མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱི་བཙོན་ཁང་གི་གནས་ཚུལ་ཞིག་ཕྱི་ལ་ཐོན།

བོད་ཀྱི་དུས་བབ།
༢༠༢༡/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་མི་ལོ་ ༡༩ ཡི་བཙོན་འཇུག་ཁྲིམས་ཐག་བཅད་པའི་བླ་བྲང་དགོན་པའི་དགེ་འདུན་པ་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱི་བཙོན་འཇུག་དུས་ཡུན་ཟླ་ ༦ ཉུང་འཕྲི་བྱས་འདུག

Tsultrim Gyatso, Tibetan political prisoner in Tibet.(Image:@weiquanwang)

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་འབྲེལ་མཐུད་ཁང་(Networks of Chinese Human Rights Defenders) གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་ལོའི་ཕྱི་ཟླ་ ༤ པའི་ནང་ཀན་སུ་ཞིང་ཆེན་གྱི་ཐན་ཤུ་གྲོང་ཁྱེར་གྱི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས།  བོད་བླ་བྲང་དགོན་པའི་དགེ་འདུན་པ་ཆབ་སྲིད་བཙོན་པ་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ལ་ཚེ་བཙོན་གྱི་དུས་ཡུན་ཟླ་བ་ ༦ གིས་ཉུང་འཕྲི་བྱས་ཡོད་འདུག

གནས་ཚུལ་དེའི་ཐད་འབྲིང་རིམ་མི་མང་ཁྲིམས་ཁང་དེས། བོད་ཀྱི་ཆབ་སྲིད་བཙོན་པ་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་རང་གི་ནག་ཉེས་ལ་ངོས་ལེན་དང་བློ་འགྱོད་བྱས་པ་མ་ཟད། བཙོན་འཇུག་དུས་ཡུན་རིང་བཙོན་ཁང་གི་སྒྲིག་ལམ་ཁག་ལ་བརྩི་སྲུང་བྱས་པ་དང་། དེ་བཞིན་བཙོན་ཁང་གི་བཀོད་འདོམ་པའི་ཁ་ལ་ཉན་པ་དང་བཅོས་བསྒྱུར་སོང་བར་བརྟེན་བཙོན་འཇུག་དུས་ཡུན་ཆག་ཡང་བཏང་ཡོད་སྐོར་བརྗོད་འདུག

ད་ལན་ཁོང་གི་བཙོན་འཇུག་དུས་ཡུན་ཉུང་འཕྲི་བྱས་པ་ཐེངས་གཉིས་པ་དེ་ཆགས་ཡོད་འདུག དེ་ཡང་ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་ཁོང་གི་ཚེ་བཙོན་དུས་ཡུན་ལོ་ ༡༩ ལ་ཉུང་འཕྲི་བྱས་ཡོད་སྟབས། ད་ལྟའི་གནས་སྟངས་འོག་ཁོང་ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༡༡ པའི་ནང་བཙོན་གྲོལ་འཐོབ་དགོས་པ་ཞིག་ཆགས་ཡོད་ཀྱང་། གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ལ་ཚེ་བཙོན་ཐོག ད་དུང་ལོ་ ༧ རིང་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་ཡོད་པར་བརྟེན། བཙོན་གྲོལ་ཐོབ་རྗེས་སུའང་བཟང་བཙོན་དང་། ཉེན་རྟོག་པའི་སོ་ལྟ་འོག་ནས་འགྲིམ་འགྲིམ་སོགས་ཀྱི་རང་དབང་མེད་པ་རེད།

འདི་གའི་གསར་འགོད་པས་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་རྒྱ་ནག་གིས་བོད་རིགས་ཆབ་སྲིད་བཙོན་པ་རྣམས་ཀྱི་བཙོན་འཇུག་དུས་ཡུན་ཉུང་འཕྲིའི་རྒྱུ་རྐྱེན་སྐོར་དྲིས་པར་ཁོང་གིས། སྤྱིར་རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པ་རྣམས་བཙན་བཀོལ་ངལ་རྩོལ་དུ་གཏོང་གི་ཡོད་ལ། རེ་འགར་བཀག་ཉར་སྐབས་གཅར་རྡུང་སོགས་བྱས་པའི་རྐྱེན་གྱིས་ནད་པ་ཆགས་ཀྱི་ཡོད་པ་དང་། བཙོན་པའི་འཕྲོད་བསྟེན་བདེ་འཇགས་སོགས་ཀྱི་འགན་དེ་རྒྱ་ནག་གཞུང་ལ་ཡོད་པར་བརྟེན། ནག་ཉེས་ངོས་ལེན་བྱས་ཡོད་ཚུལ་དང་སྒྲིག་ལམ་ཡག་པོ་སྲུང་ཡོད་ཚུལ་སོགས་ལ་ཁ་གཡར་ཏེ་བཙོན་པ་རྣམས་གློད་གྲོལ་དང་བཙོན་འཇུག་དུས་ཡུན་ཉུང་འཕྲི་བྱེད་ཀྱི་ཡོད་པ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་ཀན་སུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་བསང་ཆུ་རྫོང་གི་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ནི། ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་བསང་ཆུ་རྫོང་དུ་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་པ་སོགས་ཀྱི་འབོད་སྒྲ་བསྒྲགས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་གཙོ་བོའི་གྲས་སུ་ཡོད་ཅིང་། ངོ་རྒོལ་རྗེས་སུ་བསང་ཆུ་རྫོང་ནས་བྲོས་བྲོལ་དུ་ཕྱིན་ཡོད་ཀྱང་། ལོ་དེའི་ཕྱི་ཟླ་ ༥ ཚེས་ ༢༢ ཉིན་འཛིན་བཟུང་བྱས་ནས་ལོ་གཅིག་ཙམ་གྱི་རྗེས་ཏེ། ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༢༡ ཉིན་ཀན་ལྷོ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པའི་ནག་ཉེས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

སྐར་མ ༣༤ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

སྐར་མ ༣༦ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese