མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་དང་ཁོར་ཡུག་ལས་འགུལ་བ་གྷེ་རེ་ཊ་ཐན་བྷག་གཉིས་བར་བགྲོ་གླེང་མཛད།

བོད་ཀྱི་དུས་བབ།
༢༠༢༡/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་མ་འོངས་པ་ནི་གཞོན་སྐྱེས་ཚོར་རག་ལས་ཀྱི་ཡོད་པས་ང་ཚོའི་རེ་བ་བྱེད་ས་མ་འོངས་པའི་གཞོན་སྐྱེས་ཚོ་ཡིན་ཞེས་གསུངས། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་སེམས་དང་སྲོག་གི་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་དོན་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གོ་ལའི་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་དང་ཁོར་ཡུག་ལས་འགུལ་བ་གྲགས་ཆེན་གཞོན་ནུ་མ་གྷེ་རེ་ཊ་ཐན་བྷག་(Greta Thunberg) ལགས་དང་། ཕྱི་ལོ་ ༢༠༠༧ ལོར་ནོར་སྦེལ་ཞི་བདེ་གཟེངས་རྟགས་མཉམ་བཞེས་གནང་མཁན་དང་གོ་ལའི་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་དང་ཚན་རིག་པ་གྲགས་ཅན་ཝེ་ལིམ་མཱོ་ཝའོ་  (William Moomaw) ལགས། དེ་བཞིན་གོ་ལའི་བྱང་སྣེ་ (Arctic) ཐོག་གི་སྔོན་ཐོན་ཚན་རིག་པ་སའོ་ཟན་ནཱ་ཊ་ལེ་ (Susan Natali) ལགས་སོགས་དེང་དུས་ཚན་རིག་པ་ཁག་ཅིག་དང་ལྷན་དུ་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་གནང་ཡོད་པ་དང་། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ངོས་རང་ལོ་བགྲེས་པོ་ཡིན་ནའང་གཟུགས་པོ་ཧ་ཅང་ཐང་པོ་ཡོད་པ་དང་ཆུ་ཚོད་བཅུ་ཙམ་རིང་གཉིད་ཁུགས་ཐུབ་ཀྱི་འདུག གཉིད་སྐྱིད་པོ་དང་སེམས་ཁམས་ཐང་པོ་ཡོད་པ་དེ་ཀླད་པ་གསལ་བོ་ཡོད་པའི་རྒྱུ་མཚན་ཆགས་ཡོད། སྐབས་རེར་ངོས་ལ་སྐྱོན་བརྗོད་བྱེད་མཁན་མཐོང་སྐབས་རྒྱལ་སྲས་ཞི་བ་ལྷའི་གསུང་ལ་རྗེས་དྲན་བྱེད་ཀྱི་ཡོད། བཟོད་པའི་ཉམས་ལེན་བྱེད་མཁན་ཞིག་ཡིན་ཚེ་དགྲ་དེ་གཉེན་གྱི་མཆོག་རེད་ཅེས་བཀའ་སྩལ་བ་ལྟར་དེ་ཉམས་ལེན་བྱེད་ཀྱི་ཡོད། སོ་སོ་ཉམས་ལེན་ཡག་པོ་བྱེད་མཁན་ཞིག་ཡིན་པ་ལ་ཕྱི་ནས་སྡང་པོ་བྱེད་མཁན་ཞིག་དགོས་ཀྱི་ཡོད་པ་རེད།  དེ་ཡང་སོ་སོའི་གཉེན་གྱི་ནང་དུ་མ་ཡོང་བར་སྐྱོན་བརྗོད་བྱེད་མཁན་ཞིག་ཡོང་གི་ཡོད་ཚེ་དེ་གཉེན་གྱི་མཆོག་ཡིན་པ་ནི་དགེ་བའི་བཤེས་གཉེན་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་དགོས་ཀྱི་ཡོད། ཉམས་ལེན་བྱེད་ཐབས་འདི་ནི་ནང་པའི་གཞུང་གི་ཆོས་ཕྱོགས་དང་མ་འབྲེལ་བ་ཡིན་ནའང་མི་ཚེ་སྐྱིད་པོ་ཞིག་ཡོང་བའི་ཆེད་དུ་ཉམས་ལེན་བྱེད་འོས་པ་རེད། དེའི་དགོས་པ་གཙོ་བོ་ཡང་འཛམ་གླིང་དུ་དཀའ་ངལ་མང་པོ་ཞིག་ཡོད་པས་སེམས་ཀྱི་ཞི་བདེ་བསྐྲུན་པར་ཆོས་ཕྱོགས་ཀྱི་བསླབ་བྱ་འདི་དག་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། ཅེས་གསུངས།

གོ་ལའི་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་དང་ཁོར་ཡུག་ལས་འགུལ་བ་གྲགས་ཆེན་གཞོན་ནུ་མ་གྷེ་རེ་ཊ་ཐན་བྷག་(Greta Thunberg) ལགས་དང་འབྲེལ་༧གོང་ས་མཆོག་གིས། ངོས་ནས་ཐོག་མར་གཞོན་ནུ་མ་གྷེ་རེ་ཊ་ཐན་བྷག་ལགས་ཀྱི་ཁོར་ཡུག་སྐོར་ལ་བསམ་བློ་གཏོང་སྟངས་གོ་ཐོས་བྱུང་སྐབས་ཧ་ཅང་དགའ་སྤྲོ་སྐྱེས་བྱུང་། གཞོན་སྐྱེས་ཀྱི་ངོས་ནས་དེ་ལྟ་བུའི་སེམས་ཁུར་དང་འགན་ཁུར་ལེན་མཁན་ཞིག་མཐོང་ཡོང་དུས་མ་འོངས་པར་ང་ཚོའི་རེ་བ་བྱེད་སའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་འགྲོ་བ་སེམས་ཅན་ཐམས་ཅད་བདེ་སྐྱིད་འདོད་པ་ཞིག་ཡིན་པ་ནི་སྨོས་མི་དགོས་པ་རེད། མི་ཙམ་མ་ཡིན་པར་འབུ་སྲིན་ཚུན་ཆད་ནས་སོ་སོའི་སྲོག་འཚོ་བའི་ཆེད་དུ་སེམས་ཁུར་ཡོད་པ་རེད། འགྲོ་བ་མི་ལ་ཆ་བཞག་ན་ཀླད་པ་དམིགས་བསལ་གྱིས་རྣམ་དཔྱོད་ཅན་ཞིག་ཆགས་ཀྱི་ཡོད། འོན་ཀྱང་། འཛམ་གླིང་ནང་རྙོག་དྲ་བཟོ་མཁན་ཤུགས་ཆེ་ཤོས་དེ་མི་ཆགས་ཀྱི་ཡོད། དུད་འགྲོ་སེམས་ཅན་ལྟ་བུར་མཚོན་ན་ཉིན་རེའི་བཟའ་བཏུང་ལ་སོགས་པའི་འཕྲལ་སེལ་གྱི་འདོད་པ་མ་གཏོགས་རྒྱ་ཆེ་སའི་གནོད་པ་མེད། དེ་བཞིན་ཁོ་ཚོར་ང་ཚོ་དང་ཁོ་ཚོ་ཞེས་དབྱེ་འབྱེད་ཀྱི་གཤིས་ཀ་ཆེན་པོ་ཡོད་པ་མ་རེད།ཕྱོགས་གཅིག་ནས་འགྲོ་བ་མི་རྣམས་ཀྱིས་གོ་ལ་འདིའི་ནང་ཡི་རངས་བྱེད་དགོས་པའི་འཛུགས་བསྐྲུན་མང་པོ་བྱས་ཡོད། ཕྱོགས་གཞན་ཞིག་ནས་གཏོར་བཤིག་ཀྱང་མང་པོ་བཏང་ཡོད། དེང་གི་འཇིག་རྟེན་འདིར་བསམ་བློ་བཏང་བ་ཡིན་ན་དཀའ་ངལ་ཧ་ཅང་མང་པོ་འདུག མི་ཁག་ཅིག་གིས་འགྲེལ་བརྗོད་གནང་སྟངས་ལྟར་ན་ཁོར་ཡུག་ཉམས་ཆག་ཕྱིན་པ་ནི་མིས་བཏང་བ་ཡིན་པ་ཧ་ཅང་གསལ་བོ་གསུང་བཞིན་འདུག མིའི་ཀླད་པ་ཧ་ཅང་རྣམ་དཔྱོད་ཅན་ཞིག་ཆགས་ཡོད་ཀྱང་སོ་སོའི་སྒེར་རྐྱང་བའི་དོན་དུ་བསམ་བློ་གཏོང་བ་དང་། རང་དོན་ཁོ་ནར་བསམ་བློ་བཏང་གི་རེད། དངོས་ཡོད་གནས་ཚུལ་ལ་མི་སྒེར་གཅིག་གི་བསམ་བློ་ལ་མཚོན་ནའང་ཁྱིམ་ཚང་དང་ཚོགས་པ་ལ་རག་ལས་ཀྱི་ཡོད། མི་ཚེ་ཡང་སྤྱི་ཚོགས་ལ་བརྟེན་ཡོད། གང་ལྟར་རིགས་འགྲེ་བཏང་བ་ཡིན་ན་གོ་ལ་ཧྲིལ་བོའི་མི་འབོར་ཐེར་འབུམ་བདུན་ཁྱིམ་གཞི་གཅིག་ཆགས་ཡོད། དེར་བརྟེན། སྤྱི་ལ་ཁྱབ་པའི་སེམས་ཁུར་ཞིག་ངེས་པར་དུ་དགོས་པ་རེད། དེ་མིན་པར་སོ་སོ་རྐྱང་བའི་ས་ཆ་ཆུང་ཆུང་ལ་ཁྱབ་པའི་བསམ་བློ་ནི་ཧ་ཅང་བློ་རྒྱ་ཆུང་ཆུང་རེད། ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མི་ཚེ་ཧྲིལ་བོ་གཞན་ལ་རྟེན་ནས་བསྡད་ཡོད་པ་མ་གཏོགས་རང་རྐྱང་བ་འཚོ་ཐབས་མེད། ཅེས་གསུངས།
དེ་བཞིན་ཁོང་གིས་མུ་མཐུད་གསུང་དོན། སུ་བེ་ཌེན་ནས་ཡིན་པའི་བུ་མོ་ཆུང་ཆུང་འདིས་གནམ་གཤིས་དང་འབྲེལ་བའི་སྐོར་ནས་ཕྱག་ལས་གནང་བཞིན་པ་གོ་ཡོང་དུས་མ་འོངས་པར་དངོས་གནས་རེ་བ་ཞིག་མཐོང་བ་དང་། གཞོན་སྐྱེས་ཚོས་ཁོར་ཡུག་གིས་མཚོན་པའི་འཛམ་གླིང་གི་དཀའ་ངལ་ཐོག་ལ་འདི་ལྟ་བུའི་སེམས་ཁུར་ལེན་བཞིན་པ་ཐོས་དུས་ཧ་ཅང་དགའ་བོ་བྱུང་སོང་། སྤྱིར་བཏང་འཛམ་གླིང་དུ་དངོས་པོ་ཡར་རྒྱས་དང་འབྲེལ་བའི་བསམ་བློ་གཏོང་སྟངས་ཧ་ཅང་རྩལ་དུ་བཏོན་པ་ཆགས་ཡོད། དེ་ནས་སོ་སོའི་སྤྱི་ཚོགས་དང་སོ་སོའི་རྒྱལ་ཁབ་ལ་བསམ་བློ་བཏང་བ་ཆགས་ཡོད། འཛམ་གླིང་སྤྱི་ཡོངས་ཀྱི་ཁོར་ཡུག་སྐོར་ལ་སྐད་ཆ་བཤད་མཁན་ཉུང་ཉུང་རེད། ཡིན་ནའང་། ད་ལྟ་མ་འོངས་པར་བཟང་ཕྱོགས་ལ་རེ་བ་བྱེད་ཆོག་པ་ཞིག་རེད་བསམ་གྱི་འདུག ང་ཚོ་མི་བགྲེས་པ་ཚོ་ལོ་རྫོགས་འགྲོ་བཞིན་ཡོད་པ་དང་། ཁྱོད་རང་ཚོ་ད་ལྟ་གཞི་ནས་མགོ་བཙུགས་ཡོང་གི་ཡོད་པས་ང་ཚོའི་མ་འོངས་པའི་རེ་བ་བྱེད་ས་ནི་ཁྱོད་ཚོ་གཞོན་སྐྱེས་ཚོ་རེད། འདས་པ་ནི་འདས་ཟིན་པས་མ་འོངས་པ་གཞོན་སྐྱེས་ཚོར་རག་ལས་ཡོད། ང་ཚོའི་མི་ཐོགས་འདིས་དཀའ་ངལ་ཆེན་པོ་བཟོས་ཡོད་པར་བརྗོད་ཆོག་གི་རེད། དཀའ་ངལ་དེ་དག་ཁྱོད་ཚོ་གཞོན་སྐྱེས་ཚོས་སེལ་དགོས་པ་རེད། ཅེས་གསུངས།

དེ་རྗེས་ཁོར་ཡུག་ལས་འགུལ་བ་གྲགས་ཆེན་གཞོན་ནུ་མ་གྷེ་རེ་ཊ་ཐན་བྷག་ལགས་ཀྱིས་༧གོང་ས་མཆོག་ལ་འཚམས་འདྲི་ཞུས་པ་དང་འབྲེལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དམིགས་བསལ་གོ་ལའི་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་བྱེད་མཁན་གྱི་དམིགས་བསལ་གཞོན་སྐྱེས་རྣམས་དང་ལྷག་པར་གོ་ལ་འདིའི་མ་འོངས་པའི་ཆེད་དུ་ཐུགས་འགན་བཞེས་པར་ངས་གཞོན་སྐྱེས་ཚང་མའི་ཚབ་ཞུས་ཏེ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གོ་ལའི་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་དང་འབྲེལ་ང་ཚོར་ཕྱག་འཕྲིན་གནང་སྟེ་༧གོང་ས་མཆོག་ནས་ང་ཚོར་རྒྱབ་སྐྱོར་ཡོད་པ་ཤེས་པས་ཧ་ཅང་དགའ་སྤོབས་དང་སྙིང་སྟོབས་ཆེན་པོ་སྦྱིན་བྱུང་། རྩ་བའི་ང་ཚོའི་བར་ལོ་དུས་སོགས་མི་འདྲ་བའི་ཆ་ཡོད་ནའང་། གནམ་གཤིས་ཚ་དྲོད་དང་ཁོར་ཡུག་སྲུང་སྐྱོབ་སོགས་གོ་ལ་འདི་སྲུང་སྐྱོབ་བྱ་རྒྱུའི་འགན་འཁྲི་ནི་ང་ཚོའི་བར་ཡོད་པའི་ཐུན་མོང་གི་བསམ་ཚུལ་ཞིག་ཆགས་ཀྱི་ཡོད། ཅེས་དང་། ངའི་ཉམས་མྱོང་གཞིར་བཞག་བྱས་ན། ད་ལྟ་གོ་ལའི་གནམ་གཤིས་ཚ་དྲོད་ཀྱི་དཀའ་ངལ་ཐད་ང་ཚོར་གོ་རྟོགས་དམན་པ་དང་ཚན་རིག་གིས་འདང་གི་མེད་པའི་ཆ་མང་པོ་ཞིག་གླེང་སློང་ཡོང་གི་མེད་སྟབས། ང་ཚོས་གོ་རྟོགས་སྤེལ་རྒྱུའི་ཚབ་ཏུ་ད་ལྟ་གོ་ལ་འདིར་འཕྲད་བཞིན་པའི་དཀའ་ངལ་རྣམས་ཇི་མ་ཇི་བཞིན་དུ་མི་མང་ལ་འགྲེལ་བཤད་རྒྱག་རྒྱུ་ཁ་ཚ་དགོས་གཏུགས་ཀྱི་གནས་རེད་འདུག རྒྱུ་མཚན་ནི་ད་སྔ་བར་ང་ལ་ཐུག་མྱོང་བའི་མི་མང་པོ་ཞིག་གིས་གནམ་གཤིས་ཚ་དྲོད་ཀྱི་དཀའ་ངལ་སེལ་ཐབས་དང་དེའི་ཤུགས་རྐྱེན་སོགས་ཀྱི་སྐོར་ལ་གོ་ཐོས་གང་ཡང་བྱུང་མྱོང་མི་འདུག་ལ། ང་ཚོས་རང་བྱུང་ཁམས་ལ་གུས་བརྩི་མེད་པར་མི་སྒེར་སོ་སོའི་ཤུགས་རྐྱེན་གྱིས་མ་འོངས་པར་ལྡོག་ཐབས་བྲལ་བའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རྟོགས་ཀྱི་མི་འདུག དེར་བརྟེན། གོ་ལའི་ཚ་དྲོད་རྒྱས་བཞིན་པའི་དཀའ་ངལ་འདི་དག་སེལ་ཐབས་སུ། ང་ཚོས་གོ་ལའི་ཚ་དྲོད་ཀྱི་དཀའ་ངལ་ཡོད་པ་ཤེས་པའི་ཐོག་ནས་དེ་དག་སེལ་བའི་ཐབས་ལམ་ཁག་ཤེས་དགོས་པ་ཡིན། ཞེས་བརྗོད་སོང་།

ཐེངས་འདིའི་བགྲོ་གླེང་གི་བརྒྱུད་རིམ་ཁྲོད་ཁོར་ཡུག་དང་གནམ་གཤིས་སྐོར་གྱི་བརྙན་ཐུང་གསུམ་གཟིགས་འབུལ་ཞུས་པ་དང་། དེའི་ཁྲོད་ཚན་རིག་པ་གྲགས་ཅན་ཝེ་ལིམ་མཱོ་ཝའོ་ལགས་དང་སྔོན་ཐོན་ཚན་རིག་པ་སའོ་ཟན་ནཱ་ཊ་ལེ་ལགས་གཉིས་ནས་རང་ཉིད་ཀྱི་འཁྱག་རོམ་ཞིབ་འཇུག་དང་འབྲེལ་བའི་བརྙན་ཐུང་རེ་གཟིགས་འབུལ་ཞུས་པ་དང་འབྲེལ་ནས་གོ་ལའི་ཚ་དྲོད་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་སྐོར་ལ་དྲི་བ་དྲིས་ལན་དང་བགྲོ་གླེང་མཛད་སོགས་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese