས་སྒེར་གཉིས་ཀྱི་རོགས་དངུལ་མཚམས་འཇོག་བྱེད་པ། ཡོ་རོབ་མཐུན་ཚོགས་ནང་གི་མི་སྒེར་དང་ཚོགས་པ་ཞིག་ཡིན་ཚེ་གཞན་ལ་རོགས་དངུལ་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་པ་སོགས་བཀོད་དེ། མི་རིགས་རྩ་མེད་དུ་གཏོང་བ་དང་མིའི་རིགས་སྟོང་ཉེན་དང་འབྲེལ་བའི་ནག་ཉེས་རྩོམ་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ་མཚམས་འཇོག་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་དར་སྤེལ་གཏོང་དུ་གཏན་འབེབ་བྱས་པ་ཞིག་ཡིན་འདུག

ཕྱི་ལོ་ ༢༠༡༦ ལོར་ཨ་རིས་མེག་ནེ་སི་ཀའེ་སྲིད་བྱུས་(Magnitsky Act)ཞེས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་གཞི་དེ་ཐོག་མར་གཏན་འབེབ་གནང་ཡོད་པ་དང་། དེ་ཡང་ཨུ་རུ་སུའི་ཁྲིམས་རྩོད་པ་དང་དཔལ་འབྱོར་རིག་པའི་ཆེད་མཁས་པ་མེག་ནི་སི་ཀའེ་(Sergej Magnitski)ཞེས་པ་ཞིག་ལ་བཙོན་ཁང་དུ་མནར་གཅོད་ཚད་མེད་བཏང་བ་དང་། སྨན་བཅོས་མཐུན་རྐྱེན་མ་བསྐྲུན་པར་བརྟེན་འདས་གྲོངས་སུ་གྱུར་བའི་ཉེས་དོན་དང་འབྲེལ་ཏེ་གཏན་འབེབ་བྱུང་བ་ཞིག་ཡིན་འདུག

དེ་བཞིན། ཉེ་སྔོན་རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་གྲོས་ཚོགས་འཐུས་མི་ཁག་ཅིག་ཕྱིར་འབུད་བཏང་བར་བརྟེན། ཁ་སང་ཕྱི་ཚེས་ ༧ ཉིན་ཨ་རིའི་རྒྱལ་སྲིད་ལྷན་ཁང་གིས། རྒྱ་ནག་རྒྱལ་ཡོངས་དམངས་འཐུས་སོགས་དཔོན་རིགས་ ༡༤ ཐོ་གཞུང་ནག་པོའི་ནང་བཅུག་ཏེ། དཔོན་རིགས་བཅུ་བཞི་དང་ཁོ་ཚོའི་ནང་མི་བཅས་ཨ་རིའི་ཡོང་རྒྱུར་བཀག་སྡོམ་བྱས་ཡོད་པ་མ་ཟད། ཨ་རིའི་ནང་དུ་ཡོད་པའི་ཁོ་ཚོའི་རྒྱུ་དངོས་བེད་མེད་དུ་བཏང་བ་དང་། མ་འོངས་པར་ཨ་རིའི་ནང་ཚོང་ལས་འབྲེལ་བ་འཛུགས་མི་ཆོག་པ་སོགས་བཟོས་ཏེ་དཔལ་འབྱོར་ཉེས་ཆད་ཆེན་པོ་བཅད་ཡོད་པ་ཕྱིར་བསྒྲགས་གནང་འདུག

ཉེས་ཆད་བཅད་པའི་ཁོངས་སུ་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ཟུར་པ་པདྨ་འཕྲིན་ལས་ (Padma Choling) དང་། ཝང་ཁྲིན་ (Wang Chen)། ཚའོ་ཅན་མིན་ (Cao Jianming)། ཀང་ཁྲུན་ཤན་ (Zhang Chunxian)། ཧྲན་ཡེ་ཡེ་ (Shen Yueyue)། ཅི་པིང་ཤན་ (Ji Bingxuan)། ཨར་ཀེན་ཨི་མིར་བྷ་ཀི་ (Arken Imirbaki)། ཝང་ཨེ་ཤང་ (Wan Exiang)། ཁྲན་ཏུ་ (Chen Du)། ཝང་ཏོང་མིན་ (Wang Dongming)། ཏིང་ཀྲོང་ལི་ (Ding Zhongli)། ཧའོ་མིན་ཇིན་ (Hao Mingjin)། ཚའེ་ཏ་ཧྥེང་ (Cai Dafeng) དང་ཝུ་ཝེ་ཧྭ་ (Wu Weihua) བཅས་ཡོད་འདུག

དེ་བཞིན་བསྒྲགས་གཏམ་དེའི་ནང་། རྒྱ་ནག་གི་རྒྱལ་ཡོངས་མི་དམངས་གྲོས་ཚོགས་ཀྱི་རྒྱུན་ལས་རྣམས་ཀྱིས་ཧོང་ཀོང་དང་འབྲེལ་ནས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྤྱི་མོས་ཀྱི་གཏན་འབེབ་བྱས་ཡོད་པ་དང་། པེ་ཅིན་གྱིས་ཁྲིམས་དེ་སྤྱད་དེ་པེ་ཅིན་གྱི་དྲག་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་མཁན་རྣམས་ལ་བཀག་སྡོམས་དང་འཛིན་བཟུང་བྱེད་ཀྱི་ཡོད་སྟབས། ཨ་རིའི་རྒྱལ་སྲིད་ལྷན་ཁང་གིས་རྒྱ་ནག་གི་མགོ་ཁྲིད་ ༡༤ རྣམས་ལ་ཧོང་ཀོང་ནས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡར་རྒྱས་བཏང་བ་དང་གཏན་འབེབ་བྱེད་པ། དེ་བཞིན་ལག་བསྟེར་བྱེད་པ་བཅས་དང་འབྲེལ་བའི་ཐོག་ནས་ཉེས་འགལ་བྱེད་ཀྱི་ཡོད་ཚིལ་བཀོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

ཆུ་ཚོད་ ༦ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༦ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

ཆུ་ཚོད་ ༧ སྔོན་ལ།
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese