མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་གསར་པ་ལྕམ་ཀཱ་ཝེ་རཱི་གྷལ་ལགས་སུ་བཅར་འདྲི་ཞུས།

བོད་ཀྱི་དུས་བབ།
༢༠༢༡/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་གར་གྱི་དཔལ་འབྱོར་རིག་པའི་འབུམ་རམས་པ་ལྕམ་ཀཱ་ཝེ་རཱི་གྷལ་(Dr. Kaveri Gill)ལགས་ཁ་སང་ཕྱི་ཚེས་ ༡༤ ཉིན་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་འབྱོར་ཏེ་ད་ལྟ་ཟུར་བཀག་ཏུ་བཞུགས་མུས་རེད་འདུག་ལ། སློབ་སྤྱི་གསར་པའི་ཕྱག་ལས་མགོ་འཛུགས་གནང་སྟེ་བདུན་ཕྲག་གཉིས་ལྷག་འགྲོ་བཞིན་འདུག

འདི་གའི་གསར་འགོད་པས་སློབ་སྤྱི་གསར་པ་ལྕམ་འབུམ་རམས་པ་ཀཱ་ཝེ་རཱི་གྷལ་ལགས་སུ་ཁ་པར་བརྒྱུད་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་གནང་བའི་དགོས་དམིགས་ཅི་ཡིན་དྲིས་པར་ཁོང་མོས། མཐོ་སློབ་གང་ཡིན་རུང་ངོ་བོ་མཉམ་འདུས་དང་ཤེས་ཡོན་གྱི་གནས་ཚད་མཐོ་བའི་ལྟེ་གནས་ཁང་ཞིག་ཆགས་ཡོད་པ་རེད་ལ། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ཡང་དེ་ལས་མ་འདས་པ་ཞིག་རེད། མགོ་ཁྲིད་སུ་ཡིན་ནའང་མདུན་ནས་མགོ་ཁྲིད་དགོས་ངེས་རེད་ལ། སློབ་སྤྱིའི་ལས་འགན་ནི་འཆར་སྣང་ལྡན་པའི་ཤེས་ཡོན་སློབ་གསོའི་ཐད་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུ་དང་། དེ་ཡང་རྒྱ་ཆེ་གུ་ཡངས་དང་གཏིང་ཚུགས་པའི་ལྟ་ཚུལ་གྱི་སྣེ་ཁྲིད་འོག་ནས་འཕྲལ་ཕུགས་གཉིས་ཀྱི་དམིགས་ཡུལ་འགྲུབ་ཀྱི་ཡོད་པ་རེད་ལ། ངས་དགོས་དམིགས་འདི་བསྒྲུབ་ཐུབ་པར་རེ་བ་བྱེད་ཀྱི་ཡོད། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནི་དམིགས་བསལ་ཞིག་རེད། རྒྱུ་མཚན་ནི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་འདི་བོད་པའི་མཐོ་རིམ་སློབ་གཉེར་ཁང་ཡིན་པ་དང་། སློབ་གཉེར་ཁང་འདིས་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་སྤྲོད་པ་དང་ལྷན་དུ་གནའ་རབས་ཀྱི་རིག་གཞུང་དང་། སྐད་ཡིག་དེ་དག་གཅེས་ཉར་བྱེད་ཀྱི་ཡོད་པ་རེད། ང་རང་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ནང་དེང་དུས་ཀྱི་ཤེས་ཡོན་སྦྱངས་པ་དང་ལྷན་དུ་བོད་པའི་ལྟ་གྲུབ་དང་རིག་གཞུང་། སྲོལ་རྒྱུན་ལ་དགའ་མོས་ཤིན་ཏུ་ཆེ་བས་ཕྱོགས་གཉིས་ཀྱི་ཐད་ནས་ངས་ཡར་རྒྱས་གཏོང་བའི་ཐབས་ཤེས་བྱ་རྒྱུ་ཡིན། ཞེས་བརྗོད་བྱུང་།

ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཏེ་༧སྐུའི་འཁྲུངས་སྐར་དང་བསྟུན་ལྕམ་ཀཱ་ཝེ་རི་གྷལ་ལགས་ནས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཤེས་ཡོན་གནས་ཚད་མཐོར་འདེགས་ཆེད་ནུས་པ་གང་ལེགས་འདོན་རྒྱུ་ཡིན་སྐོར་གསུང་བཤད་གནང་ཡོད་པ་ལྟར། མ་འོངས་པར་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་ཁག་གི་ཤེས་ཡོན་དམིགས་ཚད་དང་མཉམ་པ་ཡོང་ཐབས་སུ་འཆར་གཞི་གང་ཡོད་དྲིས་པར་ཁོང་མོས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ལ་ངའི་འཆར་གཞིའི་ཚན་པ་ཆེ་འབྲིང་ཆུང་གསུམ་བཅས་ཡོད། ང་རང་གི་ཐོག་མའི་དམིགས་ཡུལ་ནི་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་གནས་སྟངས་དང་ལས་ཀ་བྱེད་སྟངས་ཐད་ལ་རྒྱུས་ལོན་བྱ་རྒྱུ་ཡིན། དེ་ཡང་མཐོ་སློབ་ཀྱི་སྒྲིག་འཛུགས་དང་ལས་བྱེད་སོགས་ལ་རྒྱུས་ལོན་བྱས་ཏེ། གནས་སྟངས་ལ་དཔག་པའི་འགྱུར་བ་གཏང་རྒྱུ་ཡིན། དེ་བཞིན་དུས་རབས་ཉེར་གཅིག་པར་དགོས་ངེས་ཅན་དང་དམིགས་བསལ་གྱིས་ཏོག་དབྱིབས་གཉན་རིམས་ཀྱི་དུས་སྐབས་འདིར། དྲ་རྒྱའི་བརྒྱུད་ལམ་བེད་སྤྱོད་བྱས་ནས་རྒྱལ་སྤྱི་དང་རྒྱ་གར་གྱི་སློབ་གསོ་བ་དང་སློབ་གསོའི་བསྟི་གནས་ཁང་ཕན་ཚུན་འབྲེལ་འདྲིས་ཀྱིས་ཡར་རྒྱས་གཏང་རྒྱུ་ཡིན། དཔེ་མཚོན་གཞན་ཞིག་ནི། ང་ཚོའི་དྲ་རྒྱ་དུས་ལྟར་བསྐྱར་གསོ་དང་ཡིད་དབང་འཕྲོག་པ་ཞིག་བཟོ་ཡི་ཡིན། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ལ་སློབ་ཚན་དང་སློབ་ཕྲུག་གི་དགོས་མཁོ་གཞིར་བཟུང་འཆར་གཞི་ཆེ་འབྲིང་རྣམས་གཏིང་ཟབ་པོའི་ཐོག་ནས་རྒྱ་སྐྱེད་གཏང་གི་ཡིན། དཔེར་ན་དབྱིན་ཡིག་ཆེད་སྦྱོང་གི་སློབ་ཚན་དང་འབུམ་རམས་པའི་བསླབ་རིམ་གཉིས་པ་སྐྱེད་བསྲིང་བྱེད་ཀྱི་ཡོད། དེ་བཞིན་པར་འགྲེམས་ནི་སློབ་གསོ་འཕེལ་རྒྱས་ཀྱི་ལྡེ་མིག་ལྟ་བུ་ཡིན་པ་ལྟར་ངས་དགེ་རྒན་ཚོར་པར་འགྲེམས་ཀྱི་ལས་དོན་གང་མང་གནང་ཐུབ་པར་སྐུལ་མ་གཏོང་གི་ཡིན། ཞེས་དང་། སློབ་ཕྲུག་ཚོར་འབྲེལ་འདྲིས་ཟབ་པོ་གནང་རྒྱུ་དང་། དམིགས་བསལ་གྱིས་སློབ་མ་རྒན་པ་དང་འབྲེལ་འདྲིས་བྱས་ཏེ་མདུན་ལམ་སློབ་སྟོན་སྲ་བརྟན་དང་དཔྱད་ཞིབ་ཀྱི་ཐབས་ལམ་སྤྱད་དེ་མ་འོངས་མདུན་ལམ་དང་འཆར་གཞི་ཕན་ནུས་ལྡན་པ་ཞིག་བྱེད་ཐབས་གནང་རྒྱུ་ཡིན་སྐོར་དང་། འཛམ་གླིང་ཐོག་མཚན་སྙན་ཆེ་བའི་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཚན་ཐོགས་པའི་མཐོ་སློབ་འདི། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་སའི་ཉེ་འགྲམ་དུ་གནས་ཤིང་བོད་མིའི་གཞིས་ཆགས་ཆེ་ཤོས་དེའང་ཉེ་འཁྲིས་སུ་ཡོད་ལ། མ་འོངས་ལོ་ ༢༠ ནས་ ༣༠ རིང་ལ་ཡར་རྒྱས་གོང་འཕེལ་དུ་གཏང་སྟེ་ཕུགས་རེ་འགྲུབ་པ་གནང་རྒྱུ་ཡིན་སྐོར་བརྗོད་བྱུང་།

དཔལ་འབྱོར་རིག་པའི་འབུམ་རམས་པ་ལྕམ་ཀཱ་ཝེ་རཱི་གྷིལ་ལགས་ཕྱི་ལོ་ ༡༩༩༨ ལོར་ལྡི་ལི་གཙུག་ལག་སློབ་ཆེན་ནས་དཔལ་འབྱོར་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་ཡོད་པ་དང་། ཕྱི་ལོ་ ༡༩༩༦ ལོར་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ཁམ་བྷེ་རེ་ཇི་གཙུག་ལག་སློབ་གྲྭ་ཆེན་མོར་ཞུགས་ཏེ་མུ་མཐུད་དཔལ་འབྱོར་རིག་པའི་ཐོག་སློབ་གཉེར་གནང་སྟེ་ཕྱི་ལོ་ ༢༠༠༣ ལོར་གཙུག་ལག་རབ་འབྱམས་པ་ཐོན། ད་ལྟ་བར་དུ་ཞི་བ་ནཱ་ཏར་གཙུག་ལག་སློབ་གཉེར་ཁང་(Shiv Nadar University)གི་རྒྱལ་སྤྱིའི་འབྲེལ་ལམ་དང་གཞུང་འཛིན་རིག་པའི་སྡེ་ཚན་གྱི་སློབ་དཔོན་ཆེན་མོ་དང་། བློ་འདོན་པ། ལྡི་ལི་གསར་པར་རྟེན་གཞི་བྱས་པའི་ཨོཀ་སི་ཧྥོར་ཌི་སྲིད་ཇུས་དོ་དམ་ལས་ཁུངས་ཀྱི་དཔལ་འབྱོར་རིག་པའི་གཙོ་འགན་པ། དེ་བཞིན་རྒྱ་གར་དུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཚོགས་སྲིད་ཇུས་དང༌། འཆར་འགོད། སྟངས་འཛིན་བསྐྱར་ཞིབ་བཅས་ཀྱི་བློ་འདོན་པ་སོགས་ཡིན་འདུག་ལ། པ་ཀི་སི་ཐན་དང་། བྷང་གྷ་ལ་དྷེ་ཤི། བལ་ཡུལ། སིང་གྷ་ལ་བཅས་ཚུད་པའི་ལྷོ་ཨེ་ཤ་ཡའི་ཁུལ་དུ་ཕྱག་ལས་སྣ་མང་གནང་མྱོང་ཡོད་འདུག

ཕྱི་ལོ་ ༢༠༡༦ ནས་བཟུང་ལས་ཞོར་དུ་ལྕམ་ཀཱ་ཝེ་རཱི་གྷལ་ལགས་ནས་ལྡི་ལི་བོད་ཁང་དུ་ནང་པའི་སེམས་རིག་པ་དང་ལྟ་གྲུབ། རིགས་ལམ་སོགས་ཀྱི་ཐོག་སློབ་གཉེར་གནང་སྟེ། ད་ལྟ་མངོན་པ་མཛོད་དང་གསང་སྔགས་སྐོར་སོགས་ལ་སློབ་སྦྱོང་གནང་བཞིན་ཡོད་པ་མ་ཟད། ཕུགས་འདུན་མངོན་འགྱུར་བྱུང་བའི་ས་གནས་འདོད་རྒུ་གླིང་ཞེས་པ་དང་། ཅིའི་ཕྱིར་རྒྱ་གར་གསར་འགྱུར་བརྒྱུད་ལམ་གྱིས་སྣེ་ཁྲིད་པའི་ལ་དྭགས་ཆེད་མཁས་པ་ཚོའི་དམིགས་ཡུལ་མ་འགྲུབ་པ་རེད། རྒྱ་གར་ནང་ནལེནྜའི་སྲོལ་རྒྱུན་རིག་གཞུང་བསྐྱར་དར་དང་། རྒྱ་གར་མཁས་པ་ཞིག་གི་འགྲུལ་བཞུད། ཏཱ་ལའི་བླ་མ་དང་སྤྱི་ཚོགས་དྲ་ལམ། ནོར་འཁྲུལ་ཤོར་བའི་ལོ་ཙཱ་ཞེས་པ་ལ་སོགས་པའི་བོད་གནས་དང་འབྲེལ་བའི་དཔྱད་རྩོམ་མང་པོ་དུས་དེབ་དང་ཚགས་པར་ཁང་མང་པོའི་ནང་སྤེལ་གནང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༢ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese