མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་ཧོང་ཀོང་མི་མང་ལ་སྐྱབས་བཅོལ་བའི་གནས་བབ་སྤྲོད་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གིས་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་སླད་ཁྲིམས་འཆར་གསར་པ་ཞིག་བཏོན་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་སྟེང་གི་ཨ་རིའི་གནས་བབ་སླར་གསོ་ཡིས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་དཔལ་འབྱོར་དང་ཆབ་སྲིད་སོགས་ཀྱི་ཐོག་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཡིན་པ་རེད།

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་གྲོས་ཚོགས་འཐུས་མི་གྷེར་གྷོར་མེག་(Gregory W. Meeks) ལགས་ཀྱིས། ཨ་རིའི་གྲོས་ཚོགས་ལ་(EAGLE Act) ཞེས་པའི་ཁྲིམས་འཆར་གསར་པ་ཞིག་ངོ་སྤྲོད་ཀྱིས། རྒྱལ་ནང་དང་རྒྱལ་སྤྱིའི་སྟེང་ནས་རྒྱ་ནག་ལ་ཁ་གཏད་ཀྱི་སྲིད་ཇུས་འཛིན་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད་ལ། ད་ལྟའི་ཆར་སྲིད་ཇུས་གསར་པའི་ནང་བོད་དོན་ཚུད་ཡོད་མེད་གསལ་ཁ་མེད་ནའང་ཐའེ་ཝན་དང་ཧོང་ཀོང་གི་མང་གཙོའི་ལས་འགུལ་སོགས་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་གཏན་འཁེལ་ཡོད་འདུག

དེ་འབྲེལ་ཐད་ཁྲིམས་འདོན་མཁན་གྲོས་ཚོགས་འཐུས་མི་གྷེར་གྷོར་མེག་ལགས་ཀྱིས། ངས་རྒྱ་ནག་ལ་ཁ་གཏད་གཅོག་ཆེད། ཨ་རི་འཛམ་གླིང་གི་སྣེ་འཁྲིད་པ་ཡིན་ཞིང་རྒྱལ་ནང་དང་རྒྱལ་སྤྱིའི་སྟེང་གི་ཨ་རིའི་སྲིད་ཤུགས་སླར་གསོ་ཡིས་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་ཀྱི་ཁྲིམས་འཆར་འདི་འདྲ་ཞིག་ངོ་སྤྲོད་གནང་ཐུབ་པར་སྤོབས་པ་ཡོད། ཅེས་བརྗོད་ཡོད་པ་དང་། གྷེར་གྷོར་མེག་ལགས་ནི་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཡིན་པ་རེད།

ད་རེས་ཁྲིམས་འཆར་གསར་པ་དེ་ནི་དམིགས་བསལ་ཨ་རིས་རྒྱལ་སྤྱིའི་སྣེ་འཁྲིད་དེ་འཛམ་གླིང་ཞི་བདེ་བསྐྲུན་ཐབས་དང་། རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དྲག་ཤུགས་རྒྱ་སྐྱེད་གཏོང་བཞིན་པར་ཁ་གཏད་གཅོག་ཐབས་སུ་ཨ་རིས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་མང་པོ་ཕན་ཚུན་བར་མཉམ་འབྲེལ་བྱས་ཏེ། ཨ་རིའི་སྟོབས་ཤུགས་རྒྱ་སྐྱེད་གཏོང་ཐབས་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་སྤྱིའི་སྟེང་དཔལ་འབྱོར་གྱི་འགྲན་རྩོད་དང་གནམ་གཤིས་ཚ་དྲོད། འགོག་ཁབ་ཀྱི་འབྲེལ་ལམ། དྲ་རྒྱའི་མཉམ་འབྲེལ་སྲིད་ཇུས་སོགས་ཀྱི་ཐོག་ནས་ཁ་གཏད་གཅོག་རྒྱུ་ཡིན་པ་རེད།

ཁྲིམས་འཆར་དེ་དང་འབྲེལ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གིས། ཨ་རིས་རང་གི་ཡང་དག་པའི་རིན་ཐང་ཁག་གལ་གནད་དུ་རྩིས་ཏེ། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་སྟེ་ཡུ་གུར་མི་རིགས་བཙན་གྱིས་ངལ་སྩོལ་སྒྱུར་བཀོད་ཁང་དུ་འཇུག་གི་ཡོད་པར་ཡ་ལན་མཇལ་བཅུག་རྒྱུ་དང་། ཧོང་ཀོང་མི་མང་སྲུང་སྐྱོབ་སླད་གནས་སྐབས་རིང་སྐྱབས་བཅོལ་བའི་གནས་འབབ་སྤྲོད་རྒྱུ། དེ་བཞིན། ཨ་རིའི་དཔལ་འབྱོར་དང་རྒྱལ་འབྲེལ་སྲིད་ཇུས་གོང་མཐོར་བཏང་སྟེ། རྒྱལ་སྤྱིའི་ཚོང་སྒྲིག་གི་རང་དབང་སླར་གསོ་བྱ་རྒྱུ། ཨ་རིའི་ངལ་སྩོལ་མི་མང་དང་ཚོང་ལས། མ་འོངས་པའི་འཕྲུལ་རིགས་ཐོག་མ་འཛུགས་བྱ་རྒྱུ་ཡིན་པ་སོགས་ཀྱི་དོན་ཚན་ཁག་ཅིག་འགྲེལ་བརྗོད་གནང་ཡོད་པ་རེད།

ད་རེས་ཁྲིམས་འཆར་དེར་ཁྱོན་ཤོག་ངོས་་༤༧༠ ཡོད་ཅིང་། ཁྲིམས་འཆར་ནང་ཐའེ་ཝན་དང་ཧོང་ཀོང་གི་མང་གཙོའི་ལས་འགུལ། དེ་བཞིན་ཡུ་གུར་མི་རིགས་རྩ་གཏོར་གཏོང་གི་ཡོད་པ་སོགས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་བརྗོད་འདུག་ལ། ཉེ་སྔོན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཐུན་མོང་ཐོག་ཨ་སྒོར་ཐེར་འབུམ་ ༥༢ ཙམ་འགྲོ་གྲོན་བཏང་སྟེ། འབྱུང་འགྱུར་ལོ་ངོ་ལྔའི་རིང་གོ་མཚོན་མ་ལག་དང་ཞིབ་འཇུག་གི་ལས་གཞི་མགོ་འཛུགས་ཀྱིས། རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༧ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese