མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོང་ཁྲོ་འགོག་པར་སྤྱོད་འཇུག་གི་བཟོད་པའི་ལེའུ་སོགས་ལྟ་ཀློག་བྱེད་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད།

བོད་ཀྱི་དུས་བབ།
༢༠༢༡/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགྱུར་འགྲོས་ཇི་ཙམ་ཕྱིན་ཡང་ལ་དྭགས་པ་རྣམས་ད་ལྟའང་ཆོས་ཕྱོགས་ཀྱི་དད་པ་དམ་ཚིག་བརྟན་པོར་གནས་ཡོད་པ་རེད་ཅེས་གསུངས་སོང་།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མེའི་གསུང་ཆོས་ཉིན་གཉིས་པའི་སྔ་དྲོར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དེང་གི་ཆར་འཛམ་གླིང་འདི་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་དང་། ཕྱིའི་དངོས་ཁམས་རིག་པ་དང་འབྲེལ་ཚན་རིག་གི་བསམ་བློ་ཤུགས་ཆེན་ལྡན་པའི་སྐབས་སུ། ཆོས་ཀྱི་དགོས་མཁོ་ཡོད་དམ་ཞེས་ན། དངོས་ཡོད་གནས་ཚུལ་ལ་དངོས་པོ་ཡར་རྒྱས་ཇི་ཙམ་ཕྱིན་ནའང། ཕྱིའི་ལུས་པོའི་བདེ་ཐང་ལ་ཕན་ཐོགས་ཡོང་བ་ཞིག་མ་གཏོགས་ནང་སེམས་མ་སྐྱིད་པ་ཡོང་བ་དང་སེམས་འཁྲུག་གི་ཡོད། དེའི་ཕྱིར་ཕྱིའི་དངོས་པོ་ཡར་རྒྱས་ཀྱིས་ནང་སེམས་ཀྱི་བདེ་སྐྱིད་སྐྲུན་ཐབས་མེད་པ་རེད། ཕྱིའི་དངོས་པོའི་ཡར་རྒྱས་དགོས་པ་དང་ཆབས་ཅིག་ནང་བསམ་བློར་ཞི་བདེ་གལ་ཆེན་པོ་རེད། ནང་སེམས་ཀྱི་ཞི་བདེ་ནི་འཕྲུལ་རིགས་དང་ཁབ་རྒྱག་པ་ཙམ་གྱིས། གནས་སྐབས་ཀྱི་རིང་ལ་སེམས་ལྷོད་ལྷོད་ཆགས་པ་མ་གཏོགས། ཕྱིའི་སྨན་བཅོས་ཀྱི་ཐོག་ནས་སེམས་ཀྱི་ཞི་བདེ་བཟོ་མི་ཐུབ། དེར་བརྟེན་ནང་སེམས་ཀྱི་ཞི་བདེ་ནི་ཕྱིའི་དངོས་པོའི་ཡར་རྒྱས་ཀྱིས་སྐྲུན་ཐུབ་པ་ཞིག་མིན། ནང་སེམས་ཀྱི་ཞི་བདེ་ནི་སེམས་ཁམས་རིག་པ་དང་འབྲེལ་བའི་ཐོག་ནས་བློ་སྦྱངས་དགོས་པ་དང་། རྣམ་རྟོག་གང་གིས་སེམས་འཁྲུགས་པ་བྱས་ཡོད་པ་དང་དེའི་གཉེན་པོ་གང་ཡིན་པ་དེར་དཔྱད་ཞིབ་བྱས་ནས་བསམ་གཞིག་བྱ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཡིན་པ་རེད། དེང་གི་ཆར་ཚན་རིག་པའི་ཁྲོད་སེམས་ཁམས་རིག་པ་དང་འབྲེལ་ནས་ནང་སེམས་ཞི་བདེ་སྐྲུན་ཐབས་ལ་སྒོམ་རྒྱག་པ་དང་། སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་བྱམས་བརྩེའི་ཉམས་དང་ཚད་མཐོ་རུ་ཕྱིན་ཚེ། ཞི་གནས་དང་ལྷག་མཐོང་བཅས་སྒོམ་ནས་སེམས་ཀྱི་ཞི་བདེ་སྐྲུན་གྱི་ཡོད། སྐྱེ་བ་སྔ་ཕྱིར་དོ་སྣང་མེད་པའི་རིགས་ཀྱིས་སེམས་ཀྱི་ཞི་བདེ་སྐྲུན་ཐབས་ལ་འབད་འབུངས་དང་དོ་སྣང་བྱེད་མུས་ཡིན་པ་དང་། དཀོན་མཆོག་མཁྱེན་ཞེས་སྨོན་ལམ་བཏབ་པ་ཁོ་ནས་སེམས་ཀྱི་ཞི་བདེ་གང་ཙམ་བསྒྲུབས་ཐུབ་ཀྱང་། སེམས་ཀྱི་འགྲོ་སྟངས་ཡག་པོ་ཤེས་ནས་བསམ་བློ་གཏང་རྒྱུ་གལ་ཡིན་པོ་ཡིན་པ་རེད།  སྤྱིར་ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་གི་ཡོད་པས་ཞེ་དྲག་ཡག་པོ་འདུག་ཀྱང་། ནང་ཆོས་ནི་ནང་སེམས་ཀྱི་ཞི་བདེ་སྐྲུན་པར་ཞིབ་ཚགས་ཤོས་དང་རྒྱ་ཆེ་ཤོས་ཡིན་པ་རེད། ཅེས་གསུངས་སོང་།

ཡང་༧ མགོན་པོ་གང་གིས། ལ་དྭགས་ཀྱི་ཆོས་གྲོགས་ཚོའི་ཕ་མེས་རྣམས་སངས་རྒྱས་བསྟན་པའི་རྗེས་སུ་ཞུགས་མཁན་རེད། ད་ལྟའང་ཆབ་སྲིད་ཀྱི་འགྱུར་འགྲོས་ཇི་ཙམ་ཕྱིན་ནའང་ཆོས་ཕྱོགས་ཀྱི་དད་པ་དམ་ཚིག་བརྟན་པོར་གནས་ཡོད་པ་རེད།  ངོས་ནས་ལ་དྭགས་སུ་ཡོད་པའི་དགོན་པ་ཚོས་འདོན་པ་དང་གཏོར་རྒྱག གཡང་སྒྲུབ་ཁོ་ན་མ་ཡིན་པར། སློབ་གཉེར་བྱ་རྒྱུར་མངགས་པ་དང་། སློབ་གྲྭ་ཁག་ཏུ་བློ་རིག་དང་རྟགས་རིགས་སོགས་བསླབ་ཐུབ་ན་ཡག་པོ་འདུག་ཅེས་ཞུས་ཡིན། ནང་ཆོས་འཛིན་མཁན་དག་གི་གཞུང་ཆེན་སྦྱངས་དགོས་ཤིང་དེས་ཕན་ཐོགས་རླབས་ཆེན་ཡོང་གི་ཡོད་པ་རེད། སེམས་ཁམས་རིག་པ་དང་འབྲེལ་ནས་རྒྱུ་མཚན་དང་གནས་ལུགས་ཀྱི་ཐོག་ནས་སེམས་དཀྲུག་མཁན་གང་ཡིན་པ་དང་། སེམས་ཀྱི་ཞི་བདེ་གང་ནས་རག་གི་ཡོད་པར་ཞིབ་ཚགས་ཀྱིས་ཉམས་ལེན་བྱེད་མཁན་ནི་ནང་ཆོས་ཡིན། ཆོས་ཞེས་པ་ནི་དུས་ཚོད་རྙིང་པའི་སྐད་ཆ་ཞིག་གཏན་ནས་མིན་པར། སེམས་འཁྲུགས་ནས་མི་སྐྱིད་པ་ཡོང་བསྡད་པ་དེར་ཆོས་ཕྱོགས་ཀྱི་བསམ་བློ་བཏང་ནས་ནང་སེམས་ཀྱི་ཞི་བདེ་སྐྲུན་ཐུབ་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

དེ་ནས་བཀའ་འདྲི་བཀའ་ལན་ནང་མཐོ་རིམ་སློབ་མ་བསྟན་འཛིན་ལྷ་སྒྲོན་གྱིས། ང་ཚོས་རང་གཞན་གཉིས་ཀར་མི་གནོད་སླད་ཁྲོང་ཚོ་ཇི་ལྟར་ཚོད་འཛིན་དགོས་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། ཁོང་ཁྲོ་ཞེས་པ་ནི་ཚོར་བ་(emotion ) ཤུགས་ཆེན་པོ་ཞིག་རེད། ཁོང་ཁྲོ་ནི་རྒྱུ་མཚན་གང་ཡང་མེད་པར་གློ་བུར་དུ་ལངས་བ་ཞིག་ཡིན། ཕྱོགས་གཅིག་ནས་དོན་གྱི་ངོས་ལ་ཡོད་པ་ཞིག་གཞི་ལ་བཞག་ནས་དེའི་ཐོག་ཏུ་ཁོང་ཁྲོ་ལངས་བ་རེད། སོ་སོར་དགོས་པ་ཞིག་མ་ཐོབ་ཚེ་ཁོང་ཁྲོ་ལངས་ནའང་ཐོབ་ཐབས་མེད། ཆབ་སྲིད་མཁས་པ་ཚོས་ཁོང་ཁྲོ་ལངས་ནས་གདོང་ནག་པོ་བསྟན་ན། ལས་དོན་མི་སྒྲུབ་པ་ཤེས་ཀྱི་ཡོད་པས། ཁོང་ཁྲོ་ལངས་ནའང་ཕྱིའི་རྣམ་པ་ཡག་པོ་བསྟན་ཀྱི་ཡོད། དེའི་རྒྱུ་མཚན་ནི་ཁོང་ཁྲོ་ལངས་ན་ཕན་ཐོགས་མེད་པ་རྟོགས་ཀྱི་ཡོད། ཆོས་ཕྱོགས་ནས་བཤད་ན། ང་ཚོ་ནི་སྤྱི་ཚོགས་སེམས་ཅན་ཡིན་པས། རང་ཉིད་འཚོ་བར་གཞན་ལ་བརྟེན་དགོས་པས། རང་ཉིད་གང་ལ་བརྟེན་པའི་སྤྱི་ཚོགས་ལ་ཁོང་ཁྲོ་ལངས་ན་སོ་སོར་གྱོང་གུད་ཡིན་པ་རེད། ཆོས་ཕྱོགས་ནས་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ལྟ་ཀློག་བྱ་དགོས་པ་དང་། བཟོད་པའི་ལེའུ་སོགས་ལྟ་ཀློག་བྱེད་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུངས་སོང་།

ཡང་སློབ་ཕྲུག་མི་ཧག་ཧྥ་ཊི་མཱ( Mehak Fatima) ཡིས། ནང་པ་ཙམ་མ་ཡིན་པར་ཆོས་ལུགས་གཞན་གྱི་མི་མང་པོས་༧སྐྱབས་མགོན་རིན་པོ་ཆེར་དགའ་མོས་ཞུ་ཡི་ཡོད་པར་༧མགོན་པོ་མཆོག་ལ་དགོངས་ཚུལ་གང་ཡོད་སྐོར་བཀའ་འདྲི་ཞུར་པར། ༧གོང་ས་མཆོག་གིས། སེམས་བཟང་པོ་བྱ་རྒྱུ་ཆོས་ལུགས་ཚང་མས་གསུང་གི་ཡོད། དེའི་རྒྱུ་མཚན་དུ་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་འགྲེལ་བཤད་རྒྱག་ལུགས་ཤིག་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ལས་རྒྱུ་འབྲས་ཁས་ལེན་པའི་ཐོག་ནས་བཤད་ལུགས་ཤིག་ཡོད། སོ་སོའི་ལུགས་ལ་གཞིགས་པའི་རྒྱུ་མཚན་བཀོད་སྟངས་མི་འདྲ་བ་ཙམ་ལས། སེམས་པ་བཟང་པོ་བྱ་རྒྱུ་ཆོས་ལུགས་ཚང་མས་གསུང་གི་ཡོད། འཇིག་རྟེན་བཀོད་པ་པོའི་འདོད་ལུགས་ལྟར་ན། ང་ཚོ་ཚང་མ་དཀོན་མཆོག་གིས་བཀོད་པ་དང་། དཀོན་མཆོག་ཁོང་ཉིད་ནི་བྱམས་བརྩེའི་བདག་ཉིད་ཅན་ཞིག་ལས། ཁོང་ཁྲོའི་བདག་ཉིད་ཀྱི་དཀོན་མཆོག་ཅིག་མེད་པས། དཀོན་མཆོག་གི་རྗེས་སུ་འབྲང་མཁན་ཞིག་ཡིན་ན་བྱམས་བརྩེར་བསམ་བློ་གཏོང་དགོས་པ་ལས་གཞན་ཅི་ཡང་མེད། ཆོས་ཁས་མི་ལེན་མཁན་གྱི་མི་ཞིག་ཡིན་ཡང་། ཁྲོང་ཁྲོ་ལངས་ནས་གདོང་ནག་པོ་བསྟན་ཚེ། ཁྱི་ཞིག་ཡིན་ཡང་མི་དགའ་བ་བྱེད་པ་དང་། དེ་ལས་ལྡོག་ནས་མི་ཞིག་འཛུམ་གྱིས་ཕྱུག་ནས་ཡོང་ན་རྔ་མ་རིལ་རིལ་གཡུག་གི་ཡོད། མདོར་ན་ཁོང་ཁྲོས་གཏན་ནས་མི་ཕན་པས། ཆོས་ལུགས་ཚང་མས་ཁྲོང་ཁྲོའི་ཉེས་དམིགས་བཤད་དེ་བྱམས་བརྩེ་དགོས་པར་བཤད་པ་བཞིན། ཆོས་ལུགས་སོ་སོར་ལྟ་གྲུབ་འདྲ་མིན་ཡོད་པ་ནི་སྒེར་གྱི་གནད་དོན་ཞིག་ཡིན། ཐམས་ཅད་ལ་ཁམས་དང་མོས་པ་མི་འདྲ་བས་ཆོས་ལུགས་མི་འདྲ་བ་ཙམ་ལས། ཚང་མས་སེམས་པ་བཟང་པོ་བྱ་རྒྱུ་སྐོར་ལ་གསུང་གི་ཡོད་ལ། ངོས་ནས་ཀྱང་གཙོ་འདོན་བྱས་ནས་བཤད་ཀྱི་ཡོད། གཉིས་ནས་ཆོས་ལུགས་ཚང་མར་མཐུན་སྒྲིལ་བྱ་རྒྱུ་ནི་གལ་ཆེན་མཐོང་གི་ཡོད་པས། ངོས་ནས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་མུས་ཡིན་པ་དང་། ཆོས་ལུགས་འདྲ་མིན་གྱི་ཆོས་པ་མང་པོས་ངོས་ལ་དགའ་མོས་བྱེད་ཀྱི་ཡོད་པ་རེད། དེ་བཞིན་ངོས་ཀྱིས་ཚང་མར་འཛུམ་བསྟན་པ་དང་། འགྲོ་བ་མི་ཚང་མ་གཅིག་འགྱུར་གྱི་འདུ་ཤེས་འཛིན་ནས་འགྲོ་ཡི་ཡོད་པས་ཡིན།  ཞེས་གསུངས་སོང་།

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

སྐར་མ ༣༨ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

སྐར་མ ༤༧ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese