མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྟོགས་བརྗོད་མདུན་ལེགས་མའི་གསུང་ཆོས་ལེགས་པར་གྲུབ།

བོད་ཀྱི་དུས་བབ།
༢༠༢༡/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གསུང་ཆོས་ཀྱི་ཉིན་གཉིས་པར་༧གོང་ས་མཆོག་གིས་བཤད་སྒྲུབ་ཟུང་འབྲེལ་བྱས་ནས་མང་ཚོགས་ཀྱི་ནང་དུ་ནང་ཆོས་སྐོར་ལ་བགྲོ་གླེང་གནང་དགོས་གསུངས།

བཀའ་འདྲི་བཀའ་ལན་གྱི་ལས་རིམ་ནང་སྦེང་ལོར་མཐོ་སློབ་སྡོད་ཁང་གི་སློབ་མ་བསྟན་འཛིན་ལྷ་དབང་ལགས་ཀྱིས། མི་གཞན་གྱི་བྱ་སྤྱོད་ངན་པ་ལ་བརྟེན་ནས་རང་ངོས་ནས་བཟོད་བསྲན་ཞུ་ཐབས་གང་ཡོད་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། མི་གཞན་གྱིས་གནོད་པའི་བྱ་བ་བརྩམས་ཡོང་དུས་དེ་ལ་ལྷག་པར་དུ་སྙིང་རྗེ་སྐྱེས་དགོས་པ་ཞིག་རེད། དེ་འདྲའི་མི་དེ་དག་ང་ཚོ་ལྟར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། སྡུག་བསྔལ་མི་འདོད་པ་རེད་དེ་སྡུག་བསྔལ་གྱི་རྒྱུ་གཞན་ལ་གནོད་སེམས་བྱེད་པ་དང་མགོ་སྐོར་བཏང་བ་ལ་སོགས་བྱས་པ་དེ་སྡུག་བསྔལ་ཡོང་བའི་རྒྱུ་དྭང་དུ་བླངས་ནས་བྱེད་ཀྱི་ཡོད་པས་ལྷག་པར་དུ་བརྩེ་བ་སྐྱེས་པའི་རྒྱུ་མཚན་འདུག དཔེར་ན་རྒྱ་མི་གུང་ཁྲན་གྱིས་བོད་པ་ལ་དབང་ཡོད་བཤད་ཀྱི་ཡོད་པ་དེས་ལྷག་པར་དུ་བརྩེ་བ་སྐྱེས་ཀྱི་ཡོད་པ་རེད། སྤྱོད་འཇུག་ནང་རང་གི་དགྲ་བོ་དེ་དགེ་བའི་བཤེས་གཉེན་མཆོག་རེད། རྒྱུ་མཚན་ནི་རང་གི་དགྲ་བོ་ལ་དམིགས་ནས་བཟོད་པ་སྒོམ་ཐུབ་ཀྱི་ཡོད་རེད། བཟོད་པའི་ཉམས་ལེན་དགྲ་བོ་ལ་བརྟེན་ནས་བྱུང་ཡོད་པས་དགྲ་བོ་དེ་དགེ་བའི་བཤེས་གཉེན་མཆོག་རེད་གསུངས་ཀྱི་ཡོད་པ་རེད། དེར་བརྟེན་བྱ་བ་ངན་པ་བསམ་མཁན་གྱིས་སྡུག་བསྔལ་མི་འདོད་པ་ང་ཚོ་དང་གཅིག་པ་རེད། ཡིན་ནའང་སྡུག་བསྔལ་གྱི་རྒྱུ་ལ་བླང་དོར་གྱི་གནད་ལ་རྨོངས་པ་དང་ཁ་ཤས་ཤེས་བཞིན་དུ་བྱེད་ཀྱི་ཡོད་པ་རེད། དེ་ལྟར་སྡུག་བསྔལ་གྱི་རྒྱུ་དྭང་དུ་བླངས་ནས་འཇུག་པ་དེ་དག་ལ་ལྷག་པར་བརྩེ་བ་སྐྱེས་དགོས་ཀྱི་ཡོད་རེད། ཅེས་བཀའ་སློབ་ལམ་སྟོན་གནང་སོང་།

དེ་ནས་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་སློབ་མ་བསྟན་འཛིན་ལུང་རྟོགས་ལགས་ཀྱིས། ཁོང་ཁྲོ་ལངས་པའི་སྐབས་སུ་སེམས་ཞི་བདེར་འགྲོ་བའི་ཐབས་ལམ་ཡག་ཤོས་གང་ཡིན་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ཕྱོགས་གཅིག་ནས་དུས་རྒྱུན་དུ་བྱམས་བརྩེའི་བློར་ཡང་ཡང་བསམ་བློ་བཏང་ནས་སོ་སོའི་སེམས་གཏིང་ནས་བྱང་ཆུབ་ཀྱི་སེམས་སྒོམ་དགོས་ཀྱི་ཡོད་པ་རེད། གཞན་ཕན་གྱི་བློ་ཟེར་བ་དེ་རང་བདེ་བ་དང་གཞན་བདེ་བ། འཕྲལ་དུ་བདེ་བ། རང་གཞན་དོན་ནི་རང་བསྒྲུབ་ཕྱིར། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། ཟེར་བ་དེ་བྱང་ཆུབ་ཀྱི་སེམས་མཚན་ཉིད་ཚང་བ་རེད། མདོར་ན་སེམས་པ་བཟང་པོ་ཡོད་ན་སོ་སོའི་སེམས་སྐྱིད་པ་དང་སོ་སོའི་ཉེ་འཁོར་དུ་ཡོད་པའི་གྲོགས་པོ་ཚོའི་སེམས་བཟང་བ་ཡོང་གི་རེད། དཔེར་ན་ངོས་ནས་དུས་རྟག་ཏུ་བྱམས་བརྩེ་ཉམས་ལེན་བྱས་ནས་བློ་ལྷོད་ལྷོད་བསྡད་དེ་གདོང་འཛུམ་ཤིག་ཤིག་བྱེད་ཀྱི་ཡོད་པ་རེད། གལ་ཏེ་ངོས་རང་གཏུམ་པོ་བྱས་ནས་སྡོད་ན་འདིའི་ཁོར་ཡུག་མ་བདེ་བ་ཆགས་ཀྱི་རེད། ཁོང་ཁྲོའི་གཞན་དབང་དུ་ཕྱིན་ན་རང་མི་སྐྱིད་པ་དང་རོགས་པ་ཚོའང་སྐྱིད་པོ་ཡོང་གི་མ་རེད། དེར་བརྟེན་རང་དོན་བསྒྲུབ་ནའང་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པ་དང་གཞན་དོན་བསྒྲུབ་ནའང་བྱང་ཆུབ་སེམས་བསྒོམ་དགོས་ཀྱི་ཡོད་པ་རེད། དེ་བཞིན་འཕྲལ་དུ་ལུས་བདེ་བ་དེ་བྱང་ཆུབ་ཀྱི་སེམས་སྒོམ་ན་སེམས་ཀྱི་ཞི་བདེ་ཡོང་བ་དང་སེམས་ལ་དངངས་སྐྲག་མ་ཡོང་བའི་ཕན་ཐོགས་ཡོང་གི་རེད། བྱང་ཆུབ་ཀྱི་སེམས་གཞན་ཕན་གྱི་བློ་སྒོམ་ན་འཕྲལ་དུ་བདེ་བ་དང་ཕུགས་ལ་ཕན་པ་ཡོང་གི་རེད། སེམས་པ་བཟང་པོ་བྱས་པ་དེས་འཕྲལ་དུ་བདེ་བ་དང་ཕུགས་ལ་ཕན་པ་ཡོང་གི་ཡོད་དུས་ཁོང་ཁྲོའི་ཉེས་དམིགས་དང་བྱམས་བརྩེའི་ཕན་ཡོན་ཤེས་ཀྱི་ཡོད་ན་ཁོང་ཁྲོ་ཡོང་ལ་ཉེ་བའི་སྐབས་ཡིད་གཟབ་བྱེད་ཐུབ་ཀྱི་རེད། གཙོ་བོ་བརྩེ་བའི་ཕན་ཡོན་དང་ཁོང་ཁྲོའི་ཉེས་དམིགས་ལ་ཡང་ཡང་བསམ་བློ་བཏང་དགོས་འདུག ཅེས་བཀའ་ལན་གནང་སོང་།

ཡང་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་མ་བསྟན་འཛིན་འགྱུར་མེད་ལགས་ཀྱིས། སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་ཁྱད་པར་དང་དེའི་སྒོམ་སྟངས་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། སྙིང་རྗེ་ཆེན་པོ་དེ་བྱང་ཆུབ་ཀྱི་སེམས་འདྲེན་རྒྱུའི་རྒྱུ་ཆགས་ཀྱི་ཡོད་པ་རེད། སྙིང་རྗེ་ཟེར་བ་དེ་སེམས་ཅན་སྡུག་བསྔལ་གྱིས་མནར་བ་ལ་སྡུག་བསྔལ་མེད་པ་ཡོང་ན་བསམ་པའི་བློ་དེ་རེད། དེ་ནས་སྙིང་སྟོབས་བསླེབས་དུས་སྡུག་བསྔལ་ལས་བྲལ་ན་བསམ་པ་མིན་པར་སྡུག་བསྔལ་ལས་ངས་སྐྱོབ་བསམ་པའི་སྐྱོབ་འདོད་ཀྱི་བློ་བསླེབ་ཡོང་གི་ཡོད་པ་དེ་རེད། བྱང་ཆུབ་ཀྱི་སེམས་དེ་འདུན་པ་གཉིས་ལྡན་གཞན་དོན་དོན་གཉེར་གྱི་རྒྱུ་དང་གཞན་སྔུག་བསྔལ་མཐའ་དག་ལས་སྐྱོབ་པ་བྱ་རྒྱུའི་ཆེད་དུ་ད་ལྟ་ང་ལ་ནུས་པ་མི་འདུག ནུས་པ་ཆ་ཚང་ཡོང་བར་གསང་ལམ་གྱི་རྟོགས་པ་གྲོལ་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པ་བྱུང་ན། དཔེར་ན་སྔོན་ལ་མཐོང་ལམ་དུ་ཆ་བཞག་པ་ཡིན་ན་སྦྱོར་ལམ་གྱི་རྟོགས་པ་བསྐྱེད་པར་ཁ་ཡོད་ལག་ཡོད་ཀྱིས་མི་ལ་ཕན་ཐོགས་བྱེད་ཐུབ་རྒྱུ་དེ་རེད། དེ་བཞིན་མཐོང་ལམ་བསྐྱེད་ན་ཐེག་ཆེན་མཐོང་ལམ་བསླེབས་དུས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཉམས་མྱོང་ལ་བརྟེན་ནས་མི་ལ་རོགས་བྱས་པ་དང་ཕན་ཐོགས་བྱེད་ཐུབ་པ་ཡོང་གི་རེད། དེ་ལྟར་གསང་ལམ་དུ་འགྲོ་ཡི་ཡོད་པ་རེད། ཇི་ཙམ་གྱིས་སོ་སོའི་གསང་ལམ་གྱི་རྟོགས་པ་གོང་ནས་གོང་དུ་འཕེལ་བ་དེ་ཡིས་གཞན་དོན་བསྒྲུབ་པའི་ནུས་པ་ཆེ་རུ་འགྲོ་ཡི་ཡོད་པ་རེད། སྙིང་རྗེ་དེ་སྡུག་བསྔལ་ལས་བྲལ་ན་བསམ་པ་དང་སྡུག་བསྔལ་ལས་སྐྱོབ་བསམ་པ་འདིའི་སྒང་བསླེབས་ཡོང་དུས་བྱང་ཆུབ་ཀྱི་སེམས་ཟེར་བ་འདུན་པ་གཉིས་ལྡན་ཆེད་དུ་སེམས་ཅན་ལ་དམིགས་ནས་རྣམ་མཁྱེན་དོན་གཉེར་གྱི་སེམས་བསླེབས་ཡོང་གི་ཡོད་པ་རེད། བྱང་ཆུབ་ལས་བྱང་ནི་སྐྱོན་གྱི་རིགས་ལ་གཉེན་པོ་བསྟེན་ནས་་བྱང་ནས་སྤང་བ་དང་གཉེན་པོ་བསྟེན་ནས་ཉོན་མོངས་པའི་སྒྲིབ་པ་སྤངས་ནས་ཉོན་མོངས་པའི་སྒྲིབ་པས་བཞག་པའི་ཤེས་བྱའི་སྒྲིབ་པ་སྤངས་ཏེ་ཤེས་བྱ་ཐམས་ཅད་ཐུགས་ལ་ཆུབ་པ་དེ་བྱང་ཆུབ་ཀྱི་སེམས་རེད། སྐྱོན་རིགས་མཐའ་དག་བྱང་བ་དང་ཡོན་ཏན་གྱི་རིགས་མཐའ་དག་ཐུགས་སུ་ཆུབ་ནས་སྤངས་རྟོགས་ཀྱི་ཡོན་ཏན་དམིགས་བསལ་ཡོད་པའི་རྣམ་མཁྱེན་གྱི་གོ་འཕང་ཅི་ནས་ཀྱང་ཐོབ་བྱའོ་བསམ་པའི་ཡང་ཡང་བསམ་བློ་བཏང་བ་དེ་བྱང་ཆུབ་ཀྱི་སེམས་རེད། སྙིང་རྗེ་ནི་བྱང་ཆུབ་ཀྱི་སེམས་སྐྱེད་པའི་རྒྱུ་གཙོ་བོ་རེད། སྙིང་རྗེ་ལ་སྡུག་བསྔལ་ལས་བྲལ་འདོད་ཀྱི་སྙིང་རྗེ་དང་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་ལ་བསླེབས་ན་བྱང་ཆུབ་ཀྱི་སེམས་ལ་འགྲོ་ཡི་ཡོད་སྐོར་གསུངས་སོང་།

མཇུག་ཏུ་༧གོང་ས་མཆོག་གིས། བཤད་སྒྲུབ་ཟུང་འབྲེལ་ཟེར་བ་དེ་གལ་ཆེན་པོ་རེད། སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་པར་དད་པ་གཅིག་པོས་འདང་གི་མི་འདུག ཆོས་ཟེར་བ་དེ་རྣམ་དཔྱོད་ཀྱི་ཤེས་རབ་ཀྱིས་བསམ་བློ་བཏང་ནས་དེ་ལ་སློབ་གཉེར་མ་བྱས་ན་ཡོང་གི་མ་རེད། དེར་བརྟེན་བཤད་སྒྲུབ་ཟུང་འབྲེལ་བྱས་ནས་འགྲོ་དགོས་དེ་དགེ་འདུན་པ་གཅིག་པོ་མིན་པར་སེར་སྐྱ་མི་མང་ཕོ་མོ་ཚང་མས་སངས་རྒྱས་པའི་ཆོས་སློབ་སྦྱོང་བྱས་ནས་ཡོང་དགོས་པ་ཞིག་ལས་དད་པ་གཅིག་པོས་གདང་གི་མེད་པ་ཁྱེད་རང་ཚོས་སེམས་ལ་ངེས་དགོས། བཤད་པ་དང་སྒྲུབ་པ་ཟུང་འབྲེལ་བྱས་ནས་མང་ཚོགས་ཀྱི་ནང་དུ་ནང་ཆོས་སྐོར་ལ་བགྲོ་གླེང་བྱེད་པ་དང་། སྤྱོད་འཇུག་དང་དབུ་མ་འཇུག་པ་དེ་དག་གྲྭ་སའི་དཔེ་ཆ་གཅིག་པོ་མིན་པར་སེར་སྐྱ་ཕོ་མོ་ཚོས་ཀྱང་དུས་ནས་དུས་སུ་ལྟ་དགོས་པ་དང་ད་ལྟའི་ཆར་འཕྲུལ་ཆས་བརྒྱུད་ནས་བགྲོ་གླེང་བྱེད་ན་ཕན་གྱི་རེད། ཅེས་གང་ཐུབ་ཀྱིས་བཤད་སྒྲུབ་ཟུང་འབྲེལ་ཡོང་བར་འབད་བརྩོན་གནང་དགོས་སྐོར་གསུངས་སོང།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese