མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གི་མགོ་མཇུག་འཆོལ་བའི་ཡར་རྒྱས་འཛུགས་སྐྲུན་ལ་ཡིད་ཆེས་བྱེད་མི་རུང་།

བོད་ཀྱི་དུས་བབ།
༢༠༢༡/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་གི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ (G-77) གཙོས་པའི་ཨ་རི་དང། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་དང་སྲིད་གཞུང་བཅས་ལ་འབོད་སྐུལ་དོན་ཚན་ ༣༡ ཞུས་པའི་ནང་རྒྱ་ནག་གཞུང་གིས་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཡར་རྒྱས་འཛུགས་སྐྲུན་གྱི་ཐོབ་ཐང་ངོས་འཛིན་བྱེད་ཕྱོགས་དང་ཡར་རྒྱས་གྱི་འགྲེལ་བརྗོད་ཁྱབ་སྤེལ་བྱེད་བཞིན་པར་ངོས་ལེན་བྱེད་རྒྱུ་མེད་སྐོར་བཀོད་འདུག

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣།༣༠ ཐོག་དྷ་སར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། མགོ་མཇུག་འཆོལ་བའི་ཡར་རྒྱས་འཛུགས་སྐྲུན་ཏེ། བོད་ནང་དུ་རྒྱ་གཞུང་གིས་ཡར་རྒྱས་འཛུགས་སྐྲུན་གྱི་ཐོབ་ཐང་དང་ལག་བསྟར་བྱེད་ཕྱོགས་གླེང་སློང་ཞེས་པའི་སྙན་ཐོ་ཞིག་འདོན་སྤེལ་བྱས་པའི་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་རྒྱ་ནག་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ཟེར་བ་དེ་འགྲོ་བ་མིའི་ཐོབ་ཐང་གི་གལ་ཆེའི་ངོ་བོར་འུད་སྒྲོག་བྱེད་བཞིན་པར་ཡིད་གཟབ་བྱ་སྐོར་བཀོད་འདུག

གསར་འགོད་གསལ་བསྒྲགས་སྟེང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། ཕྱི་ལོ་ ༡༩༨༦ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་ཡར་རྒྱས་འཛུགས་སྐྲུན་གྱི་ཡོངས་ཁྱབ་གསལ་བསྒྲགས་ནང་། རྒྱལ་ཁབ་ཅིག་གིས་དཔལ་འབྱོར་གྱི་འཛུགས་སྐྲུན་བྱེད་སྐབས་ངེས་པར་དུ་ཆབ་སྲིད་དང་སྤྱི་དམངས་ཀྱི་ཐོབ་ཐང་རྣམས་བརྩི་སྲུང་དགོས་སྐོར་འཁོད་ཡོད་ནའང་། རྒྱ་ནག་གཞུང་གིས་བོད་ནང་རྒྱ་ལམ་སོགས་འཛུགས་སྐྲུན་བྱེད་སྐབས་ས་གནས་མི་མང་གི་མངོན་འདོད་ལ་ལྟོས་ཀྱི་མེད་པ་མ་ཟད། འཛུགས་སྐྲུན་གྱི་ཆེད་དུ་གཏོར་བཅོམ་བཏང་བའི་ཁང་ཁྱིམ་སོགས་ལའང་གུན་གསབ་སྤྲོད་ཀྱི་མེད་སྐོར་བརྗོད་བྱུང་།

སྙན་ཐོ་འདོན་སྤེལ་གྱི་བསྒྲགས་གཏམ་ནང་། རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ཟེར་བ་དེ་ནི། མི་དམངས་ཀྱི་འཚོ་གནས་དངོས་ལ་བསམ་བློ་མ་བཏང་བར་མགོ་མཇུག་འཆོལ་བའི་ལས་འཆར་རྣམ་གྲངས་མང་པོ་ལག་བསྟར་བྱས་པའི་རྐྱེན་གྱིས། ཟུར་ཕུད་དང་ནུས་མེད་བཟོས་པའི་མི་རིགས་ཁག་སྤྱིའི་ཐོབ་ཐང་བརྡལ་བཤིག་ཐེབས་ཡོད་སྐོར་དང་། པེ་ཅིན་གཞུང་གིས་སྒྲིག་བཟོ་བྱས་པའི་རྒྱ་ནག་གི་ཡར་རྒྱས་འཛུགས་སྐྲུན་གྱི་ལས་འཆར་ཟེར་བ་ནི། དམར་ཤོག་སྲིད་གཞུང་གི་ཁེ་ཕན་དང་ཆབ་སྲིད་ལས་དོན་གཙོ་བོར་བཟུང་ནས། བོད་མིའི་འཚོ་གནས་ཡར་རྒྱས་གཏོང་རྒྱུ་ལས་ལྡོག་སྟེ་མི་རིགས་རྒྱ་སྒྱུར་བྱེད་ཐབས་ཤིག་ཡིན་སྐོར་དང་། རྒྱ་གཞུང་གིས་བོད་བེད་སྤྱད་ནས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཡར་རྒྱས་འཛུགས་སྐྲུན་གྱི་དཔེ་མཚོན་ངོམ་སོ་བྱེད་ཀྱི་ཡོད་པ་དང༌། བོད་ཡུལ་ནི་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ལས་གཞིའི་ཚོད་ལྟ་ཁང་ལྟ་བུ་ཞིག་དང༌། དེ་ག་ནང་བཞིན་ཕྱིའི་སྔོན་ཐོན་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོར་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་མངོན་འགྱུར་བྱུང་ལུགས་ཀྱི་རྣམ་པ་སྟོན་སའི་འགྲེམ་སྟོན་ཁང་ལྟ་བུ་ཆགས་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

གཞན་ཡང་། རྒྱལ་སྤྱིའི་སྟེང་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་གྱི་ཤན་ཤུགས་མུ་མཐུད་དུ་འཕེལ་བཞིན་ཡོད་དང༌། དེ་བཞིན་འཛམ་གླིང་རྒྱལ་ཁབ་མང་བོ་ཞིག་གིས་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ཐོབ་ཐང་འུད་སྒྲོག་བྱེད་བཞིན་པ་ཁས་ལེན་བྱ་སྲིད་པ་རེད། གལ་ཏེ་རྒྱ་གཞུང་གིས་རྒྱལ་སྤྱིའི་ཡར་རྒྱས་འཛུགས་སྐྲུན་ལ་སྣེ་ཁྲིད་བའི་དབང་དུ་བཏང་ན། ཡར་རྒྱས་འཛུགས་སྐྲུན་གྱི་ཐོབ་ཐང་བརྩོན་ལེན་གནང་མཁན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གི་དཔེ་མཚོན་རང་བཞིན་གྱི་ཡར་རྒྱས་འཛུགས་སྐྲུན་གྱི་ལེགས་ཉེས་གསལ་བོར་ཤེས་རྟོགས་གནང་རྒྱུ་གལ་ཆེན་པོ་རེད། ཅེས་བཀོད་འདུག

ད་ཐེངས་ཀྱི་སྙན་ཐོའི་མཇུག་ཏུ་འཛམ་གླིང་གི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ (G-77) གཙོས་པའི་ཨ་རི་དང། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་དང་སྲིད་གཞུང་བཅས་ལ་འབོད་སྐུལ་དོན་ཚན་ ༣༡ ཞུས་པའི་ནང་། རྒྱ་ནག་གཞུང་གིས་ཆབ་སྲིད་དང་སྤྱི་དམངས་ཀྱི་ཐོབ་ཐང་ལས་དཔལ་འབྱོར་ཐོབ་ཐང་དེ་ཉིད་གཙིགས་ཆེར་འཛིན་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགག་བྱ་འདོན་དགོས་པ་དང་། རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་གིས་ཡར་རྒྱས་འཛུགས་སྐྲུན་གྱི་ཐོབ་ཐང་ལ་ཐོབ་ཐང་གཞན་ལྟར་གལ་གནད་དུ་བརྩི་དགོས་ཀྱི་ཡོད་པ། དེ་བཞིན། རྒྱ་ནག་གཞུང་གིས་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་རང་གི་ཡར་རྒྱས་འཛུགས་སྐྲུན་གྱི་ཐོབ་ཐང་ངོས་འཛིན་བྱེད་ཕྱོགས་དང་ཡར་རྒྱས་གྱི་འགྲེལ་བརྗོད་ཁྱབ་སྤེལ་བྱེད་བཞིན་པར་ངོས་ལེན་བྱེད་རྒྱུ་མེད་སྐོར་བཀོད་འདུག

དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་འཛུགས་སྐྲུན་གྱི་སྲིད་ཇུས་ག་འདྲ་ཞིག་སྤེལ་རུང་། བོད་མི་མང་གི་མངོན་འདོད་དང་ཡུལ་སྲོལ་གོམས་གཤིས་གཞིར་བཟུང་། མིང་དོན་མཚུངས་པའི་བོད་མིའི་འཚོ་གནས་ཡར་རྒྱས་གཏོང་དགོས་པ་དང་། བོད་ནང་བཙན་དབང་གིས་གནས་སྤོས་དང་བོད་མི་རྣམས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུ་མཚམས་འཇོག་དགོས། དེ་བཞིན། བོད་ཀྱི་རང་བྱུང་གཏེར་ཁ་སྔོན་འདོན་སོགས་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

སྐར་མ ༣༣ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

སྐར་མ ༣༧ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༥ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese