མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚོ་སྔོན་དང་ཡུལ་ཤུལ་ཕྱོགས་སུ་དམིགས་བསལ་དམ་དྲག་བྱེད་མགོ་བརྩམས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བ་དང་བསྟུན་ཟླ་བཞི་བའི་བར་མཚོ་སྔོན་དང་ཡུལ་ཤུལ་ཕྱོགས་ཀྱི་ཞིང་འབྲོག་མང་ཚོགས་རྣམས་ས་གནས་གཞན་ལ་འགྲོ་སྐྱོད་མི་ཆོག་པ་དང་ལམ་བར་ཞིབ་བཤེར་ས་ཚུགས་གསར་འཛུགས་ཀྱིས་སྔར་ལྷག་དམ་དྲག་བྱེད་ཀྱི་ཡོད་འདུག

ལོ་ལྟར་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བའི་སྐབས་སུ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་སྐྱོད་རང་དབང་གཙོས་པའི་ཕྱོགས་ཡོངས་ནས་བོད་མིར་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་པ་ལྟར། འདི་གའི་གསར་འགོད་པར་བོད་ནང་གི་བོད་མི་ཞིག་གིས་འདི་ལོར་རྒྱ་ནག་གཞུང་གིས་མཚོ་སྔོན་དང་ཡུལ་ཤུལ་ཕྱོགས་ཀྱི་ཞིང་འབྲོག་མང་ཚོགས་རྣམས་སྐྱོད་སའི་ལམ་བར་དུ་ཞིབ་བཤེར་ས་ཚུགས་གསར་འཛུགས་དང་ས་ཆ་གཞན་ལ་འགྲོ་མི་ཆོག་པ་སོགས་ཀྱི་དམིགས་བསལ་དམ་དྲག་བྱེད་མགོ་བརྩམས་ཡོད་སྐོར་བརྗོད་བྱུང་།

གནས་ཚུལ་མཁོ་སྤྲོད་པས། མཚོ་སྔོན་དང་ཡུལ་ཤུལ་གཉིས་ཀྱི་གྲོང་བརྡལ་དང་འབྲོག་ཁུལ་དུ། རྒྱ་ནག་ཉེན་རྟོག་པ་ཡོང་ནས་ཟླ་བ་བཞི་བའི་བར་དུ་ས་གནས་ཞིང་འབྲོག་མང་ཚོགས་རྣམས་ས་གནས་གཞན་ལ་འགྲོ་སྐྱོད་མི་ཆོག་པ་དང་། གལ་སྲིད་ས་གནས་གཞན་ལ་འགྲོ་སྐྱོད་བྱེད་དགོས་ཀྱི་ཡོད་ཚེ། ངེས་པར་དུ་ས་གནས་བདེ་འཇགས་ལས་ཁུངས་སུ་ཐོ་འགོད་བྱས་ཏེ་འགྲོ་དགོས་པའི་བཀའ་བཏང་སོང་། ཞེས་བརྗོད་བྱུང་།

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན།  བཀའ་ཁྱབ་འདི་དང་འབྲེལ། འདི་ལོའི་ལོ་མགོར་མགོ་ལོག་གི་ཁྱིམ་ཚང་ཞིག་གནམ་ལོ་གསར་བ་དང་བསྟུན། ཟི་ལིང་ནས་ལྷ་སར་འགྲོ་བའི་ལམ་བར་ནས་ཕྱིར་རང་ཁྱིམ་དུ་ལོག་བཏང་ཡོད་པ་དང་།  རྒྱ་ནག་གིས་ཡུལ་ཤུལ་(谢武镇) ས་གནས་སུ་ལམ་བར་ཞིབ་བཤེར་ས་ཚུགས་གཅིག་གསར་འཛུགས་ཀྱིས། ཡུལ་ཤུལ་རྫོང་ཁག་དྲུག་དང་ཞང་བདུན། ཡུལ་ཤོག་ ༣༦ གི་ས་གནས་མང་ཚོགས་ཀྱི་འགྲོ་སྐྱོད་ཀྱི་རང་དབང་ལ་དམིགས་བསལ་དམ་དྲག་དང་ཞིབ་བཤེར་བྱེད་རྒྱུ་ཡིན་པ་དང་།  དེ་བཞིན། མཚོ་སྔོན་གྱི་རྫོང་ཁག་ ༣༤ དང་ཞང་ ༨༨ ། ཡུལ་ཤོག  ༡༠༣ གྱི་མང་ཚོགས་རྣམས་ཁམས་དང་ཡུལ་ཤུལ་སོགས་སུ་འགྲོ་སའི་ལམ་ཆེན་ཁོ་ནར་གྱུར་བའི་རྨ་སྟོད་རྫོང་མཛོ་རྒན་ར་བར་ (花石峡) ཟེར་སའི་ས་གནས་སུ་ཞིབ་བཤེར་ས་ཚུགས་ཤིག་གསར་འཛུགས་བྱས་ཏེ། ཡུལ་ཤུལ་ནས་ཕར་འགྲོ་མཁན་དང་ཟི་ལིང་ནས་ཚུར་ཡོང་མཁན་ཡོངས་ལ་ཞིབ་བཤེར་ནན་མོ་བྱེད་བཞིན་ཡོད་འདུག

གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་གྱི་མེ་ཏོག་རྫོང་ཁོངས་སུ། མཐའ་མཚམས་ཀྱི་འགྲོ་འོང་ལ་དམིགས་ཏེ། མེ་ཏོག་རྫོང་ཁོངས་ཀྱི་ཟམ་ཆེན་སྟེང་། དམིགས་བསལ་ཞིབ་བཤེར་མགོ་འཛུགས་བྱས་ཏེ། ཟམ་ཁ་ནས་ཕྱིར་སྐྱོད་དང་ནང་འཛུལ་བྱེད་མཁན་རྣམས་ནས་རྒྱ་ནག་གི་མཐའ་མཚམས་དོ་དམ་གྱི་སྒྲིག་གཞི་ཟེར་བར་སྲུང་བརྩི་ཞུས་པའི་ཐོག་དགོས་ངེས་ཡིག་ཆ་རྣམས་མཁོ་སྤྲོད་བྱས་ཏེ་འགག་སྒོ་བརྒལ་དགོས་སྐོར་བསྒྲགས་ཡོད་པ་རེད།

རྒྱ་ནག་གི་མཐའ་མཚམས་དོ་དམ་སྒྲིག་གཞི་སྲུང་སྐྱོབ་དང་འབྲེལ་བའི་འགྲོ་སྐྱོད་ལག་ཁྱེར་གྱི་དགོས་ངེས་ཡིག་ཆ་ཁག་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཡོད་དགོས་པ་དང་། ཁྱིམ་ཐོ་འཁོད་སའི་རྒྱ་ནག་མི་དམངས་སྲིད་གཞུང་ངམ་ཡང་ན་སྤྱི་བདེ་ལས་ཁུངས་ཀྱིས་སྤྲད་པའི་དཔང་ཡིག་དང་། མཐའ་མཚམས་དོ་དམ་ཁུལ་དུ་ཁྱིམ་ཐོ་ཡོད་པའི་མི་སྣ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་མིའི་ཡིག་ཆ་སོགས་ཀྱི་སྟེང་དུ། རང་ཉིད་ཀྱི་ཉེ་ཆར་གྱི་འདྲ་པར་འཁོད་ཡོད་པའི་ར་སྤྲོད་ཀྱི་ཡིག་ཆ་སོགས་ཡིན་པ་རེད།

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

སྐར་མ ༦༠ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢༢ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༢ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese