མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུའི་གཙུག་ལག་སློབ་གཉེར་ཁང་ལྔ་ལ་བཀའ་སློབ་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་༧གོང་ས་རྒྱལ་བ་རིན་པོ་མཆོག་གིས། ཨུ་རུ་སུའི་གཙུག་ལག་སློབ་གཉེར་ཁང་ལྔ་ཡིས་མཉམ་འབྲེལ་ཐོག་གསོལ་འདེབས་ཞུས་པ་བཞིན། དྲ་ལམ་བརྒྱུད་འགྱུར་ལྡོག་དུས་རིམ་ཁྲོད་ཀྱི་ང་ཚོའི་འཛམ་གླིང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་བཀའ་འདྲི་བཀའ་ལན་གནང་སྐབས། བྱམས་བརྩེ་ནི་མིའི་རིགས་ཐུན་མོང་གིས་ངོས་འཛིན་བྱེད་པའི་མཛེས་པ་དེ་ཡིན་སྐོར་གསུངས་འདུག

སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་རེད། ང་ཚོ་ཚང་མས་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་བྱུང་ན་འདོད་ཀྱི་ཡོད། ཐ་ན་འབུ་སྲིན་ཚུན་ཆད་ཀྱིས་ཀྱང་བདེ་སྐྱིད་འདོད་ཀྱི་ཡོད། མིའི་རིགས་ལ་མཚོན་ན་གཞན་དང་མི་འདྲ་བའི་རྣམ་དཔྱོད་ཀྱི་ཤེས་རབ་དེ་ཡོད་པ་རེད། ང་ཚོས་རང་ཉིད་ཀྱི་མི་ཚེའི་ནང་བདེ་སྐྱིད་ཡོང་ཆེད་རྣམ་དཔྱོད་ཀྱི་ཤེས་རབ་དེ་བེད་སྤྱོད་གཏོང་གི་ཡོད། འོན་ཀྱང་མཚམས་རེར། ང་ཚོར་རྣམ་དཔྱོད་དེ་ཡོད་ནའང་མཐོང་རྒྱ་ཆུང་དྲགས་པ་དང་བསམ་བློའི་གུ་དོག་དྲགས་པའི་རྐྱེན་གྱིས། དཔེར་ན་དུས་རབས་སྔོན་མའི་ནང་འཛམ་གླིང་གི་དམག་ཆེན་དང་པོ་དང་གཉིས་པ་བྱུང་བ་རེད་ལ། དེ་དག་ཚང་མ་མིས་བཟོས་པ་ཤ་སྟག་རེད། དུས་རབས་སྔོན་མའི་ནང་ང་ཚོས་རྣམ་དཔྱོད་འདི་བེད་སྤྱོད་བྱས་ཏེ་ཚན་རིག་ཡར་རྒྱས་ཆེན་པོ་བཏང་ཡོད་ནའང་། ཚན་རིག་གི་ཤེས་བྱ་ཁྱད་དུ་འཕགས་པ་དེ་དག་ང་ཚོས་གཏོར་བཤིག་དང་དམག་དོན་གྱི་ཆེད་དུ་བཀོལ་སྤྱོད་བྱས་པ་རེད། དཔེར་ན་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ལྟ་བུ་བཟོ་རྒྱུར་བཀོལ་ཡོད། དེ་དག་ཚང་མ་ང་ཚོ་དང་ང་ཞེས་པའི་རང་གཅེས་འཛིན་གྱི་བསམ་བློའི་འདུ་ཤེས་ཀྱི་ཐོག་ནས་བྱུང་བ་རེད། ཅེས་གསུངས་སོང་།

༧མགོན་པོ་གང་ཉིད་ཀྱིས་མུ་མཐུད། འོན་ཀྱང་ད་ལྟ་ང་ཚོས་རྒྱལ་ཁབ་ཀྱི་མཚམས་ལས་བརྒལ་ཏེ་མིའི་རིགས་སྤྱི་ལ་བསམ་བློ་གཏོང་རྒྱུའི་དུས་ལ་བབས་ཡོད། གང་ཡིན་ཟེར་ན། ང་ཚོ་ཚང་མ་གོ་ལ་ཆུང་ཆུང་འདིའི་ནང་མཉམ་གནས་བྱ་དགོས་ལ། ང་ཚོ་མིའི་རིགས་དུང་ཕྱུར་ ༧༠ དབར་དབྱེ་བ་འབྱེད་རྒྱུའི་གཞི་རྩ་གང་ཡང་མེད། ང་ཚོ་དང་ཁྱོད་ཚོ་ཟེར་ནས་འཁྲུག་པ་རྒྱག་ཚུལ་དེ་དངོས་ཡོད་གནས་སྟངས་དང་འགལ་ཞིང་བསམ་བློ་གཏོང་སྟངས་རྙིང་པ་རེད། དེར་བརྟེན་བདེ་སྐྱིད་ལྡན་པའི་འཇིག་རྟེན་ཞིག་དང་། བདེ་སྐྱིད་ལྡན་པའི་མིའི་རིགས་འཛུགས་སྐྲུན་ཀྱི་ཆེད་དུ། ང་ཚོ་ཚང་མས་རྒྱལ་ཁབ་དང་ཆོས་ལུགས། རིག་གཞུང་བཅས་ཀྱི་ཁྱད་པར་དེ་དག་ཕར་ལ་བཞག་སྟེ། གཙོ་ཆེ་ཤོས་ཚང་མ་མིིའི་རིགས་གཅིག་ཡིན་པ་དང་ཚང་མ་གོ་ལ་འདིའི་སྟེང་མཉམ་གནས་དགོས་པའི་བསམ་བློ་འཛིན་དགོས། ཞེས་བཀའ་སློབ་བསྩལ་གནང་འདུག

བཀའ་སློབ་སྩལ་གནང་གྲུབ་རྗེས། ཨུ་རུ་སུའི་ཁཱལ་མིག་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཅིག་གིས། ཏོག་དབྱིབས་གཉན་རིམས་དང་འབྲེལ་ནས་བྱམས་བརྩེའི་ཆེད་དུ་རང་སྲོག་བློས་གཏོང་བྱ་འོས་པ་ཞིག་ཡིན་མིན་ཐད་བཀའ་འདྲི་གནང་བའི་བཀའ་ལན་དུ་༧གོང་ས་མཆོག་གིས། གལ་ཏེ་ཁྱེད་ཀྱིས་དོན་དམ་པའི་བྱམས་སྙིང་རྗེ་ལག་བསྟར་བྱེད་ཀྱི་ཡོད་ཚེ། ཁྱེད་ཀྱིས་རང་ཉིད་ལས་གཞན་གྱི་བདེ་དོན་དེ་གཙིགས་ཆེར་འཛིན་དགོས་པ་དང་། ངས་སྨན་པ་དང་སྨན་ཞབས་པ་རྣམས་ཀྱིས་ནད་གཞི་གསར་པ་འདིར་ཐུགས་འཁུར་ཆེན་པོ་བཞེས་པ་བཞིན་ཡི་རངས་ཞུ་ཡི་ཡོད། ཁོང་ཚོས་ཉེན་ཁ་ལ་འཛེམ་པར་གཞན་ལ་རོགས་འདེགས་བྱེད་ཀྱི་ཡོད། དེ་ནི་དོན་དམ་པའི་བྱམས་སྙིང་རྗེ་རེད། གཞན་ལ་ཕན་ཐོགས་བྱ་ཆེད་རང་གི་ཚེ་སྲོག་ཡིན་ནའང་བློས་གཏོང་བྱ་རྒྱུ་དེ་བྱ་འོས་པ་ཞིག་རེད། ཅེས་བཀའ་སློབ་བསྩལ།

༧གོང་ས་མཆོག་གིས་སློབ་མ་རྣམས་ཀྱི་བཀའ་འདྲི་གཞན་ཁག་ལ་བཀའ་ལན་གནང་སྐབས། མི་རིགས་དང་རིག་གཞུང་འདྲ་མིན་ནང་མཛེས་པའི་ངོས་འཛིན་འདྲ་མིན་ཡོད་ཀྱང་། ཚང་མས་ངོས་ལེན་གཅིག་མཚུངས་སུ་བྱེད་པའི་མཛེས་པ་དེ་བྱམས་བརྩེ་ཡིན་སྐོར་དང་།  ཁོང་ནས་ནམ་ཡང་ནང་ཆོས་དེ་ལེགས་ཤོས་རེད་ཅེས་བརྗོད་མྱོང་མེད། ཆོས་ལུགས་ཞེས་པ་དེ་སྒེར་གྱི་གནད་དོན་ཞིག་ཡིན་སྟབས། མི་འགའ་ཤས་ལ་ཡེ་ཤུའི་ཆོས་དེ་ཕན་ནུས་ཆེ་བ་དང་འཚམ་ཤོས་དེ་ཡིན་སྲིད་དང་། ཨུ་རུ་སུའི་མི་འབོར་ནང་ཕ་མེས་ཡང་མེས་ནས་ནང་པ་ཡིན་མཁན་མང་པོ་ཡོད་སྟབས། ཞལ་འདོན་དང་ཆོ་ག་ཕྱག་ལེན་ལས་བརྒལ་ཏེ་ནང་པའི་གཞུང་ལུགས་ལ་སློབ་སྦྱོང་བྱ་དགོས་སྐོར་གྱི་བཀའ་སློབ་བསྩལ་གནང་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༡༦ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese