མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིར་གསང་ཉུལ་བྱས་པའི་དོགས་གཞི་ཅན་ཀློད་གྲོལ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན། ཨ་རིའི་ཁྲིམས་རྩོད་པ་ཇོན་ཁར་མན་ (John Carman) གྱིས་བརྗོད་པ་ལྟར་ན། བཀག་ཉར་ཁང་དུ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཕྱིན་སྐོར་བརྗོད་དེ། ཉིན་དེའི་ཉིན་གུང་ཆུ་ཚོད་ ༡༢།༤༥ ཐོག་ཨ་རིའི་ནེའུ་ཡོག་བོད་མི་སོགས་ཀྱི་སྐོར་ལ་གསང་བའི་མྱུལ་ཞིབ་བྱས་ཡོད་པའི་དོགས་གཞི་ཅན་པདྨ་དར་རྒྱས་ངག་དབང་ཟེར་བ་དེ་ཨ་སྒོར་ས་ཡ་ ༢ གཏའ་དངུལ་དུ་བཞག་སྟེ་བཀག་ཉར་ཁང་ཀློད་གྲོལ་བཏང་ཡོད་འདུག

པདྨ་དར་རྒྱས་ངག་དབང་ཟེར་བ་དེ་ཨ་རིའི་ནེའུ་ཡོག་མངའ་སྡེའི་བཀག་ཉར་ཁང་ (Metropolitan Detention Center) ནང་དུ་བཅུག་སྟེ་ཟླ་བཞི་ཙམ་ཕྱིན་རྗེས། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཨ་རིའི་བྷུ་རུག་ལིན་ (Brooklyn) རྫོང་ཁྲིམས་ཁང་གིས་ཉིན་གཅིག་གི་རྗེས་སུ་པདྨ་དར་རྒྱས་ཀྱི་རྐང་པར་གློག་གི་ཚོད་འཛིན་འཕྲུལ་ཆས་ཤིག་བཏགས་རྗེས་ཀློད་དགོས་པ་དང་། རང་ཁྱིམ་ལས་ས་གནས་གཞན་དུ་འགྲོ་སྐྱོད་བྱེད་མི་ཆོག་ལ། གལ་སྲིད་སྨན་པར་བསྟེན་གཏུག་དང་ཁྲིམས་རྩོད་པར་ཐུག་འཕྲད་དགོས་ཚེ་འགྲོ་ཆོག་ནའང་། ས་གནས་ལོང་ཨའེ་ལན་ཌི་ (Long Island) དང་བྷུ་རུག་ལིན་ (Brooklyn) ཁྱུན་སི་ (Queens) སི་ཊན་ཏན་ཨའེ་ལན་ཌི་ (Staten Island) སོགས་ཀྱི་ས་མཚམས་ལས་བརྒལ་མི་ཆོག་པའི་ཐག་གཅོད་བྱས་ཡོད་འདུག

པདྨ་དར་རྒྱས་ངག་དབང་ཟེར་བ་དེ་ཀློད་གྲོལ་གཏོང་དགོས་པའི་རྒྱུ་མཚན་གྱི་སྐོར་ལ་བྷུ་རུག་ལིན་ (Brooklyn) རྫོང་ཁྲིམས་ཁང་གི་ཁྲིམས་དཔོན་ཨེ་རིག་ཀོ་མི་ཊི་ (Eric Komitee) ཡིས། ཁོ་ཀློད་གྲོལ་གཏོང་དགོས་པའི་རྒྱུ་མཚན་གཅིག་ནི་ཉེ་ལམ་བྷུ་རུག་ལིན་ (Brooklyn) རྫོང་གི་པདྨ་དར་རྒྱས་ངག་དབང་བཀག་ཉར་བྱེད་སར་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས་ཡིན་སྐོར་དང་། བདུན་ཕྲག་སྔོན་མར་པདྨ་དར་རྒྱས་ངག་དབང་ལ་ནད་རྟགས་ཐོན་ཡོད་འདུག་ལ། སྐབས་དེར་དྲག་སྐྱེད་བྱུང་རྗེས་ཀློད་གྲོལ་གཏང་རྒྱུའི་ཐག་གཅོད་བྱས་ཡོད་འདུག

ཡང་ཁྲིམས་དཔོན་ཨེ་རིག་ཀོ་མི་ཊི་ཡིས། ད་ལྟ་པདྨ་དར་རྒྱས་ཀྱི་གནས་སྟངས་ལ་འགྱུར་བ་ཐེབས་ཡོད་པ་དང་། ཀློད་གྲོལ་གྱི་གཏའ་དངུལ་ཨ་སྒོར་ས་ཡ་གཅིག་ནས་གཉིས་ལ་ཡར་སྤར་ཡོད་པ། དེ་བཞིན་ཁྲིམས་དཔོན་ཚོས་རྒྱ་ནག་གི་གསང་མྱུལ་བ་ཡིན་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཤིང་གྱོད་དོན་ལ་འབྲེལ་བ་མེད་པའི་ཐོག་ནས་ཀློད་གྲོལ་གཏོང་བར་དགག་བྱ་བྱས་མེད་པའི་གནས་ཚུལ་ཁག་ཅིག་བྱུང་ཡོད་པ། དེ་བཞིན་གསང་བའི་གནས་ཚུལ་བརྐུ་འཁྱེར་བྱས་པའི་གྱོད་དོན་དང་འབྲེལ་དམིགས་བསལ་གྱི་འགྲོ་ལུགས་ཤིག་གི་འོག་ཐག་གཅོད་བྱས་པ་ཞིག་ཡིན་ཚུལ་བརྗོད་འདུག

ཨ་རིའི་དབུས་ཉེན་རྟོག་ལས་ཁུངས་ཀྱིས་ནེའུ་ཡོག་མངའ་སྡེའི་བྷུ་རུག་ལིན་ (Brooklyn) རྫོང་གི་དབུས་ཁྲིམས་ཁང་ལ་ཁྲིམས་གཏུག་བྱས་པའི་ཉེས་དོན་ཡིག་ཆ་ལྟར་ན། པདྨ་དར་རྒྱས་ངག་དབང་ཟེར་བས་ཨ་རིའི་ནང་རྒྱ་ནག་གཞུང་གི་ཆེད་དུ་གསང་མྱུལ་བྱས་པ་དང་། དྲ་ཐོག་ནས་གཞན་ལ་མགོ་སྐོར་བཏང་བ། ཨ་རིའི་སྲིད་གཞུང་གི་ལས་དོན་ལ་འགོག་རྐྱེན་བཟོས་པ་དང་གནས་ཚུལ་རྫུན་སྒྲོག་བྱས་པ་བཅས་ཀྱི་ནག་ཉེས་བཙུགས་ཡོད་པ་དང་། ཨ་རིའི་ནང་གི་བོད་མི་བཙན་བྱོལ་བའི་གནས་ཚུལ་ཁག་ཨ་རིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་སོགས་བཀོད་ཡོད་པ་རེད། ཁྲིམས་དོན་དབྱེ་ཞིབ་པས་ཚོད་དཔག་བྱས་པ་ལྟར་ན། ཁོའི་ནག་ཉེས་ཆ་ཚང་ར་སྤྲོད་བྱུང་ཚེ་ལོ་ངོ་བཅུ་ལྷག་ལ་བཙོན་འཇུག་ཁྲིམས་ཆད་ཕོག་ཀྱི་ཡོད་འདུག་ནའང་། པདྨ་དར་རྒྱས་ངག་དབང་ཟེར་བའི་ཁྲིམས་རྩོད་པ་ཇོན་ཁར་མན་ (John Carman) གྱིས། པདྨ་དར་རྒྱས་ངག་དབང་གིས་སྤྱི་ཚོགས་ནང་ཡོངས་གྲགས་ཀྱི་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པ་ལས་ཨ་རིའི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་མེད་པ་དང་། དེ་ནི་པདྨ་དར་རྒྱས་སྒེར་དང་བོད་རིགས་ཚོར་ཕྱི་སྐྱོད་མཐོང་མཆན་སྟབས་བདེའི་ངང་རག་ཆེད་ཡིན་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༡༠ ནང་པདྨ་དར་རྒྱས་ངག་དབང་ཟེར་བ་དེའི་བཟའ་ཟླ་སོགས་མི་དགུ་ཡིས། ཨ་སྒོར་ས་ཡ་ ༡ གཏའ་དངུལ་དུ་བཞག་སྟེ་ཁོ་ཀློད་གྲོལ་ཡོང་བའི་ཞུ་ཡིག་ཕུལ་ཏེ། ཨ་རིའི་ཁྲིམས་དཔོན་ལཱོ་སི་བྷི་ལོམ་ (Lois Bloom) གྱིས་ངག་དབང་ཀློད་རྩིས་བྱས་ཡོད་ཀྱང་། ཁྲིམས་དཔོན་ལས་རོགས་མཱེ་གཱེལ་ (Michael Keilty) གྱིས་པདྨ་དར་རྒྱས་ཀློད་གྲོལ་བཏང་ཚེ། ཁོ་ནི་ཉེས་ཅན་པ་གཞན་དང་མི་མཚུངས་པར་ནེའུ་ཡོག་གི་རྒྱ་ནག་གཞུང་ཚབ་ཁང་དུ་བྲོས་འགྲོ་རྒྱུ་ལས་སླ་པོ་ཆགས་ཡོད་པ་དང་། གལ་སྲིད་ཁོ་རྒྱ་ནག་གཞུང་ཚབ་ཁང་དུ་བྲོས་པ་ཡིན་ན། ཁོ་བསྐྱར་དུ་འཛིན་བཟུང་བྱེད་ཐུབ་ཀྱི་མེད་སྟབས། དེ་ནི་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན་སྐོར་བརྗོད་དེ་མུ་མཐུད་བཀག་ཉར་འོག་བཞག་ཡོད་པ་རེད།

འདས་ལོར་ཨ་རིའི་ཉེན་རྟོག་ཁང་གིས་ཤོག་གྲངས་ ༢༥ ཅན་གྱི་ཉེས་དོན་ཡིག་ཆ་ཞིག་བསྒྲགས་པ་ལྟར་ན། པདྨ་དར་རྒྱས་ངག་དབང་ཟེར་བ་དེ་བོད་རིགས་ཤིག་ཡིན་པ་དང་། ཁོའི་ཕ་མ་གཉིས་དང་གཅེན་པོ་ཞིག་རྒྱ་ནག་ནང་ཡོད་པ་དང་། ཕ་མ་གཉིས་ཀ་དམར་ཤོག་ཚོགས་མི་ཡིན་པ་མ་ཟད། ཁོའི་ཨ་ཕ་དེ་རྒྱ་ནག་མི་མང་བཅིངས་གྲོལ་དམག་མི་ཟུར་པ་ཞིག་དང་། ཨ་མ་དེ་གཞུང་གི་ལས་བྱེད་ཅིག་ཡིན་འདུག དེ་བཞིན་གཅེན་པོ་དེ་ད་ལྟ་རྒྱ་ནག་གི་ཟུར་བཅད་དམག་ཁོངས་སུ་ཡོད་འདུག པདྨ་དར་རྒྱས་ངག་དབང་ཟེར་བ་དེ་རྒྱ་ནག་ནས་རིག་གཞུང་བརྗེ་ལེན་གྱི་ཐོངས་མཆན་ཐོག་ཨ་རིར་སླེབས་ཡོད་པ་དང་། ཐོངས་མཆན་གྱི་དུས་ཡུན་རྫོགས་ཁར་ཁོ་རང་བོད་རིགས་ཤིག་ཡིན་པའི་རྒྱུ་མཚན་གྱིས། རྒྱ་ནག་གཞུང་གིས་བཙོན་འཇུག་དང་མནར་གཅོད་གཏོང་རབས་བཤད་དེ་ཨ་རིའི་ནང་སྐྱབས་བཅོལ་ཞུས་པ་དང་། ཕྱིས་སུ་རང་བཞིན་གྱིས་ཨ་རིའི་མི་སེར་དུ་གྱུར་ཏེ། རིམ་པས་ཨ་རིའི་ཟུར་བཅད་དམག་ཁོངས་སུ་ཞུགས་པ་མ་ཟད། གསང་བ་རིམ་པའི་བདེ་འཇགས་ཆོག་མཆན་ (secret level security clearance) ཡང་ཐོབ་སྟེ་གསང་བའི་ཡིག་ཆ་ཁག་ལ་ལག་པ་འཆང་ཆོག་པའི་དམིགས་བསལ་ཐོབ་ཐང་ཡང་རག་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༧ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese