མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་འོག་མའི་ནང་སྲིད་འཛིན་ཊོམ་ལ་ཉེས་འཛུགས་གཏན་འབེབ་བྱས།

བོད་ཀྱི་དུས་བབ།
༢༠༢༡/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་འོག་མའི་ནང་ཉེ་སྔོན་ཨ་རིའི་གྲོས་ཚོགས་ཁང་དུ་བྱུང་བའི་དྲག་རྒོལ་དཔུང་འཛུལ་ལ་སྲིད་འཛིན་ཊོམ་ཕུ་མཆོག་ནས་སྐུལ་སློང་བྱས་ཡོད་པའི་ཉེས་འཛུགས་དེ་ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབ་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༣ ཉིན་ཨ་རིའི་དམངས་གཙོ་ཚོགས་པས་སྟངས་འཛིན་འོག་ཡོད་པའི་གྲོས་ཚོགས་འོག་མའི་ནང་ཆུ་ཚོད་ ༢ ལྷག་གི་རིང་ཉེས་འཛུགས་བགྲོ་གླེང་བྱས་རྗེས། སྲིད་འཛིན་ཊོམ་ཕུ་མཆོག་གིས་ཉེ་ཆར་ཨ་རིའི་གྲོས་ཚོགས་ཁང་ནང་བྱུང་བའི་དྲག་རྒོལ་དཔུང་འཛུལ་ལས་འགུལ་ལ་སྐུལ་སློང་བྱས་པའི་ཉེས་འཛུགས་ལ་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ ༡༩༢ གྱིས་དགག་བྱ་དང་། འཐུས་མི་ ༢༣༤ ཡིས་རྒྱབ་སྐྱོར་བྱས་པར་བརྟེན།  ཚད་མཐོའི་མང་མོས་ཀྱི་ཐོག་ནས་ཉེས་འཛུགས་ཐག་གཅོད་གཏན་འབེབ་བྱུང་ཡོད་པ་དང་།  དེ་ནི་ཨ་རིའི་ལོ་རྒྱུས་ཁྲོད་སྲིད་འཛིན་ཞིག་ལ་གྲོས་ཚོགས་ཀྱིས་ཐེངས་གཉིས་ལ་ཉེས་འཛུགས་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག

གྲོས་ཚོགས་འོག་མའི་ཉེས་འཛུགས་དོན་ཚན་ནང། སྲིད་འཛིན་ཊོམ་ཕུ་མཆོག་གིས་ཡང་དང་བསྐྱར་དུ་འདི་ལོའི་སྲིད་འཛིན་འོས་བསྡུ་དེ་དྲང་པོ་བྱུང་མེད་པ་དང་། དེར་ངོས་ལེན་བྱ་རྒྱུ་མེད་པའི་གནས་ཚུལ་རྫུན་མ་བསྒྲགས་ཡོད་པ་མ་ཟད། སྲིད་འཛིན་གྱི་བྱ་སྤྱོད་དེས་ཉེ་ཆར་ཨ་རིའི་གྲོས་ཚོགས་ཁང་ནང་དཔུང་འཛུལ་གྱི་ཁྲིམས་བརྒལ་ལས་འགུལ་དེར་སྐུལ་སློང་བྱས་ཡོད་སྐོར། ད་དུང་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཨ་རིའི་བདེ་འཇགས་དང་། གཞུང་གི་རྩ་འཛུགས་བཅས་ལ་གནོད་འཚེ་ཆེན་པོ་བཏང་ཡོད་པ་མ་ཟད། དམངས་གཙོའི་ལམ་ལུགས་ཀྱི་དྲང་ཚུགས་ལ་ཉེན་ཁ་བཟོས་པ་དང་། ལྷིང་འཇགས་ཀྱི་ཐོག་ནས་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བརྒྱུད་རིམ་ལ་འགོག་རྐྱེན་བཟོས་ཡོད་སྐོར་སོགས་བཀོད་ཡོད་འདུག

གྲོས་ཚོགས་འོག་མའི་ནང་ཉེས་འཛུགས་དོན་ཚན་གཏན་འབེབ་བྱས་རྗེས། སྲིད་འཛིན་ཊོམ་ཕུ་མཆོག་གིས་བརྙན་ལམ་བརྒྱུད་མང་ཚོགས་ལ། ཨ་རིའི་གྲོས་ཚོགས་ཁང་དུ་ལྷགས་པའི་དཔུང་འཛུལ་གྱི་བྱ་སྤྱོད་དེས་ཨ་རི་བ་ས་ཡ་མང་པོའི་སེམས་ལ་ཕོག་ཐུག་བཏང་ཡོད། ངས་འཚེ་བའི་བྱ་སྤྱོད་དེ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། ང་ཚོའི་རྒྱལ་ཁྱབ་ནང་འཚེ་སྤྱོད་དང་གཏོར་བཅོམ་རིགས་ནི་ངོས་ལེན་བྱེད་ཐབས་མེད་པ་ཞིག་རེད། གཏུམ་ཚོགས་ཀྱི་འཚེ་སྤྱོད་རིགས་ནི་ངའི་ལངས་ཕྱོགས་དང་ང་ཚོའི་ལས་འགུལ་དང་རྒྱབ་འགལ་དུ་གྱུར་ཡོད། ང་ལ་ཞེ་ཐག་པ་ནས་རྒྱབ་སྐྱོར་བྱེད་མཁན་ཚོ་ནམ་ཡང་འདི་ལྟ་བུའི་ཆབ་སྲིད་ཀྱི་འཚེ་སྤྱོད་ལ་ཞུགས་མི་སྲིད་ལ། གལ་ཏེ་ཁྱེད་རང་འདི་ལྟ་བུའི་བྱ་སྤྱོད་ནང་ཞུགས་ཚེ། ཁྱེད་ཀྱིས་ང་ཚོའི་ལས་འགུལ་ལ་རམ་འདེགས་ཞུ་རྒྱུའི་ཚབ་ཏུ་གཏོར་རྒོལ་གཏོང་གི་ཡོད། ཅེས་བརྗོད་འདུག་ལ། འོས་འདེམས་སྲིད་འཛིན་བྷའེ་ཌིན་མཆོག་གི་སྲིད་འཛིན་དམ་འབུལ་མཛད་སྒོའི་ཉིན་ཨ་རིའི་དབུས་སའི་གྲོས་ཚོགས་ཁང་ལ་ངོ་རྒོལ་ལས་འགུལ་སྤེལ་འཆར་ཡོད་པའི་གནས་ཚུལ་ཐོན་བཞིན་དང་འབྲེལ་ཁོང་གིས། མང་ཚོགས་ངོས་ནས་ཨ་རིའི་བཅའ་ཁྲིམས་ཀྱིས་བསྩལ་བའི་སྨྲ་བརྗོད་རང་དབང་བཀོལ་སྤྱོད་བྱ་རྒྱུའི་ཐོབ་ཐང་ཡོད་ནའང་། དེ་ནི་ཁྲིམས་སྒྲིག་ལ་བརྩི་སྲུང་དང་གཏོར་བཅོམ་སོགས་འཚེ་སྤྱོད་མེད་པའི་ཐོག་ནས་སྤེལ་དགོས་སྐོར་འབོད་སྐུལ་ཞུས་ཡོད་འདུག

གྲོས་ཚོགས་འོག་མའི་ནང་ཉེས་འཛུགས་དོན་ཚན་ཐོག་བགྲོ་གླེང་བྱེད་སྐབས་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གཙོ་བོར་བྱས་པའི་དམངས་གཙོ་ཚོགས་པའི་འཐུས་མི་རྣམས་ཀྱིས་ཊོམ་ཕུ་མཆོག་གི་བྱ་སྤྱོད་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་ནའང་། གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མིས། སྲིད་འཛིན་ཊོམ་ཕུ་མཆོག་ནས་བྱས་ཉེས་བསགས་མེད་པ་མིན་ཡང་། དུས་ཡུན་ཐུང་ཐུང་ནང་སྲིད་འཛིན་ལ་ཉེས་འཛུགས་བྱེད་ཐབས་འདི་ནི་ནོར་འཁྲུལ་ཅན་ཞིག་ཡིན་སྐོར་དང་། ཡང་འཐུས་མི་གཞན་ཞིག་གིས་དམངས་གཙོ་ཚོགས་པས་ཆབ་སྲིད་ཀྱི་འཁོན་ལན་སློག་ཆེད་རྒྱལ་ཁབ་དུམ་བུར་གཏོང་བཞིན་ཡོད་སྐོར་སྐྱོན་བརྗོད་བྱས་ཡོད་འདུག

སྤྱིར་གྲོས་ཚོགས་འོག་མའི་ཉེས་འཛུགས་གྲོས་ཆོད་དེ་ནི་སྲིད་འཛིན་གནས་དབྱུང་གཏོང་རྒྱུའི་གོམ་པ་དང་པོ་དེ་ཡིན་པ་དང་། དེའི་རྗེས་ཉེས་འཛུགས་གནད་དོན་ཐད་གྲོས་ཚོགས་གོང་མའི་ནང་དཔྱད་ཞིབ་གནང་རྒྱུ་དང་། གལ་ཏེ་གྲོས་ཚོགས་གོང་མའི་འཐུས་མིའི་གསུམ་ཆ་གཉིས་ཀྱིས་སྲིད་འཛིན་ནས་ནག་ཉེས་བསགས་པར་ངོས་ལེན་རྒྱབ་སྐྱོར་བྱས་ཚེ། སྲིད་འཛིན་ལས་གནས་ནས་གནས་དབྱུང་གཏོང་བའི་ཆ་རྐྱེན་ཚང་གི་ཡོད་འདུག འདས་ལོར་གྲོས་ཚོགས་འོག་མས་སྲིད་འཛིན་ཊོམ་ཕུ་མཆོག་ལ་དབང་ཆ་ལོག་སྤྱོད་དང་གྲོས་ཚོགས་ཀྱི་བྱ་རིམ་ལ་འགལ་རྐྱེན་བཟོས་པའི་ནག་ཉེས་བཙུགས་ཡོད་ཀྱང་། གྲོས་ཚོགས་གོང་མའི་ནང་རྒྱབ་སྐྱོར་མ་ཐོབ་པའི་རྐྱེན་གྱིས་ནག་ཉེས་ཕོག་མེད་པ་རེད། ད་ལན་གྱི་ཉེས་འཛུགས་དང་འབྲེལ་ཏེ་ཨ་རིའི་ནེའུ་ཡོག་དུས་བབ་ནང་། གྲོས་ཚོགས་གོང་མའི་མངས་གཙོ་ཚོགས་པའི་འཐུས་མིའི་ཐོག་ཉུང་མཐར་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ ༢༠ ཡིས་ཉེས་འཛུགས་དོན་ཚན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པས་ནག་ཉེས་ཕོག་རྒྱུ་གཏན་འཁེལ་ཡིན་སྐོར་བཀོད་འདུག

གྲོས་ཚོགས་གོང་མའི་འཐུས་མི་རྒན་གྲས་རྣམས་ཀྱིས་གྲོས་ཚོགས་གོང་མའི་ནང་ཊོམ་ཕུའི་ཉེས་འཛུགས་དཔྱད་ཞིབ་དེ། ཡོང་ལ་ཉེ་བའི་འོས་འདེམས་སྲིད་འཛིན་བྷའེ་ཌིན་མཆོག་གི་དམ་འབུལ་མཛད་སྒོའི་རྗེས་ནས་མ་གཏོགས་ཚུགས་ཐུབ་ཀྱི་མེད་སྐོར་བརྗོད་ཡོད་སྟབས། ཊོམ་ཕུ་མཆོག་སྲིད་འཛིན་གྱི་ལས་གནས་ནས་དངོས་སུ་གནས་དབྱུང་གཏོང་ཐབས་མ་མཆིས་ཀྱང་། དམངས་གཙོ་ཚོགས་པར་མཚོན་ན། གལ་ཏེ་གྲོས་ཚོགས་གོང་མའི་ནང་ཊོམ་ཕུ་མཆོག་ནས་ནག་ཉེས་བསགས་པ་ར་འཕྲོད་བྱུང་ཚེ། རྗེས་ཕྱོགས་ཊོམ་ཕུ་མཆོག་ཨ་རིའི་སྲིད་འཛིན་གྱིས་མཚོན་པའི་གཞུང་འཛིན་ལས་གནས་སུ་ལངས་ཆོག་གི་མེད་པ་རེད་འདུག དེ་བཞིན་བྷའེ་ཌིན་གྱི་དམ་འབུལ་གྲུབ་པ་བསྟུན། གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་མར་ཇོ་རི་ཊེ་ལོར་གྷི་རིན་ (Marjorie Taylor Greene ) གྱིས། བྷའེ་ཌིན་མཆོག་གིས་དབང་ཆ་ལོག་སྤྱོད་བྱས་པའི་ཉེས་འཛུགས་གྲོས་འཆར་འདོན་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད་འདུག

སྤྱིར་ཨ་རིའི་ལོ་རྒྱུས་ཁྲོད་དུ། གྲོས་ཚོགས་འོག་མས་ཕྱི་ལོ་ ༡༩༦༨ ལོར་ཨ་རིའི་སྲིད་འཛིན་བཅུ་བདུན་པ་ཨེན་ཌི་རུའོ་ཇོན་སོན་ (Andrew Johnson) དང་། ཡང་ཕྱི་ལོ་ ༡༩༩༨ ལོར་ཨ་རིའི་སྲིད་འཛིན་ཞེ་གཉིས་པ་བྷིལ་ཀི་ལི་ཊོན་ (Bill Clinton) ལ་ཉེས་འཛུགས་བྱས་ཡོད་ཀྱང་། ཕྱིས་སུ་གྲོས་ཚོགས་གོང་མའི་ནང་འཐུས་མི་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ཐོབ་པར་བརྟེན། སྲིད་འཛིན་གྱི་གོ་གནས་ནས་གནས་དབྱུང་བཏང་ཐུབ་མེད་པ་དང་། དེ་བཞིན་ཨ་རིའི་སྲིད་འཛིན་རི་ཆར་ཌི་ནིག་སོན་ (Richard Nixon) ལ་གྲོས་ཚོགས་འོག་མས་ཉེས་འཛུགས་མ་བྱས་གོང་ནས་སྲིད་འཛིན་ནས་རྩ་དགོངས་ཞུས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༦ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese