མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་གཉིས་ཁག་ཐེག་འོག་ཀློད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བལ་ཡུལ་གྱི་འཕགས་ཤིང་ཁུལ་དུ་རང་བདེན་ཚོགས་ཆུང་གི་ཚོགས་མི་འོས་བསྡུ་བྱེད་སྐབས་བལ་གཞུང་ཉེན་རྟོག་པས་ས་གནས་གཞིས་མགོ་དང་བརྒྱ་དཔོན་གཉིས་འཛིན་བཟུང་བྱས་ཡོད་ཀྱང་ཁག་ཐེག་འོག་ཀློད་གྲོལ་བཏང་ཡོད་འདུག

ཁ་སང་དགོང་མོའི་ཆུ་ཚོད་ ༦།༣༠ ཙམ་གྱི་སྟེང་། བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་བཟང་པོ་ལགས་ཀྱིས་ཁག་ཐེག་གནང་བ་བརྒྱུད། ཁ་སང་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་པའི་འཕགས་ཤིང་ས་གནས་གཞིས་མགོ་ཀརྨ་རྒྱལ་མཚན་ལགས་དང་བརྒྱ་དཔོན་ནོར་བུ་ལགས་གཉིས་ཀློད་གྲོལ་བཏང་བ་དང་། བཙན་འཕྲོག་བྱས་པའི་འོས་བསྡུའི་ཐོ་འགོད་མ་དེབ་ཀྱང་ཕྱིར་སྤྲད་ཡོད་འདུག འོན་ཀྱང་། ཀ་ཐི་མཎ་ཌིའི་འཕགས་པ་ཤིང་ཀུན་ཁུལ་གྱི་བཙན་བྱོལ་བོད་མིའི་ས་གནས་རང་བདེན་ཚོགས་ཆུང་གི་སྐབས་བཅུ་པའི་དངོས་གཞིའི་འོས་བསྡུ་གནང་བར་དཀའ་ངལ་འཕྲད་སྲིད་པའི་སེམས་འཚབ་བྱེད་ཀྱིན་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བལ་ཡུལ་ནང་གི་འབྲེལ་ཡོད་བོད་མི་ཞིག་ལ་དྲིས་པར་ཁོང་གིས། ཁ་སང་སྔོན་འགྲོའི་འོས་བསྡུ་བྱེད་བཞིན་པའི་སྐབས་སུ་གློ་བུར་དུ་བལ་ཡུལ་ཉེན་རྟོག་པ་བཅུ་གྲངས་ཤིག་ཡོང་སྟེ། འོས་བསྡུའི་དཔེ་སྐྱེལ་ཐོ་འགོད་དང་འབྲེལ་བའི་མ་དེབ་བཙན་གྱིས་འཕྲོག་པ་མ་ཟད། འཕགས་ཤིང་ས་གནས་གཞིས་མགོ་ཀརྨ་རྒྱལ་མཚན་ལགས་དང་བརྒྱ་དཔོན་ནོར་བུ་ལགས་གཉིས་བཙན་གྱིས་ཉེན་རྟོག་ཁང་དུ་འཁྲིད་དེ་འདྲི་རྩད་བྱས་ཡོད་སྐོར་དང་། ད་ལྟ་གཞིས་མགོ་དང་བརྒྱ་དཔོན་གཉིས་ཀློད་ཚར་ཡོད་ཀྱང་། མ་འོངས་བདུན་ཕྲག་གཅིག་རིང་ཉིན་ལྟར་ཆད་ལྷག་མེད་པར་ས་གནས་ཉེན་རྟོག་ཁང་དུ་ཐོ་འགོད་བྱེད་དུ་འགྲོ་དགོས་ཀྱི་ཡོད་སྐོར་བརྗོད་བྱུང་།

ཡང་གནས་ཚུལ་མཁོ་སྤྲོད་པའི་བརྗོད་པ་ལྟར་ན། ཉེན་རྟོག་ཁང་དུ་གཞིས་མགོ་ཀརྨ་རྒྱལ་མཚན་ལགས་དང་བརྒྱ་དཔོན་ནོར་བུ་ལགས་གཉིས་སུ་འོས་བསྡུ་བྱེད་ལུགས་བྱེད་སྟངས་དང་བལ་ཡུལ་གཞུང་གི་ཆོག་མཆན་ཡོད་མེད། དེ་བཞིན། འོས་བསྡུའི་སྐབས་མི་སྣ་སུ་དང་སུ་བསླེབས་ཡོད་མེད་སོགས་ཀྱི་སྐོར་ནས་འདྲི་རྩད་བྱས་ཡོད་ཅིང་། ད་རེས་གཞིས་མགོ་དང་བརྒྱ་དཔོན་གཉིས་ཉེན་རྟོག་ཁང་དུ་འཁྲིད་ཡོད་པ་ལས་གཞན་ལག་ལྕགས་བརྒྱབ་པ་དང་། ཉེན་རྟོག་ཁང་དུ་དམ་དྲག་སོགས་གང་ཡང་བྱས་མེད་པ་མ་ཟད། ས་གནས་བོད་མི་གཞན་སུ་ལའང་འདྲི་རྩད་འཛིན་བཟུང་སོགས་ཀྱི་དཀའ་ངལ་བཟོས་མེད་འདུག

ད་ལན་བལ་ཡུལ་གཞུང་གིས་བཙན་བྱོལ་བོད་མིའི་རང་བདེན་ཚོགས་ཆུང་གི་འོས་བསྡུར་དམ་དྲག་བྱས་པ་ཐོག་མ་ལྟ་བུ་ཆགས་འདུག་ལ། འདི་གའི་གསར་འགོད་པས་ས་གནས་གཞིས་མགོ་ཀརྨ་རྒྱལ་མཚན་ལགས་སྒེར་ལ་འབྲེལ་བ་བྱས་ཀྱང་མཐུད་ཐུབ་མ་སོང་། གནས་ཚུལ་མཁོ་སྤྲོད་པས། ས་གནས་གཞིས་མགོ་ནས་རང་བདེན་ཚོགས་ཆུང་གི་ཚོགས་མིའི་དངོས་གཞིའི་འོས་བསྡུ་དེ་བདུན་ཕྲག་རྗེས་མའི་རེས་གཟའ་སྤེན་པའི་སྔོན་ལ་བྱེད་ཐབས་གནང་གི་ཡོད་ཀྱང་། ད་ལྟའི་ཆར་འོས་བསྡུ་གནང་བར་བལ་ཡུལ་གཞུང་ནས་ཆོག་མཆན་འཐོབ་མིན་གཏན་འཁེལ་མེད་སྟབས། སེམས་འཚབ་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese