མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ནུས་པ་མཉམ་དུ་སྤུང་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp
ནེའུ་ཛི་ལན་ཌི་དང་ཨོ་གླིང་གཉིས་ཀྱིས་མཉམ་འབྲེལ་ཐོག་རྒྱ་ནག་གཞུང་གི་བཙན་གནོན་དང་དབང་ཤུགས་རྒྱ་སྐྱེད་ལ་ཁ་གཏད་གཅོག་རྒྱུ་ཡིན་འདུག

དེ་རིང་ཕྱི་ཚེས་ ༣༡ ཉིན་ནེའུ་ཛི་ལན་ཌིའི་སྲིད་བློན་ལྕམ་ཇཱེ་སིན་ཌ་ཨར་དི་རེན་ (Jacinda Ardern) ལགས་དང་། ཨོ་གླིང་གི་སྲིད་བློན་སི་ཁོ་ཊི་མོ་རེ་སན་ (Scott Morrison) ལགས་གཉིས་ཀྱིས་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་རྗེས་ཐེངས་དང་པོར་དངོས་སུ་ཐུག་འཕྲད་གནང་རྗེས། ཕྱོགས་གཉིས་བར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། པེ་ཅིན་གཞུང་དང་ཚོང་འབྲེལ་འཛུགས་ཕྱོགས་སོགས་ཀྱི་ཐད་ལངས་ཕྱོགས་མི་མཐུན་པའི་བསམ་ཚུལ་གཅིག་ཀྱང་བྱུང་མེད་པ་དང་མཉམ་འབྲེལ་གདོང་ལེན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

སྲིད་བློན་རྣམ་གཉིས་ནས་མཉམ་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྐབས། རྒྱལ་ཁབ་གཉིས་ཀར་ད་ལྟའི་ཧོང་ཀོང་མི་མང་གི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ཤར་ཏུར་ཀི་སི་ཐན་ནང་གི་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཅས་གཉིས་ལ་བློ་འཚབ་ཆེན་པོ་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་དང་ཁ་ཆེ་བ་གྲངས་ཉུང་མི་རིགས་གཞན་གྱི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རང་དབང་ལྡན་པའི་ཆེད་ལས་མི་སྣར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ས་གནས་ཀྱི་གནས་སྟངས་ལ་རྟོག་ཞིབ་བྱེད་པར་ཆོག་མཆན་སྤྲོད་དགོས་སྐོར་བརྗོད་དེ། རྒྱལ་ཁབ་གཉིས་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་པའི་གནད་དོན་ལ་གདོང་ལེན་བྱེད་པར་མཉམ་འབྲེལ་བྱ་རྒྱུ་ཡིན་པ་བརྗོད་འདུག

ཡང་སྲིད་བློན་རྣམ་གཉིས་ཀྱིས། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དམག་ས་རུ་བསྒྱུར་ཏེ་རྩོད་རྙོག་ཆེ་རུ་འགྲོ་བཞིན་ཡོད་པ་དང་། བརྟན་ལྷིང་མེད་པའི་ཛ་དྲག་གི་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད་པ། དེ་བཞིན་མཚོ་ཁུལ་ཁག་ངེས་པར་དུ་འཛམ་གླིང་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་འོག་གནས་དགོས་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་བརྩི་བཀུར་དང་མཚོ་ཁུལ་གྱི་རྩོད་རྙོག་ཁག་ཁྲིམས་སྒྲིག་ལྟར་ཐག་གཅོད་བྱེད་དགོས་སྐོར་དང་། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་གྱི་གནད་དོན་དང་འབྲེལ་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་བྱེད་པའམ། ཁུལ་དེའི་མཐུན་གྲོགས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་དང་། ཕྱིའི་ཤུགས་རྐྱེན་ལ་གདོང་ལེན་མཉམ་དུ་བྱ་རྒྱུ་དང་། ཤེས་ཡོན་དང་འཛུགས་བསྐྲུན། ཉམས་ཞིབ་དང་འོས་བསྡུ། གསར་འགྱུར་བརྒྱུད་ལམ་སོགས་ཀྱི་ནང་ཕྱིའི་ཤུགས་རྐྱེན་ལ་གདོང་ལེན་བྱེད་པའི་ནུས་པ་སྤུངས་རྒྱུའི་ཐོག་མོས་མཐུན་བྱུང་ཡོད་པ་བརྗོད་འདུག་ནའང་། སྐད་ཆ་དེ་དག་རྒྱ་ནག་ལ་དམིགས་པ་ཡིན་མིན་གསར་འགོད་པ་ཞིག་གིས་དྲིས་པར་སྲིད་བློན་གཉིས་ཀྱིས་དམིགས་བསལ་ལན་འདེབས་བྱས་མི་འདུག

ཡང་ནེའུ་ཛི་ལན་ཌིའི་སྲིད་བློན་ལྕམ་ཇཱེ་སིན་ཌ་ཨར་དི་རེན་ (Jacinda Ardern) ལགས་ཀྱིས། དེ་རིང་ང་ཚོས་གླེང་མོལ་བྱེད་སྐབས་ཚོང་འབྲེལ་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྱི་ཐོག་ལངས་ཕྱོགས་བརྟན་པོ་འཛིན་པའི་ཐད་ཕྱོགས་གཉིས་བར་མི་མཐུན་པའི་བསམ་ཚུལ་གཅིག་ཀྱང་བྱུང་མེད་པ་རེད། ཅེས་དང་། ཡང་ཁོང་མོས། ཨོ་གླིང་དང་ནེའུ་ཛེ་ལན་ཌི་གཉིས་བར་འགལ་ཟླ་བཟོས་ཏེ། རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོ་འདོད་བྱེད་མཁན་ཡོད་པ་ནི་ཐེ་ཚོམས་མེད་པ་ཞིག་ཡིན་པ་ནའང་། རྒྱལ་ཁབ་གཉིས་བར་འགལ་ཟླ་བཟོ་ཐབས་མེད་སྐོར་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྩད་གཅོད་བྱས་ཏེ་རྙེད་ཐབས་སུ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

མཉམ་འབྲེལ་གསར་འགོད་གསལ་བསྒྲགས་དེ་དང་འབྲེལ་དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝིན་པིན་ (Wang Wenbin) གྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། སྲིད་བློན་སི་ཁོ་ཊི་མོ་རེ་སན་དང་སྲིད་བློན་ལྕམ་ཇཱེ་སིན་ཌ་ཨར་དི་རེན་གཉིས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི་གསར་འགོད་གསལ་བསྒྲགས་དེར་ངོས་ལེན་མེད་པ་དང་། མགོ་ཁྲིད་གཉིས་ཀྱིས་འགན་འཁུར་མེད་པའི་ཐོག་ནས་གཏམ་བཤད་སྤེལ་བ་དང་། རྒྱལ་སྤྱིའི་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་ལམ་གྱི་སྒྲིག་གཞི་ཁག་ལ་རྩིས་མེད་བཏང་བ་དང་། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་སྐོར་གྱི་སྐྱོན་བརྗོད་བྱས་འདུག

འདས་པའི་ལོ་གཅིག་ནང་ཨོ་གླིང་གཞུང་གིས་ཧོང་ཀོང་གི་གནད་དོན་དང་། ཏོག་དབྱིབས་གཉན་རིམས། ཤར་ཊུར་ཀི་སི་ཐན་གྱི་ཡུ་གུར་མི་རིགས་ཀྱི་གནད་དོན་སོགས་ཀྱི་ཐོག་ནས་རྒྱ་ནག་ལ་ཡོངས་ཁྱབ་ཀྱི་ཐོག་ནས་སྐྱོན་བརྗོད་དང་འགོག་རྒོལ་ཤུགས་ཆེན་བྱས་རྐྱེན། རྒྱ་ནག་གིས་ཨོ་གླིང་གི་རྒུམ་ཆང་དང་གླང་ཤ་སོགས་ཀྱིས་མཚོན་པའི་ཚོང་ཟོག་ཁག་བཀག་སྡོམ་བྱས་ཡོད་ལ། ནང་འདྲེན་བྱས་པའི་ཚོང་ཟོག་ལ་རྒྱལ་ཁྲལ་སྤར་བ་སོགས་བྱས་ཏེ། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ཙམ་ནང་གི་ཕྱོགས་གཉིས་ཀྱི་འབྲེལ་ལམ་གྱི་གནས་སྟངས་སྡུག་ཤོས་སུ་ལྷུང་ཡོད་ནའང་། འདི་ལོའི་ཕྱི་ཟླ་ ༤ ནང་། ཨ་རི་གཙོས་པའི་མིག་ལྔའི་མནའ་འབྲེལ་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་སྟོབས་ཤུགས་རྒྱ་སྐྱེད་བྱེད་བཞིན་པར་ཐུན་མོང་གི་འགོག་རྒོལ་སྲིད་ཇུས་ཤིག་འདིང་རྒྱུའི་གླེང་སློང་འབྱུང་བཞིན་པའི་སྐབས་དེར། ནེའུ་ཛི་ལན་ཌིའི་ངོས་ནས་རྒྱ་ནག་ཐོག་སྲིད་ཇུས་ག་རེ་འཛིན་དགོས་མིན་དེ་ནེའུ་ཛི་ལན་ཌི་རང་གིས་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་ལ། འདས་ལོའི་མནའ་འབྲེལ་རྒྱལ་ཁབ་ཚོས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་དེར་ཡང་མིང་རྟགས་འགོད་རྒྱུ་མིན་པ་དང་། རྒྱ་ནག་གཞུང་དང་འགལ་ཟླ་བཟོ་འདོད་མེད་པའི་རྣམ་འགྱུར་བསྟན་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༥ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༡༢ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༧ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese