མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་དབྱིབས་ལ་གདོང་ལེན་གནང་མཁན་གྱི་བོད་རིགས་ཁྱོན་ ༨༥༠ ལྷག་ལ་སྨན་ཁབ་བརྒྱབ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་འཕྲོད་ལས་པ་དང་ལྷན་དུ་བཙན་བྱོལ་བོད་རིགས་སྨན་པ་དང་སྨན་ཞབས་སོགས་འཕྲོད་ལས་པ་མི་ཉུང་པ་ཞིག་ལ་ཏོག་དབྱིབས་སྨན་ཁབ་བརྒྱབ་རྒྱུ་ཡིན་འདུག

སང་ཉིན་ཕྱི་ཚེས་ ༡༦ ཉིན་ནས་བཟུང་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་སྨན་ཁབ་  (Covishield) དང་རྒྱ་གར་གྱིས་བཟོས་པའི་ (COVAXIN) སྨན་ཁབ་རྒྱག་གཏན་འཁེལ་ཡོད་པ་ལྟར། འདི་གའི་གསར་འགོད་པས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། རྒྱ་གར་རྒྱལ་ཡོངས་ཀྱི་སྨན་པ་དང་སྨན་ཞབས། དེ་བཞིན། ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་གནང་མཁན་གྱི་ཆེད་མཁས་འཕྲོད་ལས་པ་མི་གྲངས་འབུམ་ ༦ ལྷག་ལ་ཏོག་དབྱིབས་སྨན་ཁབ་བརྒྱབ་རྒྱུ་འཆར་གཞིའི་ཁྲོད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་ཁག་གི་གཙོས་དགོན་སྡེ་དང་སློབ་གྲྭ བོད་ཀྱི་སྨན་རྩིས་ཁང་གི་ཁྱབ་ཁོངས་སྨན་ཁང་ཁག་གི་སྨན་པ་དང་སྨན་ཞབས་སོགས་ཁྱོན་བཙན་བྱོལ་བོད་མི་ཁྱོན་ ༨༥༠ ལྷག་ལ་ཏོག་དབྱིབས་སྨན་ཁབ་རྒྱག་གཏན་འཁེལ་ཡོད་པ་རེད།

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་འགྲུབ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། འཕྲོད་བསྟེན་ལས་ཁུངས་ཀྱིས་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་ནས་རྒྱ་གར་ནང་གི་ཁྱབ་ཁོངས་ས་གནས་ཀྱི་སྨན་ཁང་ཁག་གི་འགན་འཛིན་རྣམས་ལ་བརྡ་ལན་ཕུལ་ཏེ། འབྲེལ་ཡོད་ས་གནས་གཞུང་ལ་འབྲེལ་བ་གནང་དགོས་སྐོར་བརྗོད་པ་ལྟར། ཁོ་ཚོས་འབྲེལ་བ་གནང་སྟེ་ད་ལྟ་ང་ཚོའི་སྨན་ཁང་མང་ཆེ་བ་སྨན་ཁབ་ས་ཚིགས་ཆགས་ཡོང་གི་འདུག ང་ཚོའི་ཁྱབ་ཁོངས་ཀྱི་སྨན་པ་དང་སྨན་ཞབས་སོགས་ཁྱོན་མི་གྲངས་ ༥༠༠ ཙམ་སྨན་ཁབ་བརྒྱབ་རྒྱུའི་ཐོ་འགོད་བྱས་ཡོད། ཅེས་བརྗོད་སོང་བ་དང་། དེའི་ཁྲོད་བཞུགས་སྒར་ཁུལ་གྱི་བདེ་ལེགས་སྨན་ཁང་གཙོས་པའི་འཕྲོད་བསྟེན་ལས་བྱེད་སོགས་ཁྱོན་མི་གྲངས་ ༩༠ ཙམ་ཐོ་འགོད་བྱས་ཡོད་འདུག

ཡང་གསར་འགོད་པས་ལྷོ་ཕྱོགས་ལྷོ་སྤྱི་ལས་ཁུངས་ཀྱི་ཁོངས་གཏོགས་སུ་སྨན་ཁབ་བརྒྱབ་རྒྱུར་ཐོ་འགོད་བྱས་པའི་མི་གྲངས་ག་ཚོད་ཅིག་མེད་སྐོར་ལ་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་སུ་བཀའ་འདྲི་ཞུས་སྐབས། ལྷོ་སྤྱི་ལས་ཁུངས་སུ་འབྱོར་བའི་ཐོ་གཞུང་ནང་ཁྱོན་མི་གྲངས་ ༣༧༥ ཙམ་ཡོད་པ་དང་། དེའི་ཁྲོད་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་པ་དང་སྨན་ཞབས་རྣམས་ཕུད་པའི་དགོན་སྡེ་ཁག་གི་སྨན་པ་དང་སྨན་ཞབས། བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་དང་སྨན་ཞབས་བཅས་ཡོད་པ་མ་ཟད། ད་དུང་ས་གནས་བརྒྱ་དཔོན་ཁ་ཤས་ཀྱང་ཡོད་སྐོར་བརྗོད་བྱུང་།

ད་ལྟའི་ཆར་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སུ། དེང་རབས་ཀྱི་གསོ་རིག་ཐོག་ནས་གཞི་རིམ་བརྟག་དཔྱད་དང་སྨན་བཅོས། ནད་གསོ་ཁང་བཅས་ཀྱི་མཐུན་རྐྱེན་ཚང་བའི་བདེ་ལེགས་སྨན་ཁང་དང་ཁྱབ་ཁོངས་བོད་མིའི་གཞིས་སྒར་ཁག་ནང་ཕྱི་ལུགས་སྨན་ཁང་ཆེ་ཁག ༧ དང་གཞི་རིམ་འཕྲོད་བསྟེན་སྨན་ཁང་འབྲིང་བ་ ༤ ། དེ་བཞིན་སྨན་ཁང་ཆུང་གྲས་ ༤༣ བཅས་སྨན་ཁང་ཆེ་ཆུང་ཁྱོན་ ༥༤ ཡོད་པ་དང་། དེ་བཞིན། བོད་ཀྱི་གསོ་རིག་ཐོག་ནས་བརྟག་དཔྱད་སྨན་བཅོས། ནད་གསོ་བཅས་ཀྱི་ཕྱག་ལས་གནང་བཞིན་པ་རྒྱ་བལ་འབྲུག་གསུམ་ནང་བོད་ཀྱི་སྨན་རྩིས་ཁང་ལ་ཡན་ལག་སྨན་རྩིས་ཁང་ ༤༩ ཡོད་འདུག

རྒྱ་གར་དབུས་གཞུང་གི་གནས་ཚུལ་ལྟར་ན། ད་ལྟ་རྒྱ་གར་རྒྱལ་ཡོངས་སུ་རྫོང་ ༧༡༨ ཡོད་པའི་ཁྲོད། རྫོང་རེ་རེའི་ནང་གཞུང་འབྲེལ་སྨན་ཁང་གཉིས་དང་གཞུང་འབྲེལ་མིན་པའི་སྨན་ཁང་གཅིག་བཅས་ལ་སྨན་ཁབ་ལག་བསྟར་གྱི་སྦྱོང་བརྡར་རམ་ཚོད་ལྟའི་ས་ཚིགས་གཏན་འཁེལ་དགོས་པའི་བཀའ་ཁྱབ་བཏང་བ་ལྟར། རྒྱ་གར་རྒྱལ་ཡོངས་ཀྱི་འཕྲོད་ལས་པ་གྲངས་འབུམ་ ༦ ལྷག་ལ་སྔོན་འགོག་སྨན་ཁབ་ལག་ལེན་བསྟར་ཕྱོགས་ཀྱི་སྦྱོང་བརྡར་སྤྲད་ཡོད་པ་དང་། སྨན་ཁབ་དེ་ཐོག་མར་སྨན་པ་དང་འཕྲོད་ལས་པ་རྣམས་ལ་བརྒྱབ་རྗེས། ལོ་ན་ ༥༠ ཡན་དང་ཏོག་དབྱིབས་གཉན་རིམས་ཕོགས་ཏེ་ཛ་དྲག་གི་གནས་སྟངས་འོག་ཡོད་མཁན་རྣམས་ལ་རྒྱག་འཆར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༢ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese