མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་རྒྱལ་སྲུང་བློན་ཆེན་མཆོག་ལ་དྭགས་སུ་ཕེབས།

བོད་ཀྱི་དུས་བབ།
༢༠༢༡/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་རཱ་ཇི་ནཱ་ཐི་སིང་ (Rajnath Singh)མཆོག་ལ་དྭགས་སུ་ཕྱོགས་ཕེབས་གནང་སྟེ་ཉིན་གནིས་རིང་ས་གནས་སུ་ཡོད་པའི་རྒྱ་གར་གྱི་དམག་ཁུལ་ཁག་གི་དཔོན་རིགས་རྣམས་དང་ཐུག་འཕྲད་ཀྱིས་ས་མཚམས་ཁུལ་གྱི་དམག་དོན་ཐད་གཟིགས་ཞིབ་གནང་བཞིན་ཡོད་འདུག རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་བཞིན་པ་ལྟར་ན། འདས་ལོའི་རྒྱ་དཀར་ནག་གི་དམག་མིའི་གདོང་ཐུག་རྗེས་ཕྱོགས་གཉིས་དབར་གྲོས་མོལ་བྱེད་བཞིན་པའི་སྐབས་འདིར། རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་གྱི་ཕྱོགས་སྐྱོད་འདི་ནི་རྒྱ་དཀར་ནག་གི་དམག་མི་རྣམས་དཔལ་མགོན་མཚོ་ཁུལ་ནས་ཕྱིར་འཐེན་བྱས་རྗེས་ཀྱི་ཐོག་མ་དེ་ཡིན་པ་མ་ཟད། ད་ལན་གྱི་ཕྱོགས་སྐྱོད་སྐབས་རྒྱ་གར་གྱི་དམག་སྤྱི་ཆེན་མོ་མ་ནོ་ཇི་མུ་ཀུན་ཌི་ན་ར་ཝེན་(Gen. Manoj Mukund Naravane)ལགས་ཀྱང་ཕེབས་ཡོད་འདུག་ལ། རྒྱལ་སྲུང་ལྷན་ཁང་གིས་བསྒྲགས་པ་ལྟར་ན། དེ་རིང་རྒྱལ་སྲུང་བློན་ཆེན་མཆོག་ནས་རྒྱ་གར་གྱི་ས་མཚམས་ཀྱི་གཞུང་ལམ་འཛུགས་སྐྲུན་དོ་དམ་ལས་ཁུངས་(Border Roads Organization)ཀྱི་འཛུགས་སྐྲུན་ལས་གཞི་གསར་པ་ ༦༣ ལྷག་དབུ་འབྱེད་གནང་རྒྱུ་ཡིན་འདུག

འདས་ལོའི་ཕྱི་ཟླ་ ༥ པའི་ནང་འཕགས་བོད་ས་མཚམས་ཀྱི་གྷལ་ཝན་ལུང་གཤོངས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་ཁྲོད་ནས་ཕྱོགས་གཉིས་ཀའི་དམག་མི་ལ་ཤི་རྨས་ཚབས་ཆེར་བྱུང་རྗེས། ད་བར་རྒྱ་གར་དང་རྒྱ་ནག་དབར་ས་མཚམས་ཀྱི་རྩོད་རྙོག་ཞི་འཇགས་ཀྱི་ཆེད་དུ་ཕྱི་འབྲེལ་མི་སྣའི་སྐུ་ཚབ་ཀྱི་རིམ་པ་དང་། དམག་དོན་སྐུ་ཚབ་ཀྱི་རིམ་པ་བཅས་རིམ་པ་གཉིས་ཀྱི་སྟེང་ནས་གྲོས་མོལ་བྱེད་མུས་ཡིན་ལ། ད་བར་ཕྱོགས་གཉིས་ཀྱི་དམག་དོན་སྐུ་ཚབ་བར་ལ་གྲོས་མོལ་ཐེངས་ ༡༡ བྱས་ཟིན་ལ། འདི་ལོའི་ཕྱི་ཟླ་ ༢ པའི་ནང་གྲོས་མོལ་བརྒྱུད་དཔལ་མགོན་མཚོ་ཁུལ་དུ་འགྲེམ་འཇོག་བྱས་པའི་ཕྱོགས་གཉིས་ཀྱི་དམག་མི་དང་གོ་མཚོན་མེ་སྒྱོགས་རྣམས་ཕྱིར་འཐེན་བྱས་པ་མ་ཟད། དམག་གི་འཛིང་ར་རྣམས་མར་བཤིག་ཟིན་པ་རེད།

འོན་ཀྱང་ད་ལྟའི་ཆར་ལ་དྭགས་ཀྱི་ཤར་རྒྱུད་བྱང་ཆེན་མོ་རྒྱུག་ཆུ་ (Chang Chenmo River Valley) རྒྱུད་དུ་ཆགས་པའི་ས་ཁུལ་གསུམ་སྟེ། བཀའ་བློན་ཆུ་མིག(Hot Springs) གོག་ར་ (Gogra)། འདེབས་བཟང་ལ་ (Depsang La)
བཅས་ནང་རྒྱ་ནག་གིས་རང་གི་དམག་མི་རྣམས་ཕྱིར་འཐེན་བྱེད་ཀྱི་མེད་པའི་རྒྱུ་མཚན་གྱིས་ཁུལ་དེར་ད་དུང་ཕྱོགས་གཉིས་ཀྱི་དམག་མི་རྣམས་གནས་མུས་ཡིན་པ་རེད། ཉེ་ཆར་རྒྱ་གར་དམག་སྤྱི་ཆེན་མོས་རྩོད་རྙོག་འབྱུང་སའི་ས་ཁུལ་ཚང་མ་ནས་དམག་མི་དང་གོ་མཚོན་ཕྱིར་འཐེན་མ་བྱས་བར་དུ་རྩོད་རྙོག་ཞི་འཇགས་ཡོང་ཐབས་མེད་པ་དང་། རྒྱ་གར་གྱི་དམག་མི་རྣམས་ངེས་གཏན་མེད་པའི་འབྱུང་འགྱུར་གྱི་གནས་ཚུལ་གང་ལའང་གྲ་སྒྲིག་ཨང་གསར་ཡིན་སྐོར་བརྗོད་འདུག ཡང་ཉེ་ཆར་ཕྱི་ཚེས་  ༢༥ ཉིན་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་མི་སྣའི་གྲོལ་མོལ་སྐབས་མི་རིང་བར་དམག་དོན་སྐུ་ཚབ་ཀྱི་གྲོས་མོལ་ཞིག་ཚོགས་ཏེ་ད་ཡོད་ཀྱི་རྩོད་རྙོག་ལྷག་འཕྲོ་རྣམས་ཞི་འགྲིག་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུགགཞན་ཡང་། རྒྱ་གར་གྱི་གསར་ལམ་ཁག་ཏུ་དེ་འབྲེལ་གྱི་གནས་ཚུལ་ཞིག་ཐོན་པ་ལྟར་ན། རྒྱ་གར་གྱིས་འདས་པའི་ཟླ་བ་འགའ་ཤས་ནང་འཕགས་བོད་ས་མཚམས་སུ་ཁྱོན་དམག་མི་ཁྲི་ ༥ ལྷག་ཁ་སྣོན་བྱས་ཏེ། ད་ལྟ་ཧིན་བོད་ས་མཚམས་ཁུལ་དུ་རྒྱ་གར་གྱི་དམག་མི་འབུམ་ ༢ ལྷག་འགྲེམ་འཇོག་བྱས་ཡོད་འདུག དམག་གི་གྲངས་འབོར་དེ་ནི་སྔར་ལོ་དང་བསྡུར་བརྒྱ་ཆ་ ༤༠ ཡིས་མང་བ་ཡིན་འདུག སྤྱིར་རྒྱ་གར་རང་བཙན་ཐོབ་པ་བཟུང་ད་བར་རྒྱ་གར་གྱི་རྒྱལ་སྲུང་གི་དམིགས་གཏན་གཙོ་བོ་དེ་ཁྱིམ་མཚེས་རྒྱལ་ཁབ་པཱ་ཀི་སི་ཐན་ཡིན་ནའང་། ད་ལྟའི་རྒྱ་གར་གྱི་རྒྱལ་སྲུང་སྲིད་ཇུས་དེ་རྒྱ་ནག་ལ་གཞོལ་ཆེ་བ་དང་། དེ་སྔ་ཡིན་ན་རྒྱ་གར་གྱིས་འཕགས་བོད་ས་མཚམས་སུ་དམག་མི་དང་གོ་མཚོན་འགྲེམ་འཇོག་རྣམས་རྒྱ་ནག་གི་བཙན་འཛུལ་ལམ་དམག་དོན་བྱ་འགུལ་ལ་བཀག་འགོག་དང་ཚོད་འཛིན་བྱ་ཆེད་ཁོ་ན་ཡིན་ནའང་། འདས་པའི་ལོ་གཅིག་ནང་རྒྱ་གར་གྱི་འཕགས་བོད་ས་མཚམས་ཁུལ་སྤྱི་དང་། ལྷག་པར་དུ་ལ་དྭགས་ཁུལ་དུ་འཐབ་འཁྲུག་གནམ་གྲུ་དང་། མེ་སྒྱོགས་གསར་བ་ཁ་སྣོན་བྱས་ཏེ་རྒྱ་ནག་ལ་ཕར་རྒོལ་བྱེད་པའི་ནུས་པ་མཐོར་འདེགས་བྱེད་མུས་སྒང་རེད།

ད་ལྟ་འཕགས་བོད་ས་མཚམས་ཀྱི་བོད་ཕྱོགས་སུ་རྒྱ་ནག་གིས་དམག་མི་ཇི་ཙམ་འགྲེམ་འཇོག་བྱས་ཡོད་མེད་གསལ་ཁ་མེད་ནའང་། འདས་པའི་ལོ་ཤས་ནང་རྒྱ་ནག་གིས་ལ་དྭགས་དང་ས་འབྲེལ་ཆགས་པའི་མངའ་རིས་ཁུལ་དུ་གཞི་རྒྱ་ཆེ་བའི་དམག་སྦྱོང་ལས་གཞི་སྤེལ་བ་དང་། དེ་བཞིན་ས་འབབ་ལ་གཞིགས་ཏེ་ལ་ངོར་འཛེགས་ཐུབ་པ་དང་། འཕེན་ཤུགས་ཆེ་བའི་མེ་སྒྱོགས་གསར་བ་འགྲེམ་འཇོག་དང་། ས་མཚམས་ཁུལ་དུ་འཐབ་འཁྲུག་གནམ་གྲུ་འཇོག་སའི་ས་ཚིགས་འཛུགས་སྐྲུན་དང་། ཉེ་ཆར་རྒྱ་ནག་བཅིངས་གྲོལ་དམག་ཟེར་བས་འཕགས་བོད་ས་མཚམས་སུ་ཉེན་སྲུང་བྱེད་མཁན་གྱི་ཤིན་ཅང་དམག་ཁུལ་ཁང་ (Xinjiang Military Command)ལ་དམག་མི་ཁ་སྣོན་བྱས་པ་སོགས་རྒྱ་ནག་ཕྱོགས་ནས་ཀྱང་དམག་དོན་གྱི་བྱ་འགུལ་སྔར་བས་ཤུགས་ཆེར་སྤེལ་བཞིན་པ་མངོན་གསལ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese