མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་ཧོང་ཀོང་དང་ཨོ་མིན་ནང་དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་བར་བཀག་སྡོམ་ཤུགས་ཆེན་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱ་རིགས་འདུས་སྡོད་ཀྱི་ཆེས་མཐའ་མའི་མང་གཙོ་གྲོང་ཁྱེར་རུ་དྲུག་བཞིའི་དོན་རྐྱེན་བཀག་སྡོམ་བྱས་པར་རྒྱལ་སྤྱིའི་ངོས་ནས་རྒྱ་ནག་ལ་སྐྱོན་བརྗོད་དང་མུ་མཐུད་དྲུག་བཞིའི་དོན་རྐྱེན་སྲུང་གཙི་ཞུ་རྒྱུ་ཡིན་སྐོར་བསྒྲགས།

དེ་རིང་ཕྱི་ཟླ་ ༦ ཚེས་ ༤ ཉིན་རྒྱ་ནག་དམར་ཤོག་ཚོགས་པས། ཕྱི་ལོ་ ༡༩༨༩ ལོར་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་དམངས་གཙོའི་ཞི་རྒོལ་ལས་འགུལ་བ་སྟོང་ཕྲག་མང་པོ་དམར་གསོད་བཏང་ནས་ལོ་ངོ་ཧྲིལ་པོ་ ༣༢ འཁོར་བའི་རྗེས་དྲན་གྱི་ཉིན་མོ་ཡིན་པ་དང་སྟབས་བསྟུན། ལོ་ལྟར་ཧོང་ཀོང་གི་ཝིག་ཊོ་རི་ཡ་སྤྱི་གླིང་དུ་འཚོག་བཞིན་པའི་དྲུག་བཞི་དོན་རྐྱེན་རྗེས་དྲན་གྱི་མར་མེ་ཁྲོམ་སྐོར་ལས་འགུལ་དེ་ཉིད་ཏོག་དབྱིབས་གཉན་རིམས་ལ་ཁག་དཀྲིས་ཏེ་བཀག་སྡོམ་བྱས་ཡོད་པ་མ་ཟད། དེ་རིང་ཞོགས་པར་མར་མེ་ཁྲོམ་སྐོར་ལས་འགུལ་གྲ་སྒྲིག་ཞུ་མཁན་ཧོང་ཀོང་མནའ་འབྲེལ་ཚོགས་པའི་ (Hong Kong Alliance) ཚོགས་གཙོ་གཞོན་པ་དང་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་སྣེ་ཁྲིད་པ་ཁྲོ་ཧང་ཐུང་(Chow Hang Tung)  ལགས་གཉིས་འཛིན་བཟུང་བྱས་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་ཁྲིམས་རྩོད་པ་ཁྲོ་ཧང་ཐུང་གིས་ཉིན་ཤས་གོང་རང་གི་རྗེས་འབྲང་བ་རྣམས་ལ། ཧོང་ཀོང་གཞུང་གི་བཀག་སྡོམ་ལ་མ་ལྟོས་པར་རང་ཉིད་ཝིག་ཊོ་རི་ཡ་སྤྱི་གླིང་དུ་བསྐྱོད་དེ་དྲུག་བཞིའི་དམར་གསོད་དོན་རྐྱེན་རྗེས་དྲན་ཆེད་མར་མེ་སྒྲོན་རྒྱུ་ཡིན་པ་དང་། ཧོང་ཀོང་བ་གཞན་རྣམས་ཀྱིས་ཀྱང་དེ་ལྟར་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་ལ། ཉེ་ཆར་སྤེལ་བའི་བྷི་བྷི་སི་གསར་ཁང་གི་བཅར་འདྲི་ཞིག་གི་སྟེང་ཁོང་མོས། ང་རང་ཉེན་རྟོག་པས་འཛིན་བཟུང་བྱ་རྒྱུར་གྲ་སྒྲིག་ཡོད། འདི་ནི་ད་ལྟའི་ཧོང་ཀོང་གི་གནས་བབ་རེད། གལ་ཏེ་ཁྱེད་ཀྱིས་སྒེར་གཅོད་སྲིད་གཞུང་གི་འོག་ནས་དམངས་གཙོའི་ཆེད་འཐབ་རྩོད་བྱས་ཚེ། ཁོ་ཚོས་ཁྱེད་རང་འཛིན་བཟུང་བྱ་རྒྱུར་ཐེ་ཚོམ་མེད། ངས་དམངས་གཙོའི་ཆེད་དུ་བློས་གཏོང་བྱ་རྒྱའི་ཆོད་སེམས་བརྟན་པོ་ཡིན། ཞེས་བརྗོད་འདུག་ལ། ཡང་ཁོང་མོས། ད་ལན་ནི་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ཟེར་བ་གཏན་འབེབ་བྱས་རྗེས་ཀྱི་དྲུག་བཞི་དོན་རྐྱེན་རྗེས་དྲན་ཐོག་མ་དེ་ཆགས་ཀྱི་ཡོད། མི་མང་པོས་མར་མེ་ཁྲོམ་སྐོར་ལས་འགུལ་དེ་ཡལ་འགྲོ་རྒྱུའི་དོགས་པ་བྱས་པ་རེད། འོན་ཀྱང་དོན་དངོས་ཐོག་ང་ཚོས་ལས་འགུལ་འདི་འདས་པའི་ལོ་ངོ་ ༣༠ ལས་མང་བར་རྒྱུན་བསྟུད་པར་བརྟེན། རྗེས་དྲན་ལས་འགུལ་འདི་ཧོང་ཀོང་བའི་རྒྱུད་ལ་འཇགས་ཟིན་པ་རེད། ཅེས་བརྗོད་ཡོད་འདུག

ཧོང་ཀོང་གི་ཉེན་རྟོག་པས་ཁྲོ་ཧང་ཐུང་གིས་སྤྱི་ཚོགས་དྲ་ལམ་བརྒྱུད་བཀག་སྡོམ་ཟིན་པའི་མི་མང་གི་འདུ་འཛོམས་(མང་རེ་ཁྲོམ་སྐོར་ལས་འགུལ་)དེ་ཉིད་ཁྱབ་བསྒྲགས་བྱས་པ་དང་། མི་མང་རྣམས་ལ་འདུ་འཛོམས་དེར་མཉམ་ཞུགས་དགོས་པའི་སྐུལ་སློང་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་སྐོར་བཤད་འདུག་ལ། ཁོང་མོ་དང་ལྷན་དུ་ད་བར་ཧོང་ཀོང་གི་བཟའ་མ་སྐྱེལ་འདྲེན་ཞབས་ཞུ་བ་ཞིག་གིས་ཀྱང་རང་གི་སྤྱི་ཚོགས་དྲ་ལམ་སྟེང་འདུ་འཛོམས་དེ་ཁྱབ་བསྒྲགས་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག

ལོ་ལྟར་དེ་རིང་འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་ཊོག་ཀྱོ་དང་། སིཌ་ནེ། ཐའེ་པེ། ལོན་ཌོན། བྷེར་ལིན། ཝ་ཤིང་ཊོན་བཅས་ཀྱི་ནང་དྲུག་བཞིའི་དམར་གསོད་རྗེས་དྲན་གྱི་མར་མེ་ཁྲོམ་སྐོར་ལས་འགུལ་སྤེལ་གཏན་འཁེལ་འདུག་ལ། ཧོང་ཀོང་གཞུང་གིས་སྔར་ལོ་ལྟར་འདི་ལོའང་གཉན་རིམས་ལ་ཁ་གཡར་ཏེ་མར་མེ་ཁྲོམ་སྐོར་ལས་འགུལ་དེར་བཀག་སྡོམ་བྱས་པར་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་འདུག་ལ། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ (Congressional-Executive Commission on China) གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཉིན་མོ་འདི་རྒྱ་ནག་ནང་ཡོད་པའི་མི་ཚང་མར་རང་དབང་དང་བཀག་སྡོམ་མེད་པའི་ཐོག་ནས་སྲུང་གཙི་བྱ་རྒྱུའི་དུས་ཚོད་ཅིག་མ་ཤར་བར་དུ་ང་ཚོས་ལོ་ལྟར་རྗེས་དྲན་ཞུ་རྒྱུ་ཡིན། ཞེས་དང་། རྒྱ་ནག་གཞུང་གིས་དམར་གསོད་བྱས་ཏེ་ལོ་ངོ་ ༣༢ རྗེས་ལའང་། རྒྱ་ནག་གི་མི་མང་རྣམས་ལ་གཞི་རྩའི་རང་དབང་སྤྱོད་རྒྱུར་དྲག་གནོན་བྱེད་ཀྱི་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་ཤིན་ཅང་(ཤར་ཊུར་ཀི་སི་ཐན་) ནང་གི་མི་རིགས་རྩ་མེད་ཀྱི་སྲིད་ཇུས་དང་། བོད་མིའི་རིག་གཞུང་རྩ་གཏོར་གྱི་སྲིད་ཇུས། དེ་བཞིན་རྒྱ་ནག་གི་མི་སེར་ས་ཡ་མང་པོའི་ཆོས་དད་རང་དབང་དང་། རྒྱལ་སྤྱིའི་ཆིངས་ཡིག་གིས་ཁས་ལེན་བྱས་པའི་ཧོང་ཀོང་གི་རང་དབང་གི་གནས་བབ་དེ་འཆར་གཞི་ལྡན་པའི་ཐོག་ནས་རྩ་མེད་གཏོང་བཞིན་པ་བཅས་ལ་འགོག་རྒོལ་བྱེད་དགོས། ཞེས་བརྗོད་ཡོད་འདུག

དུས་རྒྱུན་དྲུག་བཞིའི་དམར་གསོད་དོན་རྐྱེན་རྗེས་དྲན་ཞུ་སའི་རྒྱ་ནག་གི་ས་ཁུལ་གཞན་གཅིག་པོ་སྟེ། ཨོ་མིན་ (Macau) ཁུལ་དུའང་འདི་ལོར་ས་གནས་སྲིད་གཞུང་གི་མགོ་ཁྲིད་ཚོས་དྲུག་བཞིའི་མར་མེ་ཁྲོམ་སྐོར་ལས་འགུལ་སྤེལ་རྒྱུ་དེ་ས་གནས་ཀྱི་ཁྲིམས་སྒྲིག་དང་འགལ་ཡོད་སྐོར་བརྗོད་དེ་ལས་འགུལ་སྤེལ་མི་ཆོག་པ་བཟོས་ཡོད་འདུག ད་ལྟའི་ཆར་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཟེར་བའི་ཁྲིམས་ཡིག་འོག་ཧོང་ཀོག་གི་ལས་འགུལ་བ་ ༡༠༠ ཡས་མས་ཤིག་འཛིན་བཟུང་བཀག་ཉར་བྱས་ཡོད་ཅིང་། མར་མེ་ཁྲོམ་སྐོར་ལས་འགུལ་གོ་སྒྲིག་བྱེད་མཁན་ཧོང་ཀོང་མནའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཚོགས་མི་གཙོས་པའི། དུས་རྒྱུན་ལས་འགུལ་དེར་མཉམ་ཞུགས་ཀྱིས་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་དམངས་གཙོ་དོན་གཉེར་བ་ཕལ་ཆེ་བ་འཛིན་བཟུང་བཀག་ཉར་ཡོད་པའམ། རེ་འགའ་ཉེན་ཡོལ་སླད་ཕྱི་རྒྱལ་ཁག་ཏུ་བྲོས་ཟིན་ཡོད་པ་རེད། འདས་ལོར་ཧོང་ཀོང་གཞུང་གིས་ཐེངས་དང་པོར་དྲུག་བཞི་རྗེས་དྲན་གྱི་མར་མེ་ཁྲོམ་སྐོར་ལས་འགུལ་དེ་འཚོག་མི་ཆོག་པའི་བཀའ་བཏང་ཡོད་ནའང་། ཉིན་དེར་ཧོང་ཀོང་གི་མི་མང་སྟོང་ཕྲག་བརྒལ་བ་ཝིག་ཊོ་རི་ཡ་སྤྱི་གླིང་དུ་འཛོམས་ཏེ་རྗེས་དྲན་གྱི་མར་མེ་བསྒྲོན་ཡོད་པ་རེད།

བྷི་བྷི་སི་གསར་ཁང་ལྟར་ན། དེ་རིང་ཧོང་ཀོང་གཞུང་གིས་གྲོང་ཁྱེར་གྱི་རྒྱ་ལམ་ཁག་ཏུ་ཉེན་རྟོག་པ་ ༧༠༠༠ ལྷག་འགྲེམ་འཇོག་བྱས་ཏེ། དྲུག་བཞི་རྗེས་དྲན་གྱི་ལས་འགུལ་ལ་དྲག་གནོན་བྱ་རྒྱུའི་རྣམ་འགྱུར་ཤུགས་ཆེར་བསྟན་ཡོད་ནའང་། འདས་པའི་ཉིན་གྲངས་འགའ་ཤས་གོང་ནས་ཧོང་ཀོང་གི་ལས་འགུལ་བ་དང་སྒྱུ་རྩལ་བ་རྣམས་ཀྱིས་ཐབས་མཁས་ཀྱི་ཐོག་ནས་དུས་དྲན་སྲུང་གཙི་བྱ་རྒྱུའི་འདུན་པ་བཏོན་པ་ལྟར། རེ་འགས་རང་ཁྱིམ་གྱི་གློག་གི་མཐུད་སྒོའི་སྟེང་དེ་རིང་གི་ཉིན་མོ་མཚོན་བྱེད་ཀྱི་ཨང་གྲངས་ ༦ དང་ ༤ འབྲི་དགོས་སྐོར་དང་། ཡང་སྒྱུ་རྩལ་བ་ཞིག་གིས་ཚད་གཞི་དཀྱུས་ལ་ ༦ དང་ཞེང་ལ་ ༤ ཅན་གྱི་གྲུ་བཞི་ནར་མོ་ཚོན་མདོག་ནག་པོ་ཅན་ཞིག་བཀོད་པའི་སྟོང་ཐུང་དཀར་གཙང་ཞིག་གྱོན་དགོས་པའི་བསམ་ཚུལ་བཏོན་འདུག་ལ། ཕལ་ཆེ་བས་རང་ཁྱིམ་གྱི་མདུན་དུ་མར་མེ་སྒྲོན་དགོས་པའི་རེ་སྐུལ་ཞུས་ཡོད་འདུག

རྒྱ་ནག་སྐམ་ས་ཆེན་མོ་ནང་མཚོན་ན་དུས་རྒྱུན་ནས་ཕྱི་ལོ་ ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་གནད་དོན་སྐོར་གླེང་སློང་བྱ་རྒྱུ་ཕར་ཟད། ཐ་ན་དེ་དང་འབྲེལ་བའི་གནད་དོན་དང་ཅ་དངོས་སོགས་ཀྱི་སྐོར་གླེང་སློང་བྱ་ཆོག་གི་མེད་པ་རེད། དེ་རིང་ལྟ་བུར་མཚོན་ན་རྒྱ་ནག་གཞུང་གིས་དམར་གསོད་ཆེན་མོ་དེ་ཉིད་རྗེས་དྲན་གྱི་མཚོན་བྱེད་གཙོ་བོར་གྱུར་བའི་ཨང་ཀི་ ༦ དང་ ༤ ཡང་དྲ་ལམ་སོགས་ནས་བཀག་སྡོམ་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

༢༠༢༥/༠༧/༠༥
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༧/༠༥
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese