མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་དམག་མིས་བོད་ཀྱི་ལོ་རྒྱུས་དང་སྐད་ཡིག་སྦྱོང་དགོས་ཟེར།

བོད་ཀྱི་དུས་བབ།
༢༠༢༡/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

སིམ་ལར་རྟེན་གཞི་བྱས་པའི་རྒྱ་གར་གྱི་དམག་སྦྱོང་ལྟེ་གནས་ཁང་གིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་སོགས་རྒྱ་གར་གྱི་དམག་མིས་བོད་ཀྱི་ལོ་རྒྱུས་དང་སྐད་ཡིག་རིག་གནས་སློབ་སྦྱོང་བྱེད་སའི་ཁོངས་སུ་མཚམས་སྦྱོར་བྱས་འདུག

དེ་རིང་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་བའི་ཆར་ལ་དྭགས་དང་འབྲས་ལྗོངས་སུ་འཁེལ་བའི་བོད་ཧིན་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་འབྱུང་བཞིན་པའི་གནས་སྟངས་དང་། རྒྱ་ནག་གི་དྲིལ་བསྒྲགས་དང་ཤུགས་རྐྱེན་ལ་ཁ་གཏད་གཅོག་ཆེད་རྒྱ་གར་གྱི་དམག་མི་ཚོས་བོད་ཀྱི་ལོ་རྒྱུས་དང་། རིག་གནས། སྐད་ཡིག་བཅས་སྦྱོང་རྒྱུའི་ལས་གཞི་གསར་པ་ཞིག་སྤེལ་འཆར་ཡོད་འདུག

རྒྱ་གར་གྱི་དམག་སྡེའི་མགོ་འཁྲིད་ཅིག་གིས་གསར་ཁང་དེར། རྒྱ་གར་གྱི་དམག་མི་རྣམས་པཱ་ཀི་སི་ཐན་ཀྱི་སྐོར་ལ་རྒྱུས་ལོན་ཟབ་པོ་ཡོད་ཀྱང་། རྒྱ་ནག་དང་རྒྱ་ནག་གི་བསམ་བློ་གཏོང་སྟངས་བཅས་པར་ཤེས་རྟོགས་འདང་ངེས་མེད་ལ། བོད་སྐོར་ལ་དེ་བས་ཉུང་ཉུང་རེད། དེར་བརྟེན་སྟོང་ཆ་དེ་བསྐོང་དགོས་པ་རེད། ཅེས་དང་། རྒྱ་གར་གྱི་ཕྱོགས་ནས་རྒྱ་ནག་དང་བོད་གཉིས་ཀྱི་སྐད་ཡིག་དང་། རིག་གནས། གོམས་གཤིས་བཅས་ཀྱི་ཐོག་ལ་མཁས་པ་བྱེད་དགོས་པ་དང་། དམག་མི་སྐོར་ཞིག་འདེམས་སྒྲུག་བྱས་ཏེ་རྩོད་རྙོག་བྱུང་སའི་བོད་ཧིན་ས་མཚམས་ (LAC) ཁག་ཏུ་དུས་ཡུན་རིང་པོར་འཇོག་དགོས་སྐོར་ཡང་བཤད་འདུག

རྒྱ་གར་དུས་བབ་གསར་ཁང་གི་གནས་ཚུལ་དེའི་ནང་། སྤྱིར་དམག་གི་མགོ་འཁྲིད་རྣམས་ཀྱི་བོད་ཀྱི་ལོ་རྒྱུས་དང་། རིག་གནས། སྐད་ཡིག་བཅས་སྦྱང་རྒྱུའི་ལས་གཞི་དེ། འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་ཚོགས་པའི་དམག་སྤྱི་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་བཏོན་པ་ཞིག་ཡིན་འདུག་ཀྱང་། ད་ལྟ་སིམ་ལར་རྟེན་གཞི་བྱས་པའི་དམག་སྦྱོང་ལྟེ་གནས་ཁང་ (Army Training Command) གིས་ལས་གཞིའི་ངོ་བོ་དང་ལག་བསྟར་བཅས་ཀྱི་གནས་སྟངས་ལ་ཞིབ་འཇུག་བྱེད་མགོ་བརྩམས་ཡོད་འདུག

དེ་བཞིན་དམག་སྦྱོང་ལྟེ་གནས་ཁང་དེས་རྒྱ་གར་ནང་བོད་ཀྱི་ལོ་རྒྱུས་སོགས་སྦྱོང་སའི་སློབ་གྲྭ་ཡང་མཚམས་སྦྱོར་བྱས་པའི་ཁྲོད། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང། འབྲས་ལྗོངས་ཀྱི་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་(Namgyal Institute of Tibetology)། ཨ་རུ་ན་ཅལ་གྱི་དབུས་ཧི་མ་ལ་ཡའི་ལེགས་བྱང་མཐོ་རིམ་སློབ་གཉེར་ཁང་ (Central Institute of Himalayan Culture Studies) བཅས་དང་། གཞན་ཡང་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བསྟན་རིག་གནས་ཚན་པ་དང་། ནུབ་བྷེང་གྷལ་དུ་རྟེན་གཞི་བྱས་པའི་ཝིས་ཝ་བྷ་ར་ཏི་གཙུག་ལག་སློབ་ཆེན (Visva Bharati University)། ཤར་ཕྱོགས་བྷི་ཧར་མངའ་སྡེར་ཆགས་པའི་ན་ཝ་ན་ལནྜ་མ་ཧཱ་ཝི་ཧ་ར་ (Nava Nalanda Mahavihara)། བཅས་ཡོད་འདུག

སྤྱིར་འདས་པའི་དུས་ཡུན་ནང་རྒྱ་གར་གཞུང་གིས་བོད་ཀྱི་གནད་དོན་ཐོག་ནས་རྒྱ་ནག་ལ་གདོང་ལེན་དང་ཁ་གཏད་གཅོག་ཐབས་བྱས་པ་ཧ་ཅང་དཀོན་པོ་ཡིན་ནའང་། ཁེ་ཉིན་ཕྱི་ཚེས་ ༢༦ ཉིན་རྒྱ་གར་གྱི་དམངས་གཙོའི་ཉིན་མོ་དང་བསྟུན། རྒྱ་གར་གཞུང་གིས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་ཀྱང་དོར་དང་འདོར་བཞིན་པའི་བྱས་རྗེས་ཅན་གྱི་མི་སྣ་ ༥༤ ལ་ཆེ་བསྟོད་གཟེངས་རྟགས་ཕུལ་བའི་ཁྲོད། ལ་དྭགས་ཀྱི་བོད་ཧིན་ས་མཚམས་སུ་རྒྱ་གར་གྱི་གངས་གཟིག་འཐབ་རྒོལ་ནང་ཞུགས་པའི་བོད་མིའི་དྭང་ཞབས་དམག་མི་ཚེ་རིང་ནོར་བུ་ལགས་ཀྱང་ཚུད་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

སྐར་མ ༣༦ སྔོན་ལ།
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

༢༠༢༦/༠༢/༠༨
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese