མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་དབྱིབས་འགོག་ཁབ་གཅིག་མཚུངས་སུ་ཐོབ་ཐབས་གནང་དགོས་པའི་གསུང་འཕྲིན་སྩལ། ་

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་སོགས་ཆོས་ལུགས་ཀྱི་དབུ་ཁྲིད་ཁག་ཅིག་ནས་སྟོབས་འབྱོར་ཞན་པའི་རྒྱལ་ཁབ་ནང་འགོག་ཁབ་བརྒྱ་ཆའི་ ༡ དང་སྟོབས་ལྡན་རྒྱལ་ཁབ་ནང་འགོག་ཁབ་ཀྱི་བརྒྱ་ཆའི་ ༨༣ བརྒྱབས་ཟིན་པའི་ཧེ་བག་དེ་སེལ་ཐབས་གནང་དགོས་པའི་གསུང་འཕྲིན་སྩལ།

དེ་རིང་ཕྱི་ཚེས་ ༡༡ ནས་ཉིན་གསུམ་རིང་དབྱིན་ཡུལ་གྱི་ཀར་བྷིས་མཚོ་ཁུལ་ (Carbis Bay) དུ། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་འདུ་འཚོག་གི་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་སོགས་འཛམ་གླིང་གི་ཆོས་ལུགས་ཀྱི་དབུ་ཁྲིད་ཁག་ཅིག་ནས་འཛམ་གླིང་གི་སྟོབས་འབྱོར་ཞན་པའི་རྒྱལ་ཁབ་ཁག་གི་ནང་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་སླེབ་ཐབས་བྱེད་དགོས་པ་དང་། ཏོག་དབྱིབས་གཉན་སྲིན་གྱི་རྣམ་པ་གཞན་ལ་འགྱུར་བར་སྔོན་འགོག་བྱེད་དགོས་སྐོར་གྱི་ཡོངས་ཁྱབ་གསུང་འཕྲིན་ཞིག་དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སི་ཇོན་སན་ (Boris Johnson) མཆོག་དང་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ཀྱི་མཚན་ཐོག་ལ་གནང་ཡོད་འདུག

ཡོངས་ཁྱབ་གསུང་འཕྲིན་དེའི་ནང་། ད་བར་འཛམ་གླིང་ཁྱོན་ཡོངས་སུ་འགོག་ཁབ་ས་ཡ་ ༩༠༠ ཙམ་བརྒྱབས་ཡོད་པའི་ཁྲོད་སྟོབས་འབྱོར་ཞན་པའི་རྒྱལ་ཁབ་ཀྱི་ནང་འགོག་ཁབ་བརྒྱ་ཆའི་ ༡ དང་སྟོབས་འབྱོར་ཅན་གྱི་རྒྱལ་ཁབ་ནང་འགོག་ཁབ་ཀྱི་བརྒྱ་ཆའི་ ༨༣ བརྒྱབས་ཟིན་ཡོད་པས། འཛམ་གླིང་གི་སྟོབས་འབྱོར་ཞན་པ་དང་སྟོབས་འབྱོར་ཅན་གཉིས་ཀྱི་འགོག་ཁབ་བརྒྱབས་ཡོད་མེད་ཀྱི་བར་སྟོང་ཉིན་རེར་ཆེ་རུ་འགྲོ་བཞིན་ཡོད་སྐོར་དང་། བར་སྟོང་དེ་ཆུང་དུ་གཏོང་རྒྱུ་དཔལ་འབྱོར་ལ་རག་ལུས་ཡོད་པ་དང་། སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་ནུས་ཤུགས་བཏོན་ཏེ་འགོག་ཁབ་མང་དུ་རྒྱག་ཐབས་དགོས་པ་མ་ཟད། འགོག་ཁབ་བཟོ་བསྐྲུན་གྱི་བདག་དབང་གཞན་ལ་སྤྲོད་པ་དང་བཟོ་བསྐྲུན་ཀྱི་ལག་ཤེས་དང་ཐོན་ཁུངས་མཉམ་སྤྱོད་བྱས་ཏེ་འགོག་ཁབ་ཀྱི་རིན་གོང་ཆུང་དུ་གཏོང་དགོས་སྐོར་གསུངས་འདུག

ཡང་ཡོངས་ཁྱབ་གསུང་འཕྲིན་དེའི་ནང་། འཛམ་གླིང་གི་ཆབ་སྲིད་ཀྱི་མགོ་ཁྲིད་ཚང་མས་རྒྱལ་ཁབ་སོ་སོའི་མི་མང་ལ་འགོག་ཁབ་རྒྱག་འདུན་བྱེད་ཀྱི་ཡོད་ནའང་། གོ་ལ་རང་བཞིན་གྱི་གཉན་རིམས་ཤིག་ལ་གདོང་ལེན་བྱེད་སྐབས་ང་ཚོ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་གཅིག་ཡིན་པའི་ངེས་ཤེས་རྙེད་དགོས་པ་མ་ཟད། མི་སྒེར་རེ་རེའི་བདེ་འཇགས་ནི་གོ་ལ་ཧྲིལ་བོའི་འགོག་ཁབ་ཇི་ཙམ་ལེགས་འགྲུབ་བྱུང་བར་འབྲེལ་བ་དམ་ཟབ་ཡོད་པས། འགོག་ཁབ་བཟོ་བསྐྲུན་གྱི་ནུས་ཤུགས་ཆེ་རུ་བཏང་བའི་ཐོག་ནས་ཏོག་དབྱིབས་གཉན་རིམས་ཀྱི་ཉེན་ཁའི་དུས་ཡུན་ཐུང་དུ་བཏང་སྟེ།  ཏོག་དབྱིབས་གཉན་སྲིན་གྱི་རང་བཞིན་ཉེན་ཁ་ཆེ་བའི་གཉན་སྲིན་གཞན་ཞིག་ཏུ་མི་འགྱུར་བའི་ཐད་སྔོན་འགོག་དང་འབད་བརྩོན་བྱེད་དགོས་སྐོར་དང་། སྟོབས་འབྱོར་ཞན་པའི་རྒྱལ་ཁབ་ཀྱི་མི་མང་ལ་འགོག་ཁབ་གང་ཐུབ་བརྒྱབ་རྒྱུ་ནི་བཟང་སྤྱོད་ཡིན་པ་ཙམ་དུ་མ་ཟད། གཉན་རིམས་ལ་གདོང་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། འགྲོ་བ་མིའི་སྒེར་གྱི་འཚོ་གནས་ནི་རང་ཉིད་ཀྱི་ཁྱིམ་མཚེས་ལ་འབྲེལ་བ་དམ་ཟབ་ཡོད་པས་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་བྱེད་པར་གང་མགྱོགས་གནད་ལ་འཁེལ་བའི་ལས་དོན་སྒྲུབ་དགོས་སྐོར་བཀོད་འདུག

རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ངོས་ནས་འཛམ་གླིང་གི་ཚོགས་སྡེ་ཁག་ལ་མཉམ་འབྲེལ་བྱས་ཏེ་འཛམ་གླིང་གང་སར་གཉན་རིམས་ལ་གདོང་ལེན་བྱེད་པའི་མཉམ་འབྲེལ་ ( Access to Covid-19 Tools Accelerator) ཞིག་བཙུགས་ཡོད་པ་དང་། མཉམ་འབྲེལ་དེས་འདས་པའི་ལོ་གཅིག་ལྷག་གི་རིང་འགོག་ཁབ་བགོ་འགྲེམས་དང་གཉན་རིམས་ཕོག་མཁན་ལ་བརྟག་དཔྱད། བཅོས་ཐབས་བྱེད་པར་རམ་འདེགས་ཤུགས་ཆེན་བྱེད་བཞིན་པར་འཛམ་གླིང་གི་ཆོགས་ལུགས་ཀྱི་དབུ་ཁྲིད་རྣམས་ནས་བསྔགས་བརྗོད་གནང་འདུག དེ་བཞིན་རྒྱལ་ཁབ་སོ་སོས་གཉན་རིམས་སྔོན་འགོག་བྱེད་བཞིན་ཡོད་ནའང་། རྒྱལ་ཁབ་མང་པོས་ནང་ད་ལྟའང་གཉན་རིམས་འགོས་ཁྱབ་རྒྱ་ཆེར་འགྲོ་བཞིན་ཡོད་སྟབས། སྲོག་རླུང་དང་སྨན་བཅོས་ཀྱི་མཁོ་ཆས་འདང་ངེས་མེད་པའི་དཀའ་ངལ་ཆེན་པོ་འཕྲད་དེ་འགྲོ་བ་མིའི་དཀའ་ཁག་མུ་མཐུད་གནས་བཞིན་ཡོད་སྐོར་དང་། ཉེ་ལམ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འདི་ལོའི་གཉན་རིམས་ཁྲོད་བྱུང་བའི་རྐྱེན་འདས་ཀྱི་གྲངས་ཚད་ནི་སྔོན་ལོ་ལས་མང་བ་ཡོང་ངེས་ཡིན་པའི་ཉེན་བརྡ་བཏང་ཡོད་སྟབས། དེ་ལྟ་བུའི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་མཉམ་འབྲེལ་ལ་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རོགས་དངུལ་འཕར་མ་གནང་སྟེ་གཉན་རིམས་ལ་གདོང་ལེན་བྱེད་དགོས་སྐོར་བཀོད་འདུག

ཡོངས་ཁྱབ་གསུང་འཕྲིན་དེའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་དབྱིན་ཡུལ་གྱི་ཡི་ཤུ་ཆོས་དཔོན་ཟུར་པ་རོའུ་ཝན་ཝེ་ལིམ་ (Rowan Williams) མཆོག ཊུར་ཀི་རྒྱལ་ཁབ་ཀྱི་ཡི་ཤུ་ཆོས་དཔོན་ (Emmanuel)མཆོག  ཡི་ཤུ་ལྷ་ཁང་ ༡༤༨ ཙམ་གྱི་མཉམ་འབྲེལ་ཚོགས་པ་འཛམ་གླིང་ལོ་ཐི་རམ་མཉམ་འབྲེལ་ (Lutheran World Federation) ཡི་དྲུང་ཆེ་མུར་ཊིན་ཇན་ཇི་ (Martin Junge) དང་། ལྷོ་ཨ་ཧྥི་རི་ཀའི་རྒྱལ་སའི་ཡི་ཤུ་ལྷ་ཁང་གི་ཆོས་དཔོན་ཐ་བྷོ་མག་གྷོ་བྷ་ (Thabo Makgoba) སོགས་འཛམ་གླིང་གི་ཆོས་ལུགས་ཀྱི་དབུ་ཁྲིད་དང་ཚོགས་པ་བཅས་ལྔ་ཡིས་མཚན་རྟགས་བསྐྱོན་གནང་ཡོད་འདུག

སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་ཐོག་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་། དཔལ་འབྱོར། ཏོག་དབྱིབས་གཉན་རིམས་དང་། ས་ཁམས་ཆབ་སྲིད་ཀྱི་གནད་དོན་སོགས་ཀྱི་ཐོག་གླེང་སློང་བྱ་རྒྱུ་ཡིན་འདུག་ལ། ཚོགས་པ་དེའི་ཁོངས་སུ་ཧྥ་རན་སི་དང་འཇར་མན། ཨ་རི། དབྱིན་ཇི། ཁེ་ན་ཌ། ཨེ་ཊ་ལེ། ཉི་ཧོང་བཅས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་ཡོད་པ་དང་། ཚོགས་ཆེན་ཐོག་རྒྱ་གར་དང་ཨོ་གླིང་། ལྷོ་ཀོ་རི་ཡ། ལྷོ་ཨ་ཧྥི་རི་ཀ། ཡུ་རོབ་མཐུན་ཚོགས་བཅས་ཀྱི་དབུ་ཁྲིད་ཁག་གདན་ཞུ་བྱས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese