མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་བཟང་ཕྱོགས་སུ་སྐྱོད་ཚུལ་སྐོར་བགྲོ་གླེང་མཛད།

བོད་ཀྱི་དུས་བབ།
༢༠༢༡/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཚན་རིག་པ་ཚད་ལྡན་ཞིག་ལ་ཆ་བཞག་ན་འགྲོ་བ་མི་སྤྱིའི་བདེ་སྡུག་སྐོར་ལ་དགོངས་པ་བཞེས་ཀྱི་རེད་མ་གཏོགས་ངའི་རྒྱལ་ཁབ་དང་ང་ཚོའི་ཆོས་ལུགས་ཟེར་བའི་བསམ་བློ་གཙོ་བོ་འཛིན་གྱི་མ་རེད་ཅེས་གསུངས།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་ཡུ་རོབ་ཀྱི་སེམས་དང་སྲོག་གི་ཚོགས་པའི་གོ་སྒྲིག་འོག ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད། ཚན་རིག་པ་སྐོར་ཞིག་དང་ལྷན་དུ་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཅི་ལི་(Chile) ནས་ཡིན་པའི་སྐྱེ་དངོས་རིག་པ་བ་དང་དབང་རྩའི་ཚན་རིག་པ་འདས་པོ་སྐུ་ཞབས་ཧྥ་རན་སི་ཁོ་ཝ་རེ་ལ་ (Francisco Varela) ལགས་ལ་རྗེས་དྲན་དང་འབྲེལ། འཛམ་གླིང་བཟང་ཕྱོགས་སུ་སྐྱོད་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་བགློ་གླེང་མཛད།

བགྲོ་གླེང་སྟེང་སྐུ་ཞབས་ཧྥ་རན་སི་ཡི་སྐོར་ལ་༧གོང་ས་མཆོག་གིས། ངོས་རང་ལོ་ན་ཆུང་དུས་སྐབས་ནས་འཕྲུལ་ཆས་རིགས་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད། དེ་དུས་གློག་བརྙན་སྟོན་རྒྱུའི་འཕྲུལ་ཆས་ (Projector) ཤིག་ཡོད་པ་རེད། འཕྲུལ་འཁོར་འཁོར་བའི་ནུས་ཤུགས་ལ་བརྟེན་ནས་གློག་སྒྲུབ་པ་མཐོང་བས་འདི་ལ་དམིགས་བསལ་གྱིས་ཡིད་འཕྲོག་སྟེ་ཐོག་མའི་དབྱིངས་བསླེབས་སོང་། ཆུང་དུས་ནས་ནང་པའི་ལྟ་གྲུབ་སྐོར་སློབ་སྦྱོང་བྱས་ཡོད་པ་རེད། ཝ་རེ་ལ་ཐོག་མར་མཇལ་བའི་སྐབས་སུ་ཕྱོགས་གཅིག་ནས་ཁོ་རང་ཚན་རིག་པ་ཆགས་ཀྱི་ཡོད་པ་རེད། ཚན་རིག་པ་ཡིན་པ་ཙམ་དུ་མ་ཟད། ཕྱོགས་གཞན་ཞིག་ནས་ནང་ཆོས་ལ་དབྱིངས་ཡོད་པ་ཞིག་རེད་འདུག ང་ཚོ་གྲོས་མོལ་བྱེད་པའི་སྐབས་སུ་ནང་ཆོས་སྐོར་ལ་བཀའ་མོལ་ཞུས་པ་ཡིན་ན་ནང་པའི་ཞྭ་མོ་གྱོན་ནས་བཀའ་མོལ་ཞུ་ཡི་ཡིན་གསུང་གི་རེད། ཡང་ཚན་རིག་སྐོར་ཞུས་པའི་སྐབས་སུ་ཚན་རིག་གི་ཞྭ་མོ་གྱོན་ནས་བཀའ་མོལ་གནང་གི་རེད། ནང་ཆོས་ལ་དབྱིངས་ཡོད་པ་ཞིག་དང་ཚན་རིག་ལ་ཤེས་རྟོགས་ཡོད་མཁན་མི་འདི་ངོས་རང་ལ་དགོས་འདུག་དྲན་བྱུང། ངོས་རང་གི་ངོ་ཤེས་པའི་ནང་ནས་ཁོ་རང་ངོས་རང་གི་ཡིད་འཕྲོག་ས་ཞིག་ཆགས་ཀྱི་ཡོད་པ་རེད། ངོས་ཀྱི་སྡོད་ཁང་ནང་ག་དུས་ཡིན་རུང་ཁོང་གི་སྐུ་པར་ཉར་ནས་བསྡད་ཡོད། ཅེས་གསུངས་ཡོད་འདུག

མགོན་པོ་ཁོང་གིས་མུ་མཐུད། སེམས་འདི་སྤྱང་གྲུང་དོད་པོ་ཞིག་རེད་འདུག དེ་ཡང་སོ་སོའི་ངོས་ནས་བསམ་བློ་གང་ཡིན་རུང་གཏང་རྒྱུ་ཡོད་པ་དང་སྒོམ་གང་ཡིན་རུང་བརྒྱབ་རྒྱུ་ཡོད་པ་ཞིག་འདུག དེ་ལ་བརྟེན་ནས་སེམས་ལ་བཟང་ཕྱོགས་ཀྱི་འགྱུར་ལྡོག་འགྲོ་ཡི་ཡོད་པ་དང་སྒོམ་བརྒྱབ་ནས་བསམ་བློ་བཟང་དུ་གཏོང་རྒྱུ་ཡོད་པ་ཞིག་རེད། བསམ་བློ་བཟང་ཕྱོགས་སུ་བསྐྱོད་པའི་དབང་གིས་ནང་གི་སེམས་ཀྱི་ཞི་བདེ་ཡོང་ཐུབ་ཀྱི་ཡོད་པ་རེད། དེ་ནས་རིམ་གྱིས་ཚན་རིག་པ་མང་པོའི་མཉམ་དུ་ཐུག་འཕྲད་བྱུང་བ་རེད། ཝ་རེ་ལ་ལགས་ཀྱིས་ཚན་རིག་དང་ཆོས་གཉིས་དཔུང་པ་མཉམ་གཤིབ་བྱས་ནས་འགྲོ་ཐུབ་ཀྱི་ཡོད་པའི་མིག་དཔེ་བསྟན་པ་རེད། ནང་པའི་ངོས་ནས་སྐྱེ་བ་ནས་སྐྱེ་བ་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། ངོས་ཀྱི་ངོ་ཤེས་པ་ཉེ་བའི་ནང་དུ་ཝ་རེ་ལ་སྐྱེས་ཡོད་པ་ཡིད་ཆེས་བྱེད་ཀྱི་ཡོད། ལས་ཀྱི་འབྲེལ་བ་ཡོད་དུས་སེམས་ནང་ལ་བག་ཆགས་ཀྱི་ཁྱད་པར་ཡོད་རེད་མ་གཏོགས་རྩ་བའི་འགྲོ་བ་སེམས་ཅན་ཡིན་པ་གཅིག་གྱུར་དང་འགྲོ་བ་སེམས་ཅན་ནང་ནས་མི་ཡིན་པ་གཅིག་གྱུར་རེད། ཁོ་རང་ངོས་ཀྱི་མི་ཚེ་འདིའི་ནང་དམིགས་བསལ་གྱི་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། ངོས་རང་ལོ་བཅུ་བཅོ་ལྔ་མུ་མཐུད་ནས་གནས་པ་ཡིན་ན་ཝ་རེ་ལ་དང་འབྲེལ་བའི་ཐོག་ནས་བཀའ་མོལ་གནང་ཐུབ་མཁན་ཞིག་འཕྲད་ཀྱི་རེད་བསམ་གྱི་འདུག དེར་བརྟེན། དེ་རིང་གོ་སྐབས་འདི་དང་བསྟུན་ནས་ཁོང་གི་རྗེས་དྲན་དང་འབྲེལ་ནས་ཁོང་གི་སྐོར་ལ་བཀའ་མོལ་ཞུ་རྒྱུ་བྱུང་བ་དགའ་པོ་ཡོད། ཁོང་གི་སྐུ་ཟླ་གྲོས་མོལ་ནང་ཕེབས་ཡོད་རེད། ཚང་མ་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ཞེས་གསུངས་གནང་སོང་།

ཡང་༧གོང་ས་མཆོག་གིས། འཛམ་གླིང་བཟང་ཕྱོགས་སུ་བསྐྱོད་ཚུལ་གྱི་བརྗོད་གཞི་འདི་ཞེ་དྲགས་གལ་ཆེན་པོ་རེད། ཕྱིའི་དངོས་པོའི་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་རེད། དེ་ཡང་གོ་མཚོན་གྱི་ཡར་རྒྱས་ཤུགས་ཆེན་པོ་ཕྱིན་ཡོད་རེད། ངའི་རྒྱལ་ཁབ་དང་ང་ཚོའི་མི་རིགས་ཟེར་བའི་བསམ་བློ་ཤུགས་ཆེན་པོ་ཕྱིན་ཡོད་དུས་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གཙོ་བོར་དམིགས་པའི་དགོངས་པ་བཞེས་སྟངས་ཆགས་ཀྱི་ཡོད་པ་རེད། འགྲོ་བ་མིའི་རིགས་གཞན་གྱི་ལྟ་བ་དང་དགོངས་པ་བཞེས་ཕྱོགས་ཀྱིས་བསམ་བློའི་ལངས་ཕྱོགས་མི་མཐུན་པ་ཡོད་དུས་དེ་དག་སོ་སོའི་དགྲར་འཛིན་གྱི་ཡོད་པ་རེད། ཚན་རིག་པ་ཚད་ལྡན་ཞིག་ལ་ཆ་བཞག་ན། འགྲོ་བ་མི་སྤྱིའི་བདེ་སྡུག་སྐོར་ལ་དགོངས་པ་བཞེས་ཀྱི་རེད་མ་གཏོགས་ངའི་རྒྱལ་ཁབ་དང་ང་ཚོའི་ཆོས་ལུགས་ཟེར་བའི་བསམ་བློ་གཙོ་བོ་འཛིན་གྱི་མ་རེད། དཔེར་ན་ཝ་རེ་ལ་ཁོང་གི་དགོངས་པ་བཞེས་ཕྱོགས་དེ་ག་རང་རེད། འཛམ་གླིང་འདིའི་ནང་ཕྱིའི་དངོས་པོ་ཡར་རྒྱས་ཤུགས་ཆེན་པོ་ཕྱིན་བསྡད་ཡོད་རེད་དེ། བསམ་བློའི་ནང་སོ་སོའི་ཕྱོགས་དེ་ལ་ཕྱོགས་རིས་ཀྱི་བསམ་བློ་ཤུགས་ཆེན་པོ་ཡོད་པ་དང་འདིའི་དབང་གིས་བདག་དང་གཞན་གྱི་ཕྱོགས་རིས་བྱས་ནས་རང་གི་ཕྱོགས་དང་གཞན་གྱི་ཕྱོགས་ཟེར་བའི་དགྲ་གཉེན་གྱི་ཕྱོགས་གཉིས་བཟུང་སྟེ་འཚོ་བའི་ནང་དུ་རང་ཕྱོགས་དང་གཞན་ཕྱོགས་ཀྱི་ཆ་གཉིས་ཡོང་གི་ཡོད་པ་རེད། རྒྱ་ཆེ་ས་ནས་བསམ་བློ་བཏང་བ་ཡིན་ན་དེ་འདྲའི་བསམ་བློ་གཏོང་ཕྱོགས་དེར་འགྱུར་བ་འགྲོ་རྒྱུ་ཡོད་པ་རེད། ངོས་རང་གི་རྩ་བའི་དམ་བཅའ་བཞི་ནང་ནས་གཅིག་འཛམ་གླིང་གི་འགྲོ་བ་མི་ཚང་མ་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་གཏོང་རྒྱུ་དེ་ཆགས་ཀྱི་ཡོད་པ་རེད། ང་ཚོ་གོ་ལ་འདིའི་ནང་ཕན་ཚུན་གཤིབ་ནས་སྡོད་དགོས་ཀྱི་ཡོད་རེད། དཔལ་འབྱོར་གྱི་ཐད་ནས་ཆ་བཞག་ན་རྒྱལ་སྤྱིའི་དཔལ་འབྱོར་ཆགས་བསྡད་ཡོད་པ་རེད། འཛམ་གླིང་གི་བྱང་ཕྱོགས་དང་ལྷོ་ཕྱོགས་གང་ཡིན་རུང་ཕན་ཚུན་འབྲེལ་བ་ཡོད་དུས་དཔལ་འབྱོར་གྱི་ཆ་ནས་འབྲེལ་བ་ཤུགས་ཆེན་པོ་རེད། གོ་ལའི་གནམ་གཤིས་འགྱུར་ལྡོག་སྒང་ནས་བསམ་བློ་བཏང་བ་ཡིན་ན་འཛམ་གླིང་གི་ཚ་དྲོད་རྒྱས་ཀྱི་ཡོད་པ་རེད། དེ་འདྲའི་དཀའ་ངལ་ཡོད་པའི་སྐབས་སུ་དཀའ་ངལ་དེ་ལ་གདོང་ལེན་མཉམ་དུ་བྱེད་དགོས་ཀྱི་ཡོད་རེད། ངའི་རྒྱལ་ཁབ་སོགས་ཕྱོགས་རིས་ཀྱི་བསམ་བློ་མ་བཏང་བར་གཅིག་གྱུར་གྱི་འདུ་ཤེས་ངེས་པར་དུ་འཆང་དགོས་ཀྱི་ཡོད་པ་རེད། ངོས་རང་བཙན་བྱོལ་དུ་བསླེབས་པ་ནས་བཟུང་རྒྱ་གར་དུ་བསྡད་པ་རེད། ལོ་རྒྱུས་ཐོག་ནས་རྒྱ་གར་དང་བོད་གཉིས་དམིགས་བསལ་གྱི་འབྲེལ་བ་ཡོད་པ་རེད། དེར་བརྟེན་གཅིག་གྱུར་གྱི་འདུ་ཤེས་རང་བཞིན་གྱི་ཡོང་གི་འདུག དེ་ཙམ་དུ་རྒྱལ་ཁབ་གཞན་ག་པར་ཕྱིན་རུང་མི་ཡིན་པ་གཅིག་གྱུར་གྱི་འདུ་ཤེས་ཀྱི་ཐོག་ནས་ཐུག་འཕྲད་བྱེད་ཀྱི་ཡོད། ང་ཚོས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བཟུང་ན་སེམས་ནང་ཞི་བདེ་ཡོང་གི་འདུག ཞེས་བཀའ་སློབ་སྩལ་གནང་སོང་།

བཀའ་འདྲི་བཀའ་ལན་གྱི་ལས་རིམ་ནང་ཝ་རེ་ལ་ཡི་དགོངས་པ་གཙོ་བོ་དེ་ཚན་རིག་པ་སྒེར་གྱི་མི་ཚེའི་ཉམས་མྱོང་དེ་ལ་དཔག་ནས་སེམས་ཀྱི་རང་བཞིན་འཚོལ་ཐབས་བྱེད་པའི་དགོངས་པ་ཡོད་པ་རེད། ཚན་རིག་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པ་རེད། ཚན་རིག་དང་ནང་པ་གྲོས་མོལ་བྱེད་པར་བརྟེན་ཚན་རིག་གི་ཐོག་ནས་སེམས་ཀྱི་དཔྱད་པ་བྱེད་སྟངས་ཀྱི་ཐོག་ནས་འགྱུར་བ་འགྲོ་ཡོད་པའི་སྐོར་ནས་བཀའ་འདྲི་ཞུས་པར། ཚན་རིག་དེ་ཕྱིའི་དངོས་པོ་ལ་དམིགས་པ་མ་གཏོགས་ལུས་པོ་ལ་ཆ་བཞག་ན་ཀླད་པས་དཔྱད་པ་བྱེད་ཀྱི་ཡོད་པ་རེད། ཀླད་པར་རྟེན་མཁན་གྱི་ཤེས་པ་དེ་གཟུགས་ཅན་མ་རེད། ཀླད་པ་རྩད་གཅོད་བྱས་ནས་ཤེས་པའི་འགྲོ་སྟངས་ཤེས་ཐུབ་རྒྱུ་ཁག་པོ་རེད། ཚན་རིག་པས་གཟུགས་ཅན་གྱི་སྒང་ལ་ཉམས་ཞིབ་བྱེད་ཀྱི་ཡོད་རེད། དེར་བརྟེན་ཚན་རིག་པའི་ངོས་ནས་དེའི་སྒང་ལ་དཔྱད་པ་བྱ་རྒྱུ་ཁག་པོ་རེད་དྲན་གྱི་འདུག རྒྱུ་མཚན་ནི་ཚན་རིག་པ་ཚོས་གཟུགས་ཅན་གྱི་སྒང་ལ་ཉམས་ཞིབ་བྱེད་ཀྱི་ཡོད་པས་རེད། འོན་ཀྱང་རྒྱ་གར་གྱི་གནའ་རབས་ནས་སེམས་ཁམས་རིག་པ་ཡོད་པ་དེ་གནད་འགག་ཆེན་པོ་རེད། ཀླད་པ་ལས་ལོགས་སུ་ཤེས་པ་ཡོད་པ་དེ་ལ་ཞིབ་ཚགས་པོས་དཔྱད་པ་བྱས་ཏེ་སེམས་ཀྱི་ཞི་བདེ་དང་ལུས་པོའི་འཕྲོད་བསྟེན་ལ་བསམ་བློ་བཏང་ནས་སེམས་ཀྱི་ཞི་བདེ་གོང་འཕེལ་གཏོང་བ་དང་། སེམས་མ་དུལ་བའི་ཆ་དེར་སེམས་རང་གིས་རྒྱུ་མཚན་དང་བསམ་བློ་བཏང་ནས་ཤུགས་ཆུང་དུ་གཏོང་རྒྱུ་གལ་ཆེན་པོ་རེད། འདི་ནི་སྐྱེ་བ་སྔ་ཕྱི་དང་ཆོས་ཀྱི་སྐད་ཆ་མ་རེད། འཕྲལ་དུ་སེམས་ལ་ཞི་བདེ་གང་འདྲ་དགོས་པ་དང་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་ནང་དུ་སེམས་ལ་ཞི་བདེ་གང་འདྲ་དགོས་ཀྱི་ཡོད་པ་དེ་སློབ་ཚན་བརྒྱུད་བསླབ་དགོས་པ་དེ་གལ་ཆེན་པོ་མཐོང་གི་འདུག ངོས་ཀྱི་རེ་བ་ལ་ཚན་རིག་གིས་དེའི་སྐོར་ལ་ཤེས་རྟོགས་བྱུང་སྟེ་རིམ་པས་སློབ་གྲྭར་སློབ་སྦྱོང་བསླབས་ན་དྲན་གྱི་འདུག ཞེས་བཀའ་ལན་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese