མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གྲངས་ ༩༤ རིང་གྲོང་ཁྱེར་ཆེ་ཁག་གསུམ་ནང་བོད་དོན་གོ་རྟོགས་སྤེལ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༢༡/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་གོམ་བགྲོད་པ་བསྟན་འཛིན་དོན་གྲུབ་ལགས་ཀྱིས་ཉིན་གྲངས་ ༩༤ རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་བྷེང་ལོར། མཱམ་བྷའེ་བཅས་ཀྱི་ནང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་བཙན་བཟུང་འོག་གི་རྒྱལ་ཁབ་ཅིག་ལ་ངོས་འཛིན་དགོས་པ་སོགས་ཀྱི་རེ་འདུན་འོག་བོད་དོན་གོ་རྟོགས་སྤེལ་རྒྱུ་རེད་འདུག

དེ་རིང་བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོ་དང་སྟབས་བསྟུན། ཉེ་ཆར་བོད་དོན་ཆེད་བཞུགས་སྒར་དྷ་ས་ནས་བོད་ཧིན་ས་མཚམས་སྣ་ཐོད་ལ་བར་གོམ་བགྲོད་གནང་མཁན་བསྟན་འཛིན་དོན་གྲུབ་ལགས་ཀྱིས། སང་ཉིན་ནས་བཟུང་ཉིན་གྲངས་ ༩༤ རིང་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་གསུམ་ནང་བོད་དོན་དང་འབྲེལ་བའི་ཡིག་ཆ་བགོ་འགྲེམ་གྱིས་རྒྱ་གར་མང་ཚོགས་ཁྲོད་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་སྤེལ་རྒྱུ་ཡིན་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་བསྟན་འཛིན་དོན་གྲུབ་ལགས་སུ་ལས་འགུལ་གྱི་དམིགས་ཡུལ་སོགས་ཀྱི་སྐོར་དྲིས་པར་ཁོང་གིས། ང་རང་སྣ་ཐོད་ལ་བར་གོམ་བགྲོད་འགྲོ་སྐབས་གསར་འགོད་གསལ་བསྒྲགས་དང་གོམ་བགྲོད་འགྲོ་རྒྱུ་དེ་འདོད་བློ་ཁེངས་པ་བྱུང་སོང་། འོན་ཀྱང་གོམ་བགྲོད་ཀྱི་རིང་མི་ཉུང་ཉུང་མ་གཏོགས་ཐུག་མེད་པ་མ་ཟད། ཐུག་པ་རྣམས་ཀྱང་འཚོ་བ་ཞན་པོ་ཤ་སྟག་ཡིན་སྟབས། བོད་དོན་དང་འབྲེལ་བའི་ཡིག་ཆ་བགོ་འགྲེམ་བྱ་རྒྱུའི་ཐད་དེ་ཙམ་བྱུང་མ་སོང་། དེར་བརྟེན་ད་ཐེངས་བྷེང་ལོར་དང་། མཱམ་བྷའེ། ལྡི་ལི་བཅས་ནང་ཟླ་བ་གཅིག་རེར་བོད་དོན་ཐོག་གསར་འགོད་གསལ་བསྒྲགས་དང་ཡིག་ཆ་འགྲེམ་སྤེལ་བྱ་རྒྱུ་ཡིན་པ་མ་ཟད། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་མགོ་འཁྲིད་རྣམས་ལ་ཐུག་འཕྲད་བྱས་ཏེ་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་བྱུང་།

བསྟན་འཛིན་དོན་གྲུབ་ལགས་ཀྱིས་ཐེངས་འདིའི་ལས་འགུལ་བརྒྱུད་ནས་རྒྱ་གར་གཞུང་མང་གཉིས་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་། བོད་དེ་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་དགོས་པ། དེ་བཞིན་མང་ཚོགས་ནས་རྒྱ་ནག་གི་ཚོང་ཟོག་རྣམས་ཉོ་ཚོང་དང་བཀོལ་སྤྱོད་བྱ་རྒྱུ་མཚམས་འཇོག་དགོས་པ་བཅས་ཀྱི་རེ་འདུན་གསུམ་འདོན་རྒྱུ་ཡིན་འདུག

བསྟན་འཛིན་དོན་གྲུབ་ལགས་འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༢ ཉིན་བཞུགས་སྒར་དྷ་སའི་མེག་གྷན་ཁྲོམ་གཞུང་ནས་མགོ་འཛུགས་ཀྱིས་རྒྱ་གར་གྱི་མངའ་སྡེ་འབྲས་ལྗོངས་ཀྱི་བོད་ཧིན་ས་མཚམས་སྣ་ཐོད་ལ་བར་ཁྱོན་སྤྱི་ལེ་ ༢༣༠༠ ལྷག་གི་གོམ་བགྲོད་ལས་འགུལ་སྤེལ་ཏེ། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༣ ཉིན་བསྟན་འཛིན་དོན་གྲུབ་ལགས་དང་། ལམ་ཕྱེད་ནས་ཁོང་དང་ལྷན་དུ་གོམ་བགྲོད་གནང་མཁན་བོད་མི་བསྟན་འཛིན་ཉི་མ་ལགས་གཉིས་སྣ་ཐོད་ལར་འབྱོར་ཡོད་ཅིང་། བསྟན་འཛིན་དོན་གྲུབ་ལགས་ཀྱིས། གོམ་བགྲོད་ལས་འགུལ་དེའི་རིང་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་བོད་མི་སྒེར་ངོས་ནས་ཁོང་ལ་དཔལ་འབྱོར་དང་ལམ་སྟོན་སོགས་ཀྱི་ཐད་ནས་རོགས་འདེགས་ཤུགས་ཆེན་པོ་བྱས་ཡོད་པ་དང་། གལ་ཏེ་དེ་ལྟར་བྱུང་མེད་ཚེ་ལས་འགུལ་དེ་ཉིད་ལེགས་གྲུབ་ཡོང་རྒྱུ་དཀའ་མོ་ཡིན་པ་དང་། ད་ཐེངས་ཀྱི་ལས་འགུལ་འདིར་ཡང་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་ཡོངས་ནས་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

༢༠༢༦/༠༥/༢༣
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡

མཆན། 1

  1. པད་མཚོའི་དུང་རིལ། says:
    ལོ་ 5 སྔོན།

    བུ་འདིའི་ལས་འགུལ་དག་ལ་ཡི་རང་དང་བཀའ་དྲིན་ཆེ་་ཞུ་རྒྱུ་ཡིན། ཁོང་འདིས་འདི་ལྟར་འགན་ཁུར་བ་དང་ལས་འགུལ་སྤེལ་བ་ཙམ་གྱིས་ཧ་ལས་པ་རེད། ཁོང་གིས་བཀའ་མོལ་གནང་ཕྱོགས་འགའི་ཐད་ནས་དོགས་པ་དང་བསམ་ཚུལ་འགའ་བྱུང་སོང་། རྗེས་ཕྱོགས་ཕན་ཐོགས་སྲིད་སྙམ་ནས་འདིར་བཤད་འདོད་བྱུང་། ཁོང་ད་དུང་སློབ་ཕྲུག་ཅིག་གི་ཚོར་སྣང་རང་འཇག་ཁུར་ནས་སྐད་ཆ་བཤད་པ་ལས་ལས་འགུལ་བ་ཞིག་གི་གདེང་སྤོབས་དང་། ཚོར་སྣང་དེ་ཙམ་མི་འདུག དཔེར་ན་ཚིག་བེད་སྤྱོད་བྱེད་སྐབས། གསར་འགོད་པ་སོགས་བུ་རྒན་པ་ཚང་མ་རྒན་ལགས་རང་བེད་སྤྱོད་བྱེད་ཀི་འདུག སྐད་ཆ་བཤད་སྐབས་འཚབ་འཚུབ་ཆེན་པོ་དང་གོ་རིམ་མི་འདུག དེ་བཞིན་ཁོང་ལ་ཆབ་སྲིད་གོ་རྟོགས་དེ་ཙམ་མེད་པ་ལྟར་མཐོང་སོང་། ལས་འགུལ་འདི་ལྟར་སྤེལ་བ་དང་། བློས་གཏོང་འདི་ལྟར་བྱེད་ཐུབ་དུས། སྐད་ཆ་བཤད་སྟངས་དང་། ཆབ་སྲིད་གོ་རྟོགས་གང་ཐད་ནས་གོ་རྟོགས་ཡོད་པ་བྱ་རྒྱུ་དེའང་གལ་ཆེན་རེད་འདུག དེ་མིན་ཁ་ནས་གང་དྲན་དྲན་བཏོན་བསྡད་པ་ཡིན་ན། གསར་འགོད་པས་གཙོས་མང་པོ་ཞིག་གིས་བལྟ་སྲུང་དང་། ལྟ་ཉན་བྱས་སྡོད་ཡོད་དུས། ཉེན་འཚབ་ཀྱང་ཆེན་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese