མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆར་དུས་སུ་གཉན་སྲིན་མང་པོ་འབྱུང་གི་ཡོད་པས་ཆུ་མཛོད་དང་ཆུ་ཡུར་སོགས་གཙང་མ་བཟོ་རྒྱུ་གལ་ཆེ།

བོད་ཀྱི་དུས་བབ།
༢༠༢༡/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་སློབ་སྦྱོང་དང་ལས་དོན་སོགས་ཀྱི་དོན་དུ་སྐྱོད་མཁན་ཚོར་འགོག་ཁབ་དང་པོ་བརྒྱབ་ནས་ཉིན་གྲངས་ ༨༤ མ་ཟིན་སྔོན་དུ་འགོག་ཁབ་གཉིས་པ་རྒྱག་ཆོག་གི་ཡོད་པའི་དམིགས་བསལ་གྱི་མཐུན་རྐྱེན་བསྐྲུན་ཡོད་པས་ཡིག་ཆ་ཁག་སྟོན་དགོས་པའི་ལམ་སྟོན་གནང་འདུག

Dr Tsamchoe and Dr Namdol addressing the 68th Covid-19 briefing(screenshot Image)

བོད་མིིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ ༡༩ ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༦༨ པ་གནང་བ་ལྟར་ན། བདུན་ཕྲག་འདིའི་ནང་རྒྱ་གར་དང་བལ་ཡུལ་ནང་དགུང་ལོ་ཆེ་ཤོས་ ༩༦ དང་ཆུང་ཤོས་ ༦ བཅས་ཚུད་པའི་བོད་མི་གྲངས་ ༡༤༨ ལ་ཏོག་ནད་ཕོག་ཡོད་པ་དང་། ནད་པའི་ཁྲོད་ནས་མི་ ༨༢ སྐྱེས་པ་དང་ ༦༦ བུད་མེད་ཡིན་འདུག་ལ། ཏོག་ནད་ཀྱིས་འདས་གྲོངས་སུ་ཕྱིན་པ་གཅིག་ཀྱང་བྱུང་མེད་འདུག དེ་བཞིན་རྒྱ་གར་ནང་དུ་ཏོག་དབྱིབས་འགོག་ཁབ་གཉིས་ཀ་ཐོབ་ཟིན་པ་མི་གྲངས་ ༡༩།༧༧༡ དང་། འགོག་ཁབ་དང་པོ་ཐོབ་མཁན་མི་གྲངས་ ༢༧།༡༦༦ ཡོད་པ་བཅས་རྒྱ་གར་ནང་འགོག་ཁབ་ཐོབ་པའི་གྲངས་འབོར་དེ་བརྒྱ་ཆ་ ༨༦།༦ ཆགས་འདུག བལ་ཡུལ་ནང་འགོག་ཁབ་དང་པོ་དང་གཉིས་པ་གཉིས་ཀ་ཐོབ་ཟིན་པའི་མི་གྲངས་ ༤༠༣ དང་། འགོག་ཁབ་དང་པོ་ཐོབ་པའི་མི་གྲངས་ ༡༠༤༥ ཁྱོན་བརྒྱ་ཆ་ ༡༧།༧༣ ཙམ་ཆགས་ཀྱི་ཡོད་འདུག

གསལ་བསྒྲགས་སྐབས་སྨན་པ་མཚམས་གཅོད་ལགས་ཀྱིས། བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༢ དང་བལ་ཡུལ་ནང་ས་གནས་གྲངས་ ༦ ལ་རང་ཁྱིམ་དུ་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་པའི་མི་གྲངས་ ༤༩༥ དང་ཚོགས་སྡེའི་ཟུར་བཀག་ནང་བཞུགས་པའི་མི་གྲངས་ ༥༣༧ ཡོད་འདུག འདས་པའི་ལོ་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་ལ་བོད་ཀྱི་སྨན་རྩིས་ཁང་དང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་མཉམ་སྦྲེལ་གྱིས་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་མི་གྲངས་ ༣༨།༡༢༤ ལ་རིན་མེད་བགོ་འགྲེམས་གནང་ཡོད་པ་དང་། དེ་བཞིན་འདས་པའི་ཟླ་བ་གཅིག་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་གི་འགན་འཛིན་དང་སློབ་སྤྱི་བརྒྱུད་རང་ལོ་ ༤ ནས་ ༡༧ བར་གྱི་ཕྲུ་གུ་རྣམས་ལ་གསོ་རིག་ལུས་སེམས་ནུས་གསོའི་སྨན་བགོ་འགྲེམས་ཞུས་དང་ཞུ་བཞིན་ཡོད་པ་རེད། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༣༠ བར་ཏོག་ནད་ཕོག་པ་རྣམས་ལ་བོད་ཀྱི་སྨན་རྩིས་ཁང་ནས་མི་རིགས་དང་ལོ་ན་སོགས་དབྱེར་མེད་ཀྱི་ཐོག་ནས་མི་གྲངས་ ༥༥༦༧ ལ་སྨན་རིན་མེད་དུ་སྤྲད་ཡོད་པ་དང་། དེ་བཞིན། རྒྱ་གར་ནང་ས་གནས་གྲངས་ ༡༡ ལ་བོད་མི་གྲངས ༥༩༩ དང་བལ་ཡུལ་ནང་ས་གནས་གྲངས་ ༣ ལ་མི་གྲངས་ ༤ བཅས་ཁྱོན་མི་གྲངས་ ༦༠༣ ཏོག་ནད་ཕོག་ཡོད་མེད་བརྟག་དཔྱད་གནང་། ཏོག་དབྱིབས་གཉན་རིམས་ཀྱི་ནད་གཞིའི་ཆེད་དུ་མདུན་སྐྱོད་ཞབས་ཞུ་བ་རྣམས་ལ་སེམས་ཁམས་འཕྲོད་བསྟེན་གྱི་ཐད་ཟབ་སྦྱོང་གོ་སྒྲིག་གནང་ཡོད་པ་མ་ཟད། ཏོག་དབྱིབས་གཉན་རིམས་ནད་གཞི་ཕོག་པའི་མི་གྲངས་ ༣༤ ཙམ་ལ་ཁ་པར་བརྒྱུད་འབྲེལ་གཏུགས་བྱས་ཏེ་སློབ་གསོ་ལམ་སྟོན་གནང་ཐུབ་ཡོད་སྐོར་བརྗོད་འདུག

སྨན་པ་མཚམས་གཅོད་ལགས་ཀྱིས། ཏོག་དབྱིབས་གཞི་རྩ་མེད་དུ་མ་སོང་བར་དུ་ཚང་མས་སྔོན་འགོག་གི་ཐབས་ལམ་བསྟེན་རྒྱུ་གལ་ཆེན་པོ་ཡིན་པ་བསྐྱར་དུ་དྲན་སྐུལ་ཞུ་ཡི་ཡིན། ད་ལྟའི་ཆར་རྒྱ་གར་གྱི་ལྷོ་ཤར་ཨེ་ཤ་ཡའི་ཁུལ་མང་པོ་ཞིག་ལ་ཆར་དུས་མགོ་བཙུགས་ཡོད་པས། ཆར་པའི་དུས་སུ་དམིགས་བསལ་གྱིས་ཚ་བ་དང་། ཆར་ཆུ་ལ་བརྟེན་ནས་ཆུ་ཡུར་དང་ཆུ་མཛོད་གཙང་མ་མེད་པ་སོགས་ལ་བརྟེན་ནས་དུག་སྦྲང་དང་གཉན་སྲིན་གཞན་མང་པོ་ཡོང་ནས་ན་ཚ་མང་པོ་ཡོང་གི་ཡོད་པ་རེད། མི་མང་ཚོས་ཆུ་མཛོད་དང་ཆུ་ཡུར་གཙང་མ་བཟོ་རྒྱུ་གལ་ཆེན་པོ་ཡིན་པས་ཐུགས་སྣང་གནང་རོགས་གནང་ཞུ་ཡི་ཡིན། ཞེས་ལམ་སྟོན་གནང་འདུག

བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས། ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་གཞི་ཕོག་པའི་མི་གྲངས་ཉུང་དུ་འགྲོ་བཞིན་ཡོད་ཀྱང་། ན་ཚ་འགོས་རྒྱུའི་ཉེན་ཁ་ཡོད་པར་བརྟེན་ཚང་མས་སྔོན་འགོག་གི་ཐབས་ལམ་ཁག་ལྷོད་གཡེང་མེད་པར་མུ་མཐུད་ལག་བསྟར་གནང་རྒྱུ་གལ་ཆེན་པོ་རེད། དེ་བཞིན་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་ཐོན་པ་ཡིན་ན་ངེས་པར་དུ་བརྟག་དཔྱད་གནང་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་ཐབས་ལམ་ལེགས་ཤོས་ནི་ཏོག་དབྱིབས་འགོག་ཁབ་རྒྱག་རྒྱུ་དེ་ཡིན་པར་བརྟེན། ཚང་མས་ངེས་པར་དུ་ཏོག་དབྱིབས་འགོག་ཁབ་རྒྱག་རོགས་གནང་ཞུ་ཡི་ཡིན། རྒྱ་གར་ནང་དུ་ཏོག་དབྱིབས་འགོག་ཁབ་དང་པོ་ (Covishield) བརྒྱབ་ནས་ཉིན་གྲངས་ ༨༤ རྗེས་སུ་འགོག་ཁབ་གཉིས་པ་རྒྱག་གི་ཡོད་པ་རེད། འོན་ཀྱང་རྒྱ་གར་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་སློབ་སྦྱོང་དང་ལས་དོན་སོགས་ཀྱི་དོན་དུ་བསྐྱོད་མཁན་རྣམས་ལ་འགོག་ཁབ་དང་པོ་བརྒྱབ་ནས་ཉིན་གྲངས་ ༨༤ མ་ཟིན་སྔོན་དུ་འགོག་ཁབ་གཉིས་པ་རྒྱག་ཆོག་གི་ཡོད་པའི་དམིགས་བསལ་གྱི་མཐུན་རྐྱེན་བསྐྲུན་ཡོད་པ་དང་ཡིག་ཆ་སྟོན་དགོས་པའི་ལམ་སྟོན་གནང་གི་འདུག ཅེས་བརྗོད་སོང་།

Tibetan Volunteers during Covid-19 pandemic.(Image:Tibet.net)

གཞན་ཡང་། ཁ་སང་ཕྱི་ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་ཨ་རི་ནེའུ་ཡོག་དང་ནེའུ་ཇར་སི་བོད་རིགས་སྨན་ཞབས་ཚོགས་པ་དང་། བྱང་ཀ་ལི་ཕོར་ནི་ཡ་བོད་རིགས་སྤྱི་མཐུན་འཕྲོད་བསྟེན་ཚོགས་ཆུང་གི་དྭང་བླངས་སྨན་ཞབས་པ་བདུན་དང་རྒྱ་གར་ནང་གི་སྨན་ཞབས་པ་བདུན་བཅས་ཁྱོན་སྨན་ཞབས་པ་ ༡༤ རྣམས་ལ་བོད་མིའི་སྤྱི་ཚོགས་ཁྲོད་དང་བླངས་ཐོག་ཞབས་ཞུ་སྒྲུབ་པར་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་སྨན་ཞབས་པ་རྣམ་པས་བཙན་བྱོལ་བོད་མིའི་ཏོག་དབྱིབས་ནད་པ་མང་ས་ཁག་ཏུ་དྭང་བླང་ཞབས་ཕྱི་ཞུས་པའི་མྱོང་ཚོར་དང་ལས་བསྡོམས་སོགས་སྙན་སྒྲོན་ཞུས་ཡོད་པ་དང་སྦྲགས། ས་གནས་དང་ཚོགས་པ་སོ་སོའི་ངོས་ནས་མཐུན་འགྱུར་ཧ་ཅང་ཡག་པོ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། སློབ་ཕྲུག་རྣམས་ནས་ངེས་པར་དུ་ཁ་རས་གྱོན་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། སློབ་གྲྭའི་འབྲེལ་ཡོད་ལས་བྱེད་ནས་སློབ་ཕྲུག་རྣམས་ལ་ཁ་རས་ངེས་པར་དུ་གྱོན་དགོས་སྐོར་ལམ་སྟོན་ནན་པོ་གནང་དགོས་པའི་འབོད་སྐུལ་གནང་ཡོད་འདུག

མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། མིའི་མི་ཚེ་ནང་ནད་ན་ཚ་ཕོག་པའི་སྐབས་ཀྱི་དཀའ་ངལ་དང་། བཟའ་བཏུང་མེད་པ་བཅས་ནི་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད། དཀའ་ངལ་འཕྲད་པའི་སྐབས་རོགས་པ་བྱེད་མཁན་བོད་མི་ཡིན་པ་དང་ང་ཚོའི་བརྒྱུད་ལ་བྱམས་སྙིང་རྗེའི་རང་བཞིན་ཡོད་པ་དེ་མངོན་གྱི་ཡོད། བོད་མི་མང་ཚོགས་ལ་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་དཀའ་ངལ་འཕྲད་པའི་སྐབས་འདིར་ཨ་རི་ནས་ཕེབས་པའི་སྨན་ཞབས་པ་དང་རྒྱ་གར་ནང་གི་སྨན་ཞབས་པས་དྭང་བླངས་ཐོག་འགན་ཁུར་བཞེས་ཏེ་ཕྱག་ལས་ཧུར་ཐག་གནང་བར་ངས་འཛིན་སྐྱོང་བཀའ་ཤག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་པའི་སྤྱི་ཚོགས་ཡར་རྒྱས་གཏོང་བར་གཞན་རྟེན་གྱི་བསམ་བློ་དོར་ཏེ་ང་རང་ཚོ་བོད་མི་ནང་ཁུལ་རོགས་པ་མང་པོ་བྱས་ཚེ་ཁ་ཡོད་ལག་ཡོད་ཀྱི་རང་ཁ་རང་གསོ་ཡོང་གི་རེད། རང་ཉིད་ཀྱི་ལས་དོན་རྣམས་གཞན་ལ་མ་བཅོལ་བར་རང་ངོས་ནས་སྒྲུབ་རྒྱུའི་འབད་བརྩོན་བྱེད་དགོས་སྐོར་གསུངས་ཏེ་དྭང་བླངས་སྨན་ཞབས་པ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་འཁྱེར་གནང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༢ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese