མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་ཀྱི་འགོ་ཁྲིད་ལ་རང་གི་ལྟ་བ་དང་ལངས་ཕྱོགས་ཡོད་དགོས།

བོད་ཀྱི་དུས་བབ།
༢༠༢༡/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཤར་ཕྱོགས་ཁུག་རྟ།

ག་བ་གང་ས་ནས་ཁྲོ་བ་དང། བབ་ཆགས་པ་སོགས་རྣམ་པ་ཅི་རིགས་ནས་སྤེན་པ་ཚེ་རིང་གིས་ཆབ་སྲིད་ཐད་ནོར་ལན་ཆེན་པོ་གཉིས་བརྒྱབས་འདུག ཁྱོད་ཀྱིས་དཔྱད་གཏམ་མི་སྤེལ་དོན་ཅི་ཡིན། ད་བྱས་དུས། ཁྱོད་ཀྱི་དཔྱད་གཏམ་སྤེལ་ཡུལ་སྲིད་སྐྱོང་མིན་པར་གང་ཟིག་ཅིག་སྟེ། བློ་བཟང་སེང་གེ་ཁོ་ན་རེད་འདུག་ག་ཞེས་ཚོགས་གཏམ་གཏོང་མཁན་མང་པོ་བྱུང་། དེ་ནི་གཏན་ནས་མ་རེད། སྲིད་སྐྱོང་གསར་པས་༸སྐུའི་ཡང་སྲིད་དང་ཐའེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་འཚམས་ཞུའི་ཐད་ལན་བསྐྱོན་པའི་སྐོར་ལ་ཡུན་རིང་བསམ་བློ་བཏང་པ་ཡིན། དེ་ལ་བརྟེན་ནས་ངས་རྒྱ་བོད་འབྲེལ་མོལ་དང་། ཐའེ་བོད་བར་གྱི་ཡིག་ཚགས་མང་པོར་བསྐྱར་དུའང་བལྟས་པ་ཡིན། ང་ལ་དེའི་ཐད་བསམ་ཚུལ་རྡོག་རྡོག་གཉིས་ཡོད།

༡ སྲིད་སྐྱོང་སྤེན་ཚེས་༸སྐུའི་ཡང་སྲིད་ཆེད་གྲོས་བསྡུར་ཞུ་ཆེད་༸གོང་ས་མཆོག་རྒྱ་ནག་ཏུ་གདན་འདྲེན་ཞུ་དགོས་གསུངས་ཡོད་པའི་དབང་དུ་བཏང་ནའང་། སྐད་ཆ་དེའི་དོན་རྩ་{གྲོས་བསྡུར་}ཡིན་པ་ལས་{ཐག་གཅོད་} མ་རེད། དེ་སྔ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཐད་ཀྱང་རང་གཞུང་གིས་རྒྱ་ནག་གཞུང་དང་མཉམ་གྲོས་བསྡུར་གནང་ཡོད། དེ་མ་ཟད། བོད་ཀྱི་དཀའ་ངལ་རྒྱ་ནག་གཞུང་དང་གྲོས་བསྡུར་མ་ཡིན་པའི་ལམ་གཞན་ནས་བསལ་ཐབས་མེད། ༸གོང་ས་མཆོག་པཎ་ཆེན་རིན་པོ་ཆེ་ལྟར་ཆོས་ཕྱོགས་ཀྱི་བླ་ཆེན་ཙམ་མིན་པར། བོད་མི་རིགས་ཀྱི་སེམས་ཀྱི་གཙོ་འཛིན་དང་བླ་སྲོག་གི་ངོ་བོར་གྲུབ་ཡོད་པས། ༸ཁོང་གི་མ་འོངས་པ་ནི་བོད་ཀྱི་མ་འོངས་པ་ཡིན་སྟབས་བོད་རྒྱའི་མ་འོངས་འགྲིག་ཆགས་ཡོང་ཐབས་ཀྱི་གྲོས་བསྡུར་ཞུ་དུས་ཤིག་དངོས་སུ་ཤར་ཚེ། ཡང་ན་{བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་} སྐོར་རྒྱ་ཕྱོགས་ནས་ལྷག་བསམ་ཟོལ་མེད་ཀྱིས་གྲོས་བསྡུར་གནང་སྟེ་དོན་སྨིན་བྱུང་ན། ༸གོང་ས་༸སྐྱབས་མགོན་ཆེན་པོའི་༸སྐུའི་ཡང་སྲིད་ཐད་ཀྱང་ཆབས་ཅིག་གྲོས་བསྡུར་མི་གནང་ཐབས་མེད་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུའི་ཡང་སྲིད་དང་བོད་ཀྱི་མ་འོངས་པ་གཉིས་སོ་སོར་བགར་ཐབས་དང་ཁ་བྲལ་བྱེད་ཐབས་གཏན་ནས་མེད་པས་གནད་འགག་ལ་གཟིགས་ཕྱོགས་མ་ནོར་བ་དགོས། བོད་ཀྱི་གནད་དོན་འགྲིག་ཆགས་འབྱུང་རྒྱུར་རྒྱ་ནག་གཞུང་དང་མཉམ་དུ་གྲོས་བསྡུར་མ་ཡིན་པའི་ཐབས་གཞན་ཞིག་གནམ་སའི་བར་དུ་བློ་མིག་ལྡན་པ་ཀུན་གྱིས་དུས་གཅིག་ཏུ་ལོ་བརྒྱར་བཙལ་ཡང་རྙེད་རྒྱུ་མེད་ལ། གྲོས་བསྡུར་བྱེད་པ་དེས། བདག་དབང་སྤྲོད་པ་དང་མགོ་འདོགས་པ་ནམ་ཡང་མཚོན་ཐུབ་མེད། དུས་རབས་ཉེར་གཅིག་པ་འདི་བཞིན་ཞི་བདེ་དང་གྲོས་མོལ་གྱི་དུས་རབས་ཤིག་ཆགས་དགོས་པ་༸གོང་ས་མཆོག་གཙོས་ཚད་ལྡན་དབུ་ཁྲིད་རྣམས་ཀྱི་དགོངས་པ་ཡིན་པས། གྲོས་མོལ་གྲོས་བསྡུར་གྱི་ཐབས་ཚུལ་ནི་གཟེངས་སུ་ཐོན་པར་མི་བརྩི་རང་བརྩི་ཡིན། གྲོས་བསྡུར་གྱི་རིམ་པ་དང་གྲོས་དོན་གཏན་འབེབས་ཀྱི་མཐའ་མའི་ཐག་གཅོད་ཀྱི་བདག་དབང་གཉིས་ནམ་ཡང་དཀྲུག་དཀྲུག་གཏོང་རྒྱུ་མེད། མཉམ་བསྲེས་གནང་རྒྱུ་མེད། མི་མང་རྣམས་དེ་ལྟའི་མགོ་ཉོག་གི་ལམ་དུ་ཁྲིད་མི་རུང་། འཁྲིད་ན་ཤེས་ཡོན་པར་ག་ལ་བརྩི་སྟེ། ཐ་ན་མི་ཚད་ལྡན་ཞིག་ལའང་བརྩི་ཐབས་མེད། གལ་ཆེ་ཤོས་ནི་ཆབ་སྲིད་དཔྱད་གཏམ་སྤེལ་དུས་རྒྱབ་ལྗོངས་སུ་ཀུན་སློང་ཅི་ཞིག་འཁྱེར་མིན་དང་། དམིགས་ཡུལ་གང་ཞིག་ལ་ཁ་གཏད་དེ་གླེང་སློང་ཞུ་མིན་ནི་གང་ཟག་མི་རེ་ངོ་རེར་རག་ལས་པས། ཚང་མར་བསམ་ཚུལ་གཅིག་མཐུན་ཡོང་དགོས་དོན་མེད་ལ། ཡོང་གིའང་མ་རེད། འོན་ཀྱང་རྩ་དོན་ནི་ནམ་ཡང་སྤྱི་པ་བློས་མི་གཏོང་ཞིང་དབུས་སུ་འཇོག་པ་དེ་རེད། དེའི་ཆ་ནས། བཀའ་ལན་འདི་ལ་རྒྱབ་སྐྱོར་ཡོད་མེད་ཀྱི་བསམ་ཚུལ་གཞན་གྱི་བསླུ་བྲིད་མ་ཐེབས་པ་ཚང་མར་གུས་བརྩི་ཡོད། ཡང་གཅིག་བྱས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་༸སྐུའི་ཡང་སྲིད་ཐད། ད་ལྟའི་གནས་སྟངས་དང་འཚམ་པའི་བྱེད་ཕྱོགས་སྐོར། སྲིད་སྐྱོང་གསར་པར་བཀའ་མོལ་བྱུང་མེད་ཅེས་ང་དང་ང་ལྟ་བུས་ཁ་མཚོན་གཅོད་དཀའ། དེའི་རྐྱེན། དཔྱད་ཞིབ་ཚད་ཐུབ་བསྟེན་རྒྱུ་ལས་གནམ་རྡིབ་སེམས་ཁྲལ་མ་གནང་ན་ཡག

བོད་རྒྱ་འབྲེལ་མོལ་ཐད། ཏིན་ཞའོ་ཕེན་གྱི་དུས་སྐབས་བཟང་པོ་ཤོར་བཅུག་པའི་གྱོང་གུད་ནི་བསབ་ཐབས་མེད་པ་ཞིག་རེད་ཅེས་གུས་ནས་རྟག་ཏུ་དྲན་ཅིང་བཤད་ཀྱི་ཡོད། ཏིན་གྱིས་རྒྱ་ནག་ཁྱོན་ཡོངས་ལ་དེང་རབས་ཅན་དང་མཐུན་པའི་བསྒྱུར་བཅོས་དང། ཕྱི་ཕྱོགས་སྒོ་འབྱེད་བྱས་པ། དམིགས་བསལ་ས་ཁུལ་ཁག་ཅིག་ལ་མའོ་ཙེ་ཏུང་དང་མར་ལེའི་དགོངས་པ་བཞིན་ཕྱིན་ན་མི་མང་གི་འཚོ་བ་ཡར་རྒྱས་ཡོང་དཀའ་བར་གདོང་འཕྲད་སྐབས་སྲིད་བྱུས་གསར་བཟོའི་ལམ་ནས་དངོས་ཐོག་བདེན་འཚོལ་ལ་གཞི་བཅོལ་ཏེ་ལས་དོན་ཐབས་ཚུལ་རྣམས་ཚ་ཚ་འུར་འུར། མགྱོགས་ལ་ཆོད་སེམས་བརྟན་པོས་རྒྱ་ནག་དག་སྒྲིག་བྱས་པའི་ལས་རིམ་ནང་བོད་དོན་ཚུལ་བཞིན་མ་ཚུད་པ་ནི་འགྱོད་པའི་གཞིར་ཟད། རྒྱ་བོད་ཕྱོགས་གཉིས་ཀྱི་འབྲེལ་མོལ་བརྒྱུད་དུས་གཅིག་ལ་ལས་དོན་ཐམས་ཅད་འགྲུབ་དཀའ་པས། འབྲེལ་མོལ་རིམ་བསྟུད་དུ་གནང་དགོས་ལ། འཚམས་འདྲི་དང་གཟིགས་སྐོར། རིག་གཞུང་བརྗེ་རེས་སོགས་གཞིས་བྱེས་འབྲེལ་བ་ཇེ་ལྷུག་ཏུ་གཏོང་རྒྱུ་དུས་ཀྱི་དགོས་མཁོར་གྱུར་ཡོད་ལ། སྔ་འཕྲོས་གཉིས་སྨན་གྲོས་མོལ་ཞིག་མ་བྱུང་ནའང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རི་བོ་རྩེ་ལྔར་གནས་གཟིགས་དང་། རྒྱ་རིགས་དད་ལྡན་མི་མང་ལ་གསུང་ཆོས་སྩོལ་རྒྱུ། གཞིས་ལུས་རྒྱ་ཆེ་མི་མང་ལ་ཆོས་འབྲེལ་མཇལ་ཁ་སྩོལ་རྒྱུ་སོགས་ཀྱི་ཆེད་ངེས་པར་རྒྱ་ནག་དང་བོད་དུ་སང་ཉིན་ལས་དེ་རིང་ཆིབས་བསྒྱུར་གནང་ཐུབ་རྒྱུར་བོད་མི་ཚོས་ནུས་ཤུགས་བཏོན་ཏེ། སྨོན་ལམ་སྐུ་རིམ་ཚུན་རྟག་ཏུ་བསྒྲུབ་དགོས་པ་ཡིན་ལ། ནམ་ཡང་གནད་དོན་གང་རུང་ལ་ཁག་དཀྲིས་ཏེ་རྒྱ་ནག་ཏུ་ཆིབས་བསྒྱུར་གནང་རྒྱུར་བར་ཆད་བྱས་པ་ཡིན་ན། དེ་ལས་ལྷག་པའི་འཐུས་ཤོར་དང་གྱོང་གུད་མེད་པ། འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་བླངས་ཏེ་ཡིད་གཟབ་དགོས་པ་ཡིན། བོད་ལ་ངེས་དོན་ཤ་ཚས་རྒྱབ་སྐྱོར་གནང་མཁན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་མི་སྒེར་སོགས་ཅི་རིགས་ཀྱིས་ཀྱང་གནད་འདི་ལ་རྒྱབ་སྐྱོར་གནང་པ་ཡིན་ན། དེ་ལས་ལྷག་པའི་བོད་མི་རིགས་ལ་རྒྱབ་སྐྱོར་ཁ་ཚ་དགོས་གཏུག་ཅིག་མེད་ལ། འཕྲལ་ཕུགས་གང་སར་དགེ་བའི་རྒྱབ་སྐྱོར་གཉིས་པ་མེད་པའང་དེ་ཡིན་པས། ད་ལྟ་བཀའ་ཤག་གསར་པས་ངེས་པར་༸དགོངས་བསྟུན་གྱིས་བཟང་ཐག་ངན་ཐག་ཆོད་པ་ཞིག་གནང་དགོས་པའི་དུས་ལ་བབས་ཡོད་སྙམ།

༢ སྲིད་སྐྱོང་སྤེན་ཚེས་ཐའེ་ཝན་ཕྱི་སྲིད་ཀྱི་འཚམས་འཕྲིན་ལ་གཞུང་འབྲེལ་གྱི་ལན་ཕུལ་མེད་ཅེས་གསུངས་པ་དེ། གཅིག་བྱས་ན་བཅའ་ཁྲིམས་དོན་ཚན་ ༢༠ དགོངས་དོན་འོག ཆབ་སྲིད་དབུ་ཁྲིད་བཀའ་ཤག་ལྷན་འཛོམས་འབྱུང་རྒྱུར་སྒུག་ཡོད་སྲིད། གལ་སྲིད་དེ་ལྟར་མིན་ནའང་། ཐའེ་ཝན་ཕྱི་སྲིད་ལྷན་ཁང་དང་ཐའེ་ཝན་གཞུང་ཞེས་མཚན་འབོད་གནང་པ་ཙམ་གྱིས་རྒྱ་ནག་གཞུང་ལ་ངོ་སྲུང་བྱས་མེད་པ་སྒྲུབ་ཐུབ། གནད་དོན་འདི་ལྟ་བུར་སྲིད་སྐྱོང་ལ་ཆབ་སྲིད་ཀྱི་གཏིང་ཟབ་པའི་རང་གི་ལངས་ཕྱོགས་དང་ཐག་གཅོད་ཡོད་དགོས་ལ། ཡོད་དབང་མི་མང་གིས་ཀྱང་ཕུལ་ཡོད། མི་མང་གི་དགོངས་ཚུལ་རྣམས་རྣམ་པ་ཐམས་ཅད་དུ་བདེན་མིན་ཡོང་བཞིན་པས། འགོ་ཁྲིད་ནི་ཇི་གསུང་བཀའ་སྒྲུབ་ཞུ་མཁན་ལས། སྒྲུབ་ཐུབ་མིན་གྱི་གནད་འགག་མི་མང་ནང་གསལ་དཀྲོལ་གནང་ཐུབ་མཁན་ཞིག་བྱུང་ན་གདེང་རྙེད། ཕུགས་འཁྱོལ་བ་ཞིག་ཡོང་ངེས། མ་གཞི་ནས་ཐའེ་ཝན་མང་གཙོ་ཚོགས་པར་གཞུང་འཛིན་ལ་ཐེངས་ ༢ རྒྱལ་ཁ་ཐོབ་ཟིན། སྲིད་འཛིན་ལྕམ་སྐུ་ཚཱན་ཡེས་ཝུན་མཆོག་དེ་སྔ་སྲིད་འཛིན་མ་གནང་སྔོན་ ༸གོང་ས་མཆོག་ལ་མཇལ་ཟིན། བོད་ཀྱི་སྐོར་རྒྱུས་མངའ་ཆེ་ཡང་། སྲིད་འཛིན་གནང་ནས་ལོ་འདི་དག་གི་རིང་༸གོང་ས་མཆོག་གདན་ཞུའི་སྐད་ཆ་མང་པོ་བྱུང་ཡང་དོན་ཐོག་ཏུ་འཁྱོལ་མེད་ལ། ཐའེ་ཝན་གྱི་བླ་མ་སོགས་མི་སྣ་སྒེར་པས་ཀྱང་༸གོང་ས་མཆོག་ཐའེ་ཝན་དུ་གདན་འདྲེན་ཞུ་རྒྱུར་གཞུང་ནས་རྒྱབ་སྐྱོར་བྱས་མེད། དེ་ལ་བོད་མི་སུ་ཡིན་ཡང་བློ་ཕམ་མེད་པ་ག་ལ་སྲིད། གུས་ནས་དེ་སྔ་ཐའེ་ཝན་ཤེས་རིག་བློན་ཆེན་གཞོན་པ་དང་སྲིད་བློན་ལས་ཁུངས་ཀྱི་མགྲིན་ཚབ་པར་ཐུག་འཕྲད་སྐབས་དེའི་ཐད་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་གནང་དགོས་པའི་རེ་བ་བཏོན་མྱོང་། ལྕམ་ཚཱན་ལགས་སྲིད་འཛིན་ཆགས་ནས་ད་བར་དྲྭ་རྒྱའི་བརྒྱུད་ལམ་ཙམ་ནས་ཀྱང་༸གོང་ས་མཆོག་ལ་མཇལ་ཁ་ཞུས་མེད། མཇལ་འཕྲད་ལ་ཆབ་སྲིད་ཀྱི་ནང་དོན་ངེས་པར་ཡོད་ག་ལ་དགོས། ༸གོང་ས་མཆོག་ནི་རྒྱལ་སྤྱིའི་ནང་མཚན་མཐོང་དང་མཁས་མཛངས་བླ་རུ་འབར་པ་ཞིག་ཡིན་པ་མ་མཁྱེན་པའང་ག་ལ་སྲིད། གནད་དེ་དག་ལ་བསམས་ཚེ། སྲིད་སྐྱོང་གསར་པའི་བཀའ་ལན་དེར་རྒྱབ་ལྗོངས་མེད་པ་དང་ནང་དོན་མེད་པ་ཡིན་མི་སྲིད། དེ་མ་ཟད། མང་གཙོ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་རྡ་སར་བཅར་སྐབས་གུས་སོགས་མི་སྣ་ཁག་མཇལ་འཛོམས་བྱུང་སྐབས་ད་ལྟའི་སྲིད་སྐྱོང་གསར་པའང་ཡོད་ལ། སྐབས་དེར་ད་ལྟའི་སྲིད་སྐྱོང་དང་ཚོགས་པའི་དྲུང་ཆེ་བར་བཀའ་མོལ་ལྷུག་པོ་བྱུང་ཡོད། དེ་ཉིན་བཀའ་མོལ་ལས་སྲིད་སྐྱོང་གསར་པ་ཐའེ་བོད་འབྲེལ་བའི་བྱུང་རབས་ལ་རྒྱུས་མངའ་གཏིང་ཟབ་ཡོད་པའང་ཚོར་བྱུང་།

རྒྱུ་མཚན་དེ་དག་ལ་བསམས་ཚེ་ཐའེ་ཝན་གཞུང་ལ་གཞུང་འབྲེལ་ལན་འདེབས་ཅི་ལྟར་ཞུ་མིན། མི་མང་གིས་བདམས་པའི་སྲིད་སྐྱོང་གིས་ཐག་གིས་ཆོད་དགོས་པ་རེད་ལ། གཅོད་ཀྱང་དགོས་པ་རེད། དེ་ནི་ཚང་མའི་བསམ་འདུན་དང་མཐུན་པ་ཞིག་ཡོང་དཀའ་སྙམ།

ངའི་རྩོམ་ཡིག་འདི་སྲིད་སྐྱོང་གསར་པའི་གོང་གསལ་ཆབ་སྲིད་ཀྱི་གནད་དོན་གཉིས་དང་འབྲེལ་བའི་བཀའ་ལན་ཐད་དགག་རྒྱག་ཞུ་མཁན་ཚོར་ལན་འདེབས་བྱས་པ་མིན་ལ། མཁྱེན་ལྡན་གཟུར་གནས་ཚོར་གཏམ་གསར་ཞུས་པའང་མིན། སྙིང་དོན་མི་མང་ནང་འུར་འདྲོགས་ལངས་ཚེ་གང་དུ་འགྲོ་དགོས་པ་མ་མཁྱེན་པ་ཚོར་བསམ་གཞིའི་ཆེད་དུ་ཕུལ་བ་ཡིན། དེའི་འབྲས་བུར་ཆབ་སྲིད་དང་འབྲེལ་བའི་གནད་འགག་འདི་རིགས་ལ་ཅལ་འདྲོགས་དང་ཤོག་ཁག་གི་བསམ་ཚུལ་གྱིས་ཚོས་གཞི་མི་བྱུགས་མཁན་ཚོའི་གཡོ་གཏམ་ལས་ཐར་ཆེད་ཡིན། བོད་རྒྱལ་ལོ།།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།

                                              ༢༠༢༡ ཟླ་ ༦ ཚེས་ ༢༧ ཉིན།།

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༡༠ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༦ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༡༦ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

མཆན། 5

  1. སྐལ་བཟང་རྒྱ་མཚན། says:
    ལོ་ 4 སྔོན།

    གལ་སྲིད་སྲིད་སྐྱོང་བློ་སེང་ཡིན་ན་ཁྱེད་ཀྱི་བསམ་ཚུལ་དེ་འདྲ་ཡོང་མི་སྲིད་ལ
    མི་མང་གི་ཁོང་ལ་སྐུ་དབང་ཕུལ་ཡོད་པ་དེའང་ཁྱེད་རང་བརྗེད་འགྲོ་བ་རེད་

    Reply
  2. བློ་བཟང་བཀྲ་ཤིས། says:
    ལོ་ 4 སྔོན།

    གསེར་རྟ་ཚུལ་ཁྲིམས་ཀྱིས་ཁྲིམས་ཀྱི་བྱ་རིམ་མ་བརྒྱད་པར་ཉེས་མེད་ཁྲིམས་ཞིབ་པ་གསུམ་ལ།
    ཁྲིམས་འགལ་འཕོ་འགྱུར་སྐོར་བཀབ་ནས། ་དགའ་ལྡན་ཕོ་བྲང་ལ། དངོས་སུ་མཛུབ་མོ་ཀིར་འགོ་བཙུགས། ད་གཏམ་དྲིས་ན། མ་བཤད་བསྒུགས་ནས་བཤད་ཡོང་གི།

    Reply
  3. བློ་བཟང་བཀྲ་ཤིས། says:
    ལོ་ 4 སྔོན།

    ur comment is awaiting moderation
    3 seconds སྔོན།
    གཏམ་དྲིས་ན། མ་བཤད་བསྒུག་ན་བཤད། ད་གསེར་རྟ་ཚུལ་ཁྲིམས་ཟེར་བ་དེས། དངོས་སུ་དགའ་ལྡན་ཕོ་བྲང་ལ་མཛུབ་མོ་བཙུགས་ཡོང་སོང་ད། ཁོ་ཚོའི་དམིགས་ཡུལ་ངོ་མ་དེ་ཅི་ཡིན་ནམ། ཨོ་རྒྱན་བླ་མ་གསོ་ཕྲུག་རང་རེད། སྐབས་16པའི་སྤྱི་འཐུས་ཀྱིས་བྱ་རིམ་མ་བརྒྱུད་པར་བཅའ་ཁྲིམས་སྒང་ལ་བསྡད་ནས། ཉེས་མེད་འཕོ་འགྱུར་བཏང་ཟེར་བའི་སྒེར་གཅོད་དེའི་སྐོར་ངོས་ལེན་མེད་པ། དགའ་ལྡན་ཕོ་བྲང་གཅིག་གཅིག་ཟེར། དོན་ངོ་མ་མདའ་མོ་འཕན་འདོད་མ་རེད། གཞུ་མོ་ཅོག་འདོད་རེད། སྤྱི་ཟུར་ཤར་ཕྱོགས་ལགས། ཁམས་རྫུན་གསེར་ཚུལ་གྱིས་ ལྡི་ལི་ཆུ་སྒང་གི་རྒྱུག་ཁྱི་བྱེད་བཞིན་པར་བསམ་ཚུལ་ཅི་ཡོད་དམ།

    Reply
  4. བློ་བཟང་བཀྲ་ཤིས། says:
    ལོ་ 4 སྔོན།

    གཏམ་དྲིས་ན། མ་བཤད་བསྒུག་ན་བཤད། ད་གསེར་རྟ་ཚུལ་ཁྲིམས་ཟེར་བ་དེས།
    དངོས་སུ་དགའ་ལྡན་ཕོ་བྲང་ལ་མཛུབ་མི་བཙུགས་ཡོང་སོང་ད།
    ཁོ་ཚོའི་དམིགས་ཡུལ་ངོ་མ་དེ་ཅི་ཡིན་ནམ།
    ཨོ་རྒྱན་བླ་མ་གསོ་ཕྲུག་རང་རེད།
    སྐབས་16པའི་སྤྱི་འཐུས་ཀྱིས་བྱ་རིམ་མ་བརྒྱུད་པར་བཅའ་ཁྲིམས་སྒང་ལ་བསྡད་ནས།
    ཉེས་མེད་འཕོ་འགྱུར་བཏང་ཟེར་བའི་སྒེར་གཅོད་དེའི་སྐོར་ངོས་ལེན་མེད་པ།
    དགའ་ལྡན་ཕོ་བྲང་གཅིག་གཅིག་ཟེར། དོན་ངོ་མ་མདའ་མོ་འཕན་འདོད་མ་རེད།
    གཞུ་མོ་ཅོག་འདོད་རེད། སྤྱི་ཟུར་ཤར་ཕྱོགས་ཁམས་རྫུན་གསེར་ཚུལ་གྱིས་
    ལྡི་ལི་ཆུ་སྒང་གི་རྒྱུག་ཁྱི་བྱེད་བཞིན་པར་བསམ་ཚུལ་ཅི་ཡོད་དམ།

    Reply
  5. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 4 སྔོན།

    སྤྱི་འཐུས་སྐབས་བཅུ་དྲུག་གི་ཁྲིམས་འགལ་གྱི་ཡིག་ཆ་ཨང་ ༣༩ དེའི་འཇུག་འབྲས་གནས་སྟངས་ག་འདྲ་ཞིག་ཆགས་ཀྱི་ཡོད་ཀྱང་དེའི་འགན་ཆ་ཚང་སྤྱི་འཐུས་སྐབས་བཅུ་དྲུག་གི་ཁྱེར་དགོས་པ་ལས་སུ་གཅིག་ལ་ཡ་་ལ་དཀྲི་ས་དང་ངན་ཁག་གཡོགས་ས་མེད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese