མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ལྡི་ལིར་འབྱོར།

བོད་ཀྱི་དུས་བབ།
༢༠༢༡/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp
བསྟན་འཛིན་བརྩོན་འགྲུས་ལགས་ནས་རྒྱ་ནག་གཞུང་གིས་རྒྱ་གར་ལ་ཞེད་སྣང་བྱེད་དགོས་ས་དེ་ནི་བོད་ཀྱི་གནད་དོན་དེ་གཅིག་པུ་ཆགས་བསྡད་ཡོད་སྐོར་བརྗོད་སོང་།དེ་རིང་སྔ་དྲོར་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་དང་ཁོང་གི་རོགས་པ་རྣམས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་ཞིང་། ཉིན་རྒྱབ་ཆུ་ཚོད་ ༣ ཡོལ་རྗེས་ལྡི་ལིའི་གཞུང་ལམ་བཱ་ཡི་པཱ་སི་(Bypass)ལ་བསླེབས་སྐབས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་(BTSM) དང་ལྡི་ལིའི་བོད་སྒར་བསམ་ཡས་གླིང་གི་བརྒྱ་འཐུས་རྣམ་པ། བོད་ཀྱི་གཞོན་ནུ་དང་བུད་མེད་ལྷན་ཚོགས། ངག་མེད་ཀྱི་མགྲིན་ཚབ་ལས་འགུལ་དྭང་བླངས་བ་སོགས་ནས་ཕེབས་བསུ་ཞུས་སོང་།
ཕྱི་དྲོའི་ཆུ་ཚོད་ ༥ ཐོག་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་འབྱོར་ཏེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕེབས་བསུའི་མཛད་སྒོ་ཞིག་ཚོགས་སོང་བ་དང་། མཛད་སྒོའི་ཐོག་ལྡི་ལི་དང་དེའི་ཉེ་འཁོར་གྱི་བོད་རིགས་བརྒྱ་ཕྲག་བརྒལ་བ་འཛོམས་འདུག་ལ། སྐབས་དེར་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཁོང་རྡ་རམ་ས་ལ་ནས་ལྡི་ལི་བར་དུ་གོམ་བགྲོས་མགོ་བཙུགས་པ་ནས་དེ་རིང་བར་བོད་མིའི་སྤྱི་ཚོགས་ཙམ་མ་ཡིན་པར། ཕྱི་རྒྱལ་སོགས་ཕྱོགས་ཡོངས་ནས་རྒྱབ་སྐྱོར་གནང་སོང་བ་དང་། ལྷག་པར་དུ་རྒྱ་གར་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་བྱས་ཏེ་ཁྱབ་བསྒྲགས་ཀྱི་རོགས་པ་བྱས་ཡོད་པས་དང་། རྒྱབ་སྐྱོར་གནང་ས་དེ་བསྟན་འཛིན་བརྩོན་འགྲུས་མ་ཡིན་པར་བོད་ཀྱི་རྩ་དོན་ཡིན་པ་དེ་ཤེས་དགོས་ལ། དེ་རིང་གི་གནད་དོན་འདི་ནི་ལས་འགུལ་ཞིག་ཡིན་པ་ལས་གོམ་བགྲོད་ཀྱི་ལས་འགུལ་ཞིག་ཆགས་བསྡད་ཡོད་པ་མ་རེད། གོམ་བགྲོད་དེ་ས་ཆ་གཅིག་ནས་གཅིག་ལ་མཇུག་སྒྲིལ་འགྲོ་གི་ཡོད་པ་རེད། ལས་འགུལ་གཙོ་བོ་དེ་རྒྱ་ནག་གཅིག་ལ་འཛིན་པའི་སྲིད་ཇུས་ཞེས་པ་དེར་བསྒྱུར་བཅོས་གཏང་དགོས་འདུག་ཟེར་བ་དེ་ཡིན། ལམ་སང་འགྱུར་བ་འགྲོ་རྒྱུ་ཁག་པོ་ཞིག་རེད་དེ། འོན་ཀྱང་འགྱུར་བ་གཏོང་རྒྱུ་མེད་པ་ཞིག་མིན་ཚུལ་བརྗོད་སོང་།
ཡང་ཁོང་གིས་ད་རེས་གོམ་བགྲོད་ཀྱི་ལས་འགུལ་དེ་སྤེལ་བའི་དམིགས་ཡུལ་འགྲེལ་བརྗོད་གནང་བ་དང་འབྲེལ། བོད་ཀྱི་འཐབ་རྩོད་དེ་རྒྱ་གར་གྱི་ངོས་ནས་རྒྱ་ནག་ལ་ལན་འདེབས་བྱ་རྒྱུའི་ཕན་ཐོགས་ཆེ་ཤོས་དེ་ཆགས་ཡོད་པ་དང་། རྒྱ་ནག་ཡིན་ན་ཡང་རྒྱ་གར་ལ་ཞེད་སྣང་བྱེད་དགོས་ས་དེ་ནི་བོད་ཀྱི་གནད་དོན་དེ་གཅིག་པུུ་ཆགས་བསྡད་ཡོད་པ་རེད། དེ་ཡང་། བཙན་བྱོལ་བ་འབུམ་གཅིག་ལྷག་རྒྱ་གར་ནང་ཡོད་པ་དང་། བོད་ཀྱི་རིག་གཞུང་ངོ་བོ་དང་འཐབ་རྩོད་མ་བརླག་པར་ཉིན་ཞིག་བོད་ལ་ལོག་འགྲོ་གི་ཡིན་ཞེས་སྡོད་ཡོད་པ་མ་ཟད། དེའི་ཐོག་ནས་བོད་ནང་གི་བོད་པ་རྣམས་སེམས་ཤུགས་འཕར་གྱི་ཡོད་པས་རྒྱ་ནག་ཞེད་སྣང་ས་ཆེ་ཤོས་དེ་ཆགས་བསྡད་ཡོད་ཅེས་བརྗོད་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས། ང་ཚོའི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་དེ་ནི་གང་ཟག་གཅིག་གཉིས་དང་མི་ཐོག་གཅིག་གཉིས་ཀྱི་འཐབ་རྩོད་ཅིག་མ་ཡིན་པར། བོད་རང་བཙན་ཐོབ་ནས་རང་དབང་གི་བདེན་མཐའ་མ་གསལ་བར་དུ་མི་རེ་ངོ་རེ་ལ་འགན་ཡོད་བསམ་པའི་ཐོག་ལས་འགན་འཁུར་དགོས་པ་ཞིག་ཆགས་བསྡད་ཡོད། དེར་བརྟེན་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རྒྱ་གར་མི་མང་གི་ནང་བོད་དོན་ཐོག་གོ་རྟོགས་སྤེལ་ཐུབ་པ་དང་། བོད་མི་མི་རེ་ངོ་རེའི་སེམས་ནང་ཚོར་བ་སྤྲད་ཐུབ་པ་བྱུང་ཡོད་པ་མ་ཟད། བོད་ནང་ལོག་ལ་བརྡ་ལན་དང་དགྲ་བོ་རྒྱ་དམར་གྱི་གཞུང་ལ་གནས་ཚུལ་བཏང་ཐུབ་པ་བྱུང་ཡོད། ལས་འགུལ་དེ་སྤྱི་ཡོངས་ནས་གྲུབ་འབྲས་རང་བཞིན་དང་། ལས་འགུལ་དེ་མུ་མཐུད་རྒྱུན་སྐྱོང་དགོས་པ་དེ་ང་ཚོ་ཚང་མའི་སྟེང་ལ་འགན་ཡོད་པ་རེད། ཅེས་བརྗོད་སོང་།
མཇུག་ཏུ་བོད་ཀྱི་ཡུན་རིང་བློས་ཐུབ་གྲོགས་པོ་གསར་འགོད་པ་ཟུར་པ་ཝི་ཇེ་ཀ་རན་ཏི་ལགས་ཀྱིས། ངས་རྒྱུན་དུ་བོད་ཀྱི་མི་རབས་གསར་པ་རྣམས་ནི་བསོད་ནམས་ཅན་ཞིག་ཡིན་དྲན་གྱི་ཡོད། གང་ཡིན་ཟེར་ན། ཁྱོད་ཚོ་ལ་རང་བཞིན་གྱིས་གཞན་ལ་མེད་པའི་འགན་དང་དམིགས་ཡུལ་ཆེན་པོ་ཞིག་ཡོད་པ་རེད། དེ་ནི་བོད་ལ་རང་དབང་རང་བཙན་སླར་གསོ་བྱས་ཏེ་སླར་ཡང་སོ་སོའི་རྒྱལ་ཁབ་རང་བཙན་གཙང་མ་བཟོ་རྒྱུ་དེ་ཡིན། ང་རང་རྒྱ་གར་ལ་སྐྱེས་པ་བསོད་ནམས་ཅན་ཞིག་ཡིན་ན་ཡང་། དུད་འགྲོ་དང་གཅིག་མཚུངས་ཀྱིས་སོ་སོའི་མི་ཚེ་གོ་ཆོད་པ་བྱེད་རྒྱུ། དངུལ་གསོག་རྒྱུ་ལས་གཞན་དམིགས་ཡུལ་ཆེན་པོ་དེ་འདྲ་ཡོད་མ་རེད། ཅེས་བརྗོད་སོང་།
སང་ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོ་གྲུབ་རྗེས། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། དེ་བཞིན་མི་མང་རྣམས་ཀྱིས་བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་ལྷན་དུ་བསམ་ཡས་གླིང་ནས་ཇན་དར་མན་ཏར་(Jantar Mantar)བར་དུ་གོམ་བགྲོད་བྱ་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༢ ཉིན་ལྡི་ལི་གསར་པར་གསར་འགོད་ལྷན་ཚོགས་དང་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་སྟེ་ལས་འགུལ་དེ་ཉིད་མཇུལ་སྒྲིལ་འཆར་ཡོད་འདུག
 
བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༢ ཏེ་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་རྒྱ་གར་མང་ཚོགས་ལ་བོད་ཀྱི་གནད་དོན་ཐད་གོ་རྟོགས་སྤེལ་ཐབས་དང་། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ལ་དོན་ཚན་ལྔ་ཅན་གྱི་ཞུ་ཡིག་ཅིག་འབུལ་ཆེད་དྷ་རམ་ས་ལ་ནས་ལྡི་ལི་བར་གོམ་བགྲོད་ཀྱི་ལས་འགུལ་མགོ་བརྩམས་ཏེ་དེ་རིིང་ཕྱི་ཚེས་དགུ་པར་ཉིན་གྲངས་ཉེར་དྲུག་ཕྱིན་ཡོད་པ་རེད།
རྒྱལ་ས་ལྡི་ལིའི་གསར་འགོད་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༨ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༨ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 1

  1. Tenpa Nyima says:
    ལོ་ 5 སྔོན།

    རབ་བཙན་གོམ་བགྲོད་པ་བསྟན་འཛིན་བརྩོན་འགྲུས་ལགས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་སྐབས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དང་དངུལ་གཉེར་གཉིས་ཀ་ཕེབས་འདུག་ཀྱང་ཟུར་ཙམ་ཡང་མི་འབྲི་བ་འདི་རྒྱུ་མཚན་ཅི་ལ་ཐུག་སོང་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese