ཕྱི་ཟླ་ ༢ ཚེས་ ༩ ཉིན་དབུས་འོས་བསྡུ་ལས་ཁང་ནས་བསྐྱར་དུ་གསར་འགོད་གསལ་བསྒྲགས་གནང་སྟེ་སྔོན་འགྲོའི་འོས་གྲངས་ལ་ནོར་བཅོས་བསྐྱར་སྣོན་གནང་།
ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དེ་འབྲུག་ཕུད་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་ ༢༥ ཡི་ས་གནས་ཁག་ ༥༧ ནང་གནང་སྟེ་དེབ་སྐྱེལ་བྱེད་མཁན་ཁྱོན་མི་གྲངས་ ༨༢༩༦༩ བྱུང་ཡོད་འདུག
ཕྱི་ཟླ་ ༢ ཚེས་ ༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ནང་། སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ལ་འོས་གྲངས་ ༢༣༧༦༢ དང་། ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་འོས་གྲངས་ ༡༤༠༣༡། བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ལ་འོས་ ༡༣༡༧༡། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ལ་འོས་གྲངས་ ༡༠༠༡༡། དེ་བཞིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ལ་འོས་གྲངས་ ༩༨༣ དང་། སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ལ་འོས་གྲངས་ ༢༢༡ བཅས་ཐོབ་འདུག་ལ། འདི་ལོར་ཏོག་དབྱིབས་གཉན་རིམས་ཁྱབ་མིན་ལ་མ་ལྟོས་པར། སྔོན་འགྲོའི་འོས་བསྡུ་དེ་འབྲུག་ཕུད་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་ ༢༥ ཡི་ས་གནས་ཁག་ ༥༧ ནང་གནང་ཐུབ་ཡོད་པ་མ་ཟད། སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ནང་དེབ་སྐྱེལ་བྱེད་མཁན་ཁྱོན་མི་གྲངས་ ༨༢༩༦༩ བྱུང་ཡོད་འདུག
ད་ལན་དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚོན་ ༤༩ པའི་ནང་གསེས་དོན་ཚན་ཀ་པ་གཞིར་བཟུང་། དངོས་གཞིའི་འོས་གཞི་གཏན་འབེབ་མ་བྱས་གོང་ཐོབ་ཁུངས་སོ་སོའི་འོས་མི་རྣམས་ལ་དགོངས་ཞུ་ཕྱིར་འཐེན་བྱ་རྒྱུའི་གོ་སྐབས་སྤྲོད་ཆེད། དབུས་འོས་བསྡུ་ལས་ཁང་ནས་ཆོལ་ཁ་རེ་ནས་སྔོན་འགྲོའི་འོས་གཞི་རྩེ་ཕུད་ ༣༠ རེ་དང་། ཆོས་ལུགས་ཁག་ལྔ་དང་། ལྷོ་བྱང་ཨ་རི། ཡུ་རོབ་དང་ཨ་ཧྥེ་རི་ཀ་བཅས་ནས་འོས་གཞི་གྲངས་ ༦ རེ། གཞན་ཡང་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤ་ཡ་དང་ཨོ་སི་ཊོ་ལི་ཡའི་ཁོངས་ནས་འོས་གཞི་གྲངས་ ༣ བཅས་གསལ་བསྒྲགས་གནང་འདུག་ལ། སྔོན་འགྲོའི་གྲུབ་འབྲས་ནང་དབུས་གཙང་ཆོལ་ཁའི་རྩེ་ཕུད་བཅུའི་ཁྲོད་དུ་སྤྱི་འཐུས་ལས་ཐོག་ ༧ དང་གསར་པ་ ༣། མདོ་སྟོད་ནང་ལས་ཐོག་ ༦ དང་གསར་པ་ ༤། མདོ་སྨད་ནང་ལས་ཐོག་ ༧ དང་གསར་པ་ ༣ བཅས་བསླེབས་འདུག
གསར་འགོད་གསལ་བསྒྲགས་སྟེང་འོས་བསྡུའི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས། དེ་རིང་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་པ་ཙམ་ལས་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་གཞི་རྣམས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༡ གསལ་བསྒྲགས་བྱ་འཆར་ཡོད་སྟབས། དེའི་བར་སྔོན་འགྲོའི་འོས་གཞིའི་ནང་ཡོད་པའི་འོས་མི་རྣམས་དང་། ཕྱོགས་གཏོགས་མང་ཚོགས་བཅས་ནས་འོས་བསྡུའི་དྲིལ་བསྒྲགས་དང་གཏམ་བཤད་རིགས་སྤེལ་མི་ཆོག་པ་དང་། ཡང་འདི་ལོར་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ནང་དྭང་བླངས་ཐོག་བཞེངས་མཁན་འོས་གཞི་ ༥ གཏན་འབེབ་བྱུང་ཡོད་སྐོར་དང་། ད་ལན་སྔོན་གྲོའི་འོས་གཞིའི་ནང་ཚུད་པའི་སྲིད་སྤྱིའི་འོས་མི་རྣམས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༡༥ ནང་ཚུད་དུ་རང་རང་གི་ལོ་རྒྱུས་དང་འབྲེལ་ཡོད་ཡིག་ཆ་ཁག་ས་གནས་འོས་བསྡུ་ལས་ཁང་བརྒྱུད་དབུས་ལ་འབུལ་དགོས་པའི་འབོད་སྐུལ་གནང་སོང་།







གསར་འགོད་པ། པ་སངས་ཚེ་རིང་།
གནས་ཚུལ་ངོ་མ་ཡག་པོ་འདུག
གནས་ཚུལ་ཡག་པོ་འདུག
བཙན་བྱོལ ་བོད་མིའི་བཅའ་ཁྲིམས་!! དོན་ཚན་ཉེར་གཅིག་པ་! སྲིད་སྐྱོང་དང་བཀའ་བློན་གྱི་འོས་ཆོས
༡
༢
༣
༤
༥
༦སྤྱི་འཐུུས་ལྷན་ཚོགས་ཀྱི་སྤྱི་འཐུུས་རྩ་འབོར་གསུུམ་ཆ་གཉིས་ཡན་གྱིས་མོས་མཐུུན་གྱིས་སྲིད་སྐྱོང་ངམ་བཀའ་བློན་གྱི་
འོས་གཞིར་མ་འོས་པར་ཐག་བཅོད་པ་མ་ཡིན་པ!
དབུ་བསྡུ་ལྷན་ཁང་གིས་ལག་ལྟར་མ་བྱེད་པ་ཡིན་ན་རྒྱ་ནག་དང་གཅིག་ཚུུམ་ཆགས་རྒྱུུ་རེད་!་་མ་ཚད་ལྐ་རྟག་ཚང་གི་མག་པས་སྐད་ཆ་བདག་པོ་མ་རྒྱབ་ན་བྱང་ཀོ་རི་ཡ་དང་གཅིག་ཚུུམ་ཆགས་!