མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚན་རིག་གི་ཐབས་ལམ་ཐོག་ནས་སྒོམ་སྒྲུབ་ཉམས་ལེན་ལ་ཉམས་ཞིབ་བྱེད་སྟངས་སྐོར་ལམ་སྟོན་མཛད།

བོད་ཀྱི་དུས་བབ།
༢༠༢༡/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༥ ཉིན་༧གོང་ས་མཆོག་གིས་སྒོམ་ཉམས་ལེན་དང་རྣམ་ཤེས་སྐོར་ལ་བོད་པའི་དགོན་སྡེ་ཁག་ཏུ་ཞིབ་འཇུག་གནང་མཁན་ཨུ་རུ་སུའི་ཚན་རིག་པ་ཁག་ཅིག་དང་མཉམ་དུ། ཚན་རིག་གི་ཐབས་ལམ་ཐོག་སྒོམ་སྒྲུབ་ཉམས་ལེན་ལ་ཉམས་ཞིབ་བྱེད་སྟངས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་བསྡུར་བགྲོ་གླེང་དང་། ཚོགས་ཞུགས་པའི་དྲི་བ་མང་པོར་བཀའ་ལན་གནང་སོང་།

ཚོགས་ཞུགས་པས་ཚན་རིག་གི་ལམ་ནས་ཐུགས་དམ་སྐོར་ཉམས་ཞིབ་གནང་ཕྱོགས་དང་། དེ་ཡིས་འགྲོ་བ་མི་ལ་ཕན་ཐོགས་ཅི་ཡོད་སྐོར་སོགས་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས། མིའི་རྣ་དཔྱོད་ཀྱི་ཐོག་ནས་གནས་ཚུལ་ག་པར་ལའང་ཞིབ་འཇུག་བྱེད་མཁན་གྱི་ངོས་ནས་བཤད་ན། ཐུགས་དམ་གྱི་སྐོར་དེ་དངོས་སུ་མཐོང་གི་ཡོད་རེད་ལ། དེ་གང་འདྲ་བྱས་ནས་ཡོང་གི་ཡོད་པ་དེ་ཀླད་པའི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་རྒྱུ་ཁག་པོ་རེད། སྤྱིར་ནང་པ་སངས་རྒྱས་པའི་ཆོས་དང་ལྷག་པར་དུ་སེམས་ཕྲ་རགས་ཀྱི་དབྱེ་བ་ཕྱེས་ནས་གསུངས་པ་དེ་གསང་སྔགས་བླ་མའི་སྒོ་ནས་ཤུགས་ཆེ་བ་ཡོད་པ་རེད། ཐུགས་དམ་བཞུགས་མཁན་ཚོ་ལ་ཀུན་རྟོགས་བརྒྱད་བཅུ་ནི། སྣང་བའི་རང་བཞིན་གྱི་རྟོག་པ་སུམ་ཅུ་སོ་གསུམ། མཆེད་པའི་རང་བཞིན་གྱི་རྟོག་པ་བཞི་བཅུ། ཉེར་ཐོབ་རང་བཞིན་གྱི་རྟོག་པ་བདུན་སོགས་ཀྱི་འགྲེལ་བཤད་མང་པོ་ཡོད་རེད། ང་ཚོས་འདི་ལ་ཞིབ་འཇུག་བྱ་དགོས་འདུག ནམ་རྒྱུན་ཐུགས་དམ་བཞུགས་མཁན་ཚོ་སྣང་མཆེད་ཐོབ་གསུམ་མ་ཆགས་གོང་གི་རླུང་གཟུགས་རགས་པ་འདི་འཐིམ་པའི་སྐབས་སུ་ཡིན་གྱི་རེད་བསམ་གྱི་འདུག སྟོང་པ་གསུམ་གྱི་སྐབས་སུ་ཡིན་མིན་ཞིབ་འཇུག་བྱ་དགོས་འདུག ཐུགས་དམ་བཞུགས་མཁན་ཁ་ཤས་ལ་ལུས་ཀྱི་དྲོད་ཡོད་པ་ལྟ་བུ་འདུག དེ་འདྲ་ཡིན་ན་སྣང་མཆེད་ཐོབ་སྐྱེས་པའི་སྐབས་སུ་མ་རེད། ས་ཆུ་ལ་འཐིམ། ཆུ་མེ་ལ་འཐིམ། མེ་རླུང་ལ་འཐིམ། རླུང་རྣམ་ཤེས་ལ་འཐིམ། རྣམ་ཤེས་ནམ་མཁའ་ལ་འཐིམ་སྟེ་རང་བཞིན་བརྒྱད་བཅུའི་ཀུན་རྟོགས་དགག་གི་ཡོད་རེད། དེར་བརྟེན་ཐོག་མར་ས་ཆུ་ལ་འཐིམ། ཆུ་མེ་ལ་འཐིམ་པའི་སྐབས་སུ་ཡིན་མིན་ཞིབ་འཇུག་བྱ་དགོས་འདུག ཚན་རིག་གི་ཐོག་ནས་རྣམ་ཤེས་ཕྲ་རུ་འགྲོ་བ་དེ་ང་ཚོས་ཤེས་གསལ་རེད། ཐུགས་དམ་བཞུགས་མཁན་འགའ་ཤས་ང་ཚོས་མཐོང་གི་ཡོད་རེད། ཚན་རིག་གི་ཐོག་ནས་ཞིབ་འཇུག་བྱ་རྒྱུ་ཡོད་རེད། འགྲོ་བ་མི་སྤྱི་ལ་འབྲེལ་བ་དམིགས་བསལ་ཡོད་མ་རེད། སངས་རྒྱས་པའི་གཞུང་ནང་ཚེ་སྔ་ཕྱི་བཤད་ཀྱི་ཡོད་རེད། ཚེ་འདི་ནས་འཆི་སྟེ་སྐྱེ་བ་རྗེས་མ་འགྲོ་ཡི་ཡོད་རེད། དེ་ཚོའི་གྲས་ནང་པའི་གཞུང་ལ་གསུངས་ཡོད་རེད། དམིགས་བསལ་དོ་སྣང་བྱེད་མཁན་ཚོས་ཞིབ་འཇུག་བྱ་རྒྱུ་ཡོད་རེད་ལ། ཚན་རིག་པའི་ངོས་ནས་ཉམས་ཞིབ་བྱེད་དགོས་རེད། ཅེས་སོགས་བཀའ་ལན་གནང་སོང་།

ཡང་ཚན་རིག་པ་ཚོས་སྒོམ་གྱི་སྐོར་གཅིག་པོ་མིན་པར་ནང་པའི་ལྟ་གྲུབ་ཀྱི་སྐོར་ལ་ཤེས་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་རེད། བྱས་ཙང་ནང་པའི་ལྟ་གྲུབ་ཀྱི་སྒོ་ནས་ཚན་རིག་པ་སྤྱི་ཡོངས་ལ་ཀླད་པའི་ཉམས་ཞིབ་ཐོག་ལ་ལྟ་གྲུབ་ག་རེ་ཕན་ཐོགས་ཆེ་བ་ཡོད་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། འདས་པའི་ལོ་རྒྱུས་ནང་ཚན་རིག་དེ་ནུབ་ཕྱོགས་ནས་བྱུང་བ་རེད། དེ་ཡང་ཚན་རིག་གི་ཉམས་ཞིབ་བྱེད་ས་གཙོ་བོ་ཕྱི་དངོས་པོ་རེད། ཚན་རིག་པ་ཚོས་ཐུགས་སྣང་གནང་ས་དེ་རྒྱུན་ལྡན་གྱི་མི་ཚེའི་ནང་ལ་སེམས་ཀྱི་ཞི་བདེ་གལ་ཆེན་པོ་ཡིན་པ་ར་སྤྲོད་པ་ཙམ་མ་ཟད། ཚན་རིག་པ་མང་པོས་སེམས་ཀྱི་ཞི་བདེ་ཚད་ལྡན་བསྐྲུན་རྒྱུའི་ཐབས་ཤེས་ཐོག་ལ་དམིགས་བསལ་གྱི་ཐུགས་སྣང་གནང་གི་ཡོད་རེད། སེམས་ཀྱི་ཞི་བདེ་བག་ཕེབས་ཚད་དང་ལྡན་པ་ཡོད་ན་སོ་སོའི་གཟུགས་པོའི་འཕྲོད་བསྟེན་ལ་ཕན་གྱི་ཡོད་རེད། སེམས་ཁྲལ་ཧ་ཅང་ལངས་པ་དང་ཁོང་ཁྲོ་ཚ་པོ། སེམས་ཞུམ་པ་ཡོད་པ་དེ་ཚོས་སོ་སོའི་གཟུགས་པོའི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་རེད། ཚེ་འདི་ལ་སེམས་ཀྱི་བདེ་སྐྱིད་བསྐྲུན་ན་གཟུགས་པོའི་འཕྲོད་བསྟེན་ལ་ཕན་གྱི་ཡོད་རེད། ཚན་རིག་པ་ཚོས་མིའི་བདེ་སྡུག་གི་སྐོར་ལ་དམིགས་བསལ་ཐུགས་སྣང་གནང་གི་ཡོད་དུས་མིའི་སེམས་ཀྱི་ཞི་བདེ་དཀྲུག་མཁན་གྱི་རྒྱུ་རྐྱེན་གཙོ་བོ་དེ་ཁོང་ཁྲོ་ཆགས་ཀྱི་ཡོད་རེད། ཁོང་ཁྲོ་ལ་སོགས་པའི་ཉོན་མོངས་པའི་བློའི་རིགས་ཀྱི་སེམས་ཀྱི་ཞི་བདེ་ལ་གནོད་མཁན་རིགས་ལ་བཏང་སྙོམས་བྱ་རྒྱུའི་སྨན་གྱི་ཐབས་ལམ་སྟོན་པ་དེ་འཕྲལ་སེལ་གྱི་ཐབས་ལམ་རེད། དེ་མིན་བྱམས་སྙིང་རྗེ་ཉམས་ལེན་བྱས་ནས་ཁོང་ཁྲོ་དང་སེམས་ཞུམ་པ་སོགས་ཡོང་གི་མ་རེད།

ད་ལྟ་ཚན་རིག་པ་ཚོས་སྐྱེ་བ་ཕྱི་མར་ཉམས་ཞིབ་གནང་གི་ཡོད་མ་རེད། ནང་པའི་ཆོས་ཀྱི་སྒོ་ནས་ཚེ་འདི་ལ་ཞི་བདེ་བསྐྲུན་རྒྱུའི་ཉམས་ཞིབ་གནང་གི་ཡོད་རེད། འཛམ་གླིང་ནང་མི་ཐེར་འབུམ་བདུན་ལྷག་ཆ་ཚང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། མིའི་སྤྱི་ཚོགས་ནང་དཀའ་ངལ་མང་པོ་ཡོང་བ་དེ་མིས་བཟོས་པ་རེད། སེམས་ཀྱི་ཞི་བདེ་བག་ཕེེབས་ཡོང་བར་ང་ཚོས་སྤྱི་ཡོངས་ཀྱི་བློའི་འགྲོ་སྟངས་ཤེས་དགོས་པ་གལ་ཆེན་པོ་རེད། དཀའ་ངལ་བྱུང་བའི་སྐབས་སུ་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་དཀའ་ངལ་སེལ་ཐུབ་ཀྱི་ཡོད་པ་རེད། སྙིང་རྗེ་ལ་བསྟེན་པའི་ཐོག་ནས་བཟོད་པ་ཉམས་ལེན་བྱས་ན། སེམས་ཀྱི་ཞི་བདེ་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་རེད། ཅེས་སོགས་བཀའ་སློབ་ལམ་སྟོན་སྩལ་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese