མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་ཏོག་དབྱིབས་སྨན་ཁབ་གཉིས་ལ་ཆོག་མཆན་ཐོབ།

བོད་ཀྱི་དུས་བབ།
༢༠༢༡/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༣ ཉིན་རྒྱ་གར་གཞུང་གིས་ཀོ་ཝིཌ་ཤིལ་ཌི་ (Covidshield) དང་ཀོ་ཝེག་སིན་ (COVAXIN) ཏོག་དབྱིབས་སྨན་ཁབ་གཉིས་ལ་ཛ་དྲག་ངང་སྤྱོད་ཆོག་པའི་ཆོག་མཆན་སྤྲད་ཡོད་ཀྱང་བརྟག་དཔྱད་ཀྱི་བརྒྱུད་རིམ་དང་གྲུབ་དོན་སོགས་ཁ་གསལ་མེད་པའི་སྐྱོན་བརྗོད་བྱེད་ཀྱི་འདུགརྒྱ་གར་གྱི་སྲིད་བློན་མུ་དྷུ་མཆོག་གིས་སྨན་ཁབ་གཉིས་ཛ་དྲག་གིས་སྤྱོད་ཆོག་པ་དེ་ནི་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་བྱེད་པའི་བརྒྱུད་རིམ་ཁྲོད་དཀྱོག་མཚམས་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་གནང་འདུག་ལ། འདི་ལོའི་ཕྱི་ཟླ་ ༧ བར་དུ་མི་གྲངས་ས་ཡ་ ༣༠༠ ཙམ་ལ་སྨན་ཁབ་རྒྱག་འཆར་ཡོད་འདུག

དེ་དང་འབྲེལ་ནས་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་གར་ནང་ཏོག་དབྱིབས་སྨན་ཁབ་ཛ་དྲག་ངང་བེད་སྤྱོད་ཆོག་པའི་ཆོག་མཆན་ཐོག་མར་ཐོབ་པར་དགའ་བསུ་བྱས་ཏེ། ཐག་གཅོད་དེ་ཡིས་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་བྱེད་པར་ཚགས་ཚུད་དང་ཤུགས་ཆེ་རུ་གཏོང་ངེས་སྐོར་དང་། སྨན་ཁབ་དེ་བཞིན་སྤྱི་དམངས་འཕྲོད་བསྟེན་དང་འབྲེལ་ནས་དགོས་ངེས་ཅན་ཚོར་མཁོ་སྤྲོད་བྱ་རྒྱུ་ནི་གཉན་རིམས་ལ་གདོང་ལེན་བྱེད་པའི་བརྒྱུད་རིམ་ཁྲོད་གནད་དོན་གལ་ཆེན་ཞིག་ཡིན་སྐོར་བཀོད་འདུག

རྒྱ་གར་རྒྱལ་ཡོངས་སྨན་རྫས་སྟངས་འཛིན་ལྷན་ཚོགས་ཀྱིས། ཏོག་དབྱིབས་སྨན་ཁབ་དེ་གཉིས་ཀ་བེད་སྤྱོད་བཏང་ན་བདེ་ཐང་ཡིན་པའི་ཡིག་ཆ་ཁག་ལྷན་ཚོགས་སུ་འབྱོར་ཡོད་སྐོར་བརྗོད་ཡོད་ནའང་། རྒྱ་གར་གྱི་སྨན་བཅོས་ཞིབ་འཇུག་ལྷན་ཚོགས་ (Indian Council of Medical Research) དང་། རྒྱ་གར་གྱི་འབུ་སྲིན་ཞིབ་འཇུག་ལྟེ་གནས་ཁང་ (National Institute of Virology) གཉིས་མཉམ་འབྲེལ་གྱིས་བཟོས་པའི་ (COVAXIN) གྱི་ཕན་ནུས་སོགས་ཀྱི་གནས་ཚུལ་ཁ་གསལ་བསྒྲགས་མེད་པ་དང་། ནང་འདྲེན་བྱས་པའི་ (Covidshield) སྨན་ཁབ་ལ་རྒྱ་གར་ནང་བདེ་ཐང་ཡིན་མིན་གྱི་ཚོད་ལྟའི་མཇུག་འབྲས་ཆ་ཚང་ཁ་གསལ་མེད་པ་སོགས་ལ་བརྟེན། གཞུང་འཛིན་ཁ་གཏད་ཚོགས་པའི་ཆབ་སྲིད་པ་དང་སྨན་པ་ཁག་ཅིག་གིས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་སྨན་རྫས་ལྟ་ཞིབ་ཁང་ (All India Drug Action Network) གིས་ཐག་གཅོད་དེ་ནི་གློ་བུར་དང་མཐའ་མའི་གྲུབ་འབྲས་ཁག་ཅིག་ཁ་གསལ་ཆགས་མེད་སྐོར་སྐྱོན་བརྗོད་བྱས་འདུག

དེ་བཞིན་རྒྱ་གར་གྱི་མུམ་བྷཡེ་ (Mumbai) གྲོང་ཁྱེར་ལ་རྟེན་གཞི་བྱས་པའི་རིམས་ནད་ཉམས་ཞིབ་པ་ས་ཝབ་ནེལ་པ་རིག་ (Swapneil Parikh) ཡིས། སྨན་ཁབ་ཁག་ལ་གང་མགྱོགས་ཆོག་མཆན་ཐོབ་ཐབས་སུ་བརྒྱུད་རིམ་མང་པོ་ཞིག་མེད་པར་བཟོ་བ་དང་བཅོས་བསྒྱུར་བྱེད་དགོས་ཀྱི་ཡོད་ནའང་། སྲིད་གཞུང་དང་སྟངས་འཛིན་བྱེད་མཁན་ཁག་གིས་སྨན་ཁབ་དང་འབྲེལ་ནས་ཡིག་ཆ་ཁག་ལ་ཕྱི་གསལ་ནང་གསལ་དགོས་པ་དང་། དེ་ལྟར་མ་བྱུང་ཚེ་སྤྱི་དམངས་ཀྱི་སྨན་ཁབ་ལ་ཆོག་མཆན་སྤྲད་པའི་བརྒྱུད་རིམ་ལ་ཡིད་ཆེས་བརླག་འགྲོ་ཚུལ་དང་། ད་ལྟ་སྨན་པ་ཚོ་གནས་སྟངས་ཁག་པོ་ཞིག་གི་འོག་ལྷུང་ཡོད་སྐོར་བརྗོད་དེ་སྨན་ཁབ་ལ་ཆོག་མཆན་སྤྲོད་པའི་བརྒྱུད་རིམ་ལ་ཁ་གསལ་མེད་སྐོར་ཀྱི་སྐྱོན་བརྗོད་བྱས་འདུག

ཀོ་ཝིཌ་ཤིལ་ཌི་ (Covidshield) སྨན་ཁབ་ནི་དབྱིན་ཡུལ་དང་སུ་ཝེ་ཌེན་ (Sweden) གཉིས་ཀྱི་སྨན་རྫས་བརྟག་དཔྱད་ཁང་ཁག་ཅིག་གིས་གསར་བཟོ་བྱས་པ་དང་། དབྱིན་ཡུལ་ནང་སྨན་ཁབ་དེ་ཛ་དྲག་གིས་བེད་སྤྱོད་ཆོག་པའི་ཆོག་མཆན་སྤྲད་དེ། དེ་རིང་ཕྱི་ཚེས་ ༤ ཉིན་ནས་དངོས་སུ་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། ཉེ་ལམ་ནས་རྒྱ་གར་གྱི་སྨན་བཟོ་བསྐྲུན་ཁང་ (Serum Institute of India) གིས་སྨན་ཁབ་དེ་བཟོ་བསྐྲུན་བྱེད་མགོ་བཙུགས་ཡོད་པ་དང་།  དེ་ནི་འཛམ་གླིང་གི་སྨན་བཟོ་བསྐྲུན་ཁང་ཆེ་ཤོས་དེ་ཡིན་འདུག འདས་ལོའི་ཕྱི་ཟླ་ ༡༡ ནང་བཟོ་བསྐྲུན་ཁང་དེའི་སྤྱི་གཉེར་བ་ (Adar Poonawalla) ཡིས་བརྗོད་པ་ལྟར་ན། བཟོ་བསྐྲུན་ཁང་དེས་ཟླ་གཅིག་གི་ནང་ཚུད་དུ་ (Covidshield) སྨན་ཁབ་ས་ཡ་ ༡༠༠ ཙམ་བཟོ་བསྐྲུན་བྱེད་པའི་ནུས་པ་ཡོད་པ་དང་། སྐབས་དེ་དུས་ནས་སྨན་ཁབ་དེ་ས་ཡ་ ༤༠ ཙམ་བཟོས་ཟིན་ཏེ་ཟུར་ཉར་བྱས་ཡོད་སྐོར་བརྗོད་ཡོད་པ་རེད།

ཀོ་ཝིཌ་ཤིལ་ཌི་ (Covidshield) སྨན་ཁབ་དེ་བཞིན་ཐེངས་གཉིས་རྒྱག་དགོས་ཀྱི་ཡོད་འདུག་པ་དང་། ཚར་གཅིག་བརྒྱབ་ཚར་རྗེས་བདུན་ཕྲག་ ༤ བར་ཙམ་ནས་སླར་ཡང་གཅིག་རྒྱག་དགོས་ཡོད་འདུག་པ་དང་། དེ་ནི་སྤྱི་སྙོམས་གྲང་ཚད་ ༢ ནས་ ༨  (celsius) བར་དུ་ཉར་ཚགས་བྱས་ཆོག་པ་ཞིག་ཡིན་འདུག་ལ། དེ་ནི་རྒྱ་གར་གྱི་སྨན་ཁབ་གཞན་ལྟར་ཉར་ཚགས་ཐུབ་པ་ཞིག་ཡིན་འདུག དེ་བཞིན་དབྱིན་ཡུལ་གྱི་གྷན་ཌིན་གསར་ཁང་ (The Guardian) གིས་བཀོད་པ་ལྟར་ན། སྨན་ཁབ་དེ་རྒྱ་གར་གཞུང་ལ་ཧིན་སྒོར་ ༢༥༠ དང་། སྒེར་གཉེར་ཁྲོམ་རར་ཧིན་སྒོར་ཆིག་སྟོང་གིས་བཙོང་རྒྱུ་ཡིན་འདུག

རྒྱ་གར་ནི་ཨ་རི་ཕུད་པའི་ཏོག་དབྱིབས་གཉན་རིམས་ཀྱི་ནད་པའི་གྲངས་མང་ཤོས་དེ་ཆགས་ཡོད་པ་དང་། ཉེ་ལམ་ནས་ནད་པའི་གྲངས་ཉུང་དུ་འགྲོ་བཞིན་ཡོད་ནའང་། འདས་པའི་ཆུ་ཚོད་ཉེར་བཞིའི་རིང་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་པ་གྲངས་ ༡༨༡༧༧ ཐོན་ཡོད་པ་རེད། ད་སྔ་བར་རྒྱ་གར་ནང་ཁྱོན་ནད་པ་གྲངས་ས་ཡ་ ༡༠།༢ ལྷག་བྱུང་ཡོད་པའི་ཁྲོད་ནད་པ་ཁྲི་ ༡༥ ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༦ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese