མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསང་བའི་ཉུལ་ཆས་ཤིག་གིས་དགའ་ལྡན་ཕོ་བྲང་གི་ཞབས་ཕྱི་ནང་མ་སོགས་ཀྱི་ཞལ་པར་ཨང་གྲངས་བསྡུས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཨི་ཛི་རལ་ནས་བཟོས་པའི་གསང་བའི་ཉུལ་ཆས་ཤིག་གིས་འཛམ་གླིང་གི་གནད་ཡོད་མི་སྣ་ཁྲི་ ༥ ཡི་ཁ་པར་ཨང་གྲངས་གསང་བའི་ཐོག་ནས་བསྡུས་ཡོད་པའི་གནས་ཚུལ་ཕྱིར་གྱར་བའི་ནང་དགའ་ལྡན་ཕོ་བྲང་གི་ཞབས་ཕྱི་ནང་མ་དང་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་སོགས་ཀྱི་ཞལ་པར་ཨང་གྲངས་ཡང་ཚུད་ཡོད་འདུག

His Holiness The 14th Dalai Lama. Composite: Guardian/AP

ཁ་སང་གྷར་ཌིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཧྥ་རན་སིའི་ནང་རྟེན་གཞི་བྱས་པའི་གསར་འགོད་ལས་རིགས་ཚོགས་པ་ Forbidden Stories ཞེས་པ་དང་། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་གཉིས་མཉམ་འབྲེལ་ཐོག ཨི་ཛི་རལ་གྱི་སྒེར་གཉེར་གསང་བའི་ཉུལ་ཆས་ (spyware) བཟོ་སྐྲུན་ཁང་ NSO Group གིས་བཟོ་སྐྲུན་བྱས་པའི་པེ་གྷ་སིས་ (Pegasus) ཉུལ་ཆས་ཀྱིས་སོ་ཉུལ་བྱས་ཡོད་སྲིད་པའི་འཛམ་གླིང་གི་ཆབ་སྲིད་མགོ་འཁྲིད་དང་། ལས་འགུལ་བ། ཁྲིམས་རྩོད་པ། གསར་འགོད་པ་སོགས་གནད་ཡོད་མི་སྣ་ ༥༠༠༠༠ ཡི་ཁ་པར་ཨང་གྲངས་ཕྱིར་གྱར་སོང་བ་ལག་སོན་བྱུང་བའི་ནང་། དགའ་ལྡན་ཕོ་བྲང་གི་ཞབས་ཕྱི་ནང་མ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་གི་ཞལ་པར་ཨང་གྲངས་སོགས་ཚུད་ཡོད་འདུག་ལ། ཁ་པར་ཨང་གྲངས་དེ་དག་ཕྱི་ལོ་ ༢༠༡༧ གྱི་ལོ་མཇུག་ནས་ཕྱི་ལོ་ ༢༠༡༩ བར་བསྡུས་པ་ཞིག་ཡིན་འདུག

གསར་འགོད་ལས་རིགས་ཚོགས་པ་དེ་དང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ཁ་པར་ཨང་གྲངས་ཁྲི་ ༥ དང་དེ་འབྲེལ་གྱི་གནས་ཚུལ་རྣམས་རྒྱལ་སྤྱིའི་བརྒྱུད་ལམ་ ༡༧ ལྷག་ལ་མཁོ་སྤྲོད་བྱས་ཡོད་ཅིང་། དེའི་ཁྲོད་ནས་གྷར་ཌིན་གསར་ཁང་ (The Guardian) དང་ཝ་ཡིར་ (The Wire) གྱིས་ཞིབ་འཇུག་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། ཁ་པར་ཨང་གྲངས་ཁྲི་ལྔའི་ཁྲོད་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཏཱ་ལའི་བླ་མའི་དགེ་རྩའི་འགན་འཛིན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། སྐུ་སྒེར་གྱི་ལྡི་ལིའི་དོན་གཅོད་ཟུར་པ་དང་དགའ་ལྡན་ཕོ་བྲང་གི་རྒྱ་གར་དང་ཨེ་ཤ་ཡ་ཤར་མའི་འགན་འཛིན་བཀའ་ཟུར་བསྟན་པ་ཚེ་རིང་མཆོག དེ་བཞིན་སྐུ་སྒེར་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་དང་། སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་བཅས་ཚུད་ཡོད་འདུག་ལ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་དང་། ༧རྒྱལ་དབང་ཀརྨ་པ་མཆོག་གི་ཚུར་ཕུ་བླ་བྲང་གི་ལས་བྱེད། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་དང་བོད་མི་ལས་འགུལ་བ་སྐོར་ཞིག་གི་ཁ་པར་ཨང་གྲངས་ཀྱང་ཚུད་ཡོད་འདུག

འདི་གའི་གསར་འགོད་པས་སྐུ་སྒེར་དྲུང་ཆེ་ཚེ་བརྟན་བསམ་གྲུབ་ལགས་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་རྣམ་གཉིས་ལ་གནས་ཚུལ་དེའི་སྐོར་མཁྱེན་རྟོགས་བྱུང་མེད་སོགས་ཀྱི་སྐོར་བཀའ་འདྲི་ཞུ་ཐབས་བྱས་ཀྱང་། རྣམ་པ་གཉིས་ཀས་དེའི་ཐད་གང་ཡང་ཞུ་རྒྱུ་མིན་སྐོར་གསུངས་བྱུང་།

པེ་གྷ་སིས་ཉུལ་ཆས་ལ་ཞིབ་འཇུག་བྱེད་མཁན་གྱི་གསར་ཁང་རྣམས་ཀྱིས་ད་ལྟའི་ཆར་སོ་ཉུལ་བྱ་སའི་ཁ་པར་ཨང་གྲངས་ཁྲི་ ༥ ཁྲོད་ནས་ཨང་གྲངས་ ༡༥༠༠ ཙམ་གྱི་སྦྱིན་བདག་རྩད་གཅོད་ཐུབ་ཡོད་ཅིང་། ཁ་པར་ལ་དངོས་སུ་ཉུལ་ཆས་བཏང་ནས་སོ་ཉུལ་བྱས་ཡོད་མེད་དེ་ཁ་པར་ལ་བརྟག་དཔྱད་བྱས་ན་མ་གཏོགས་ཤེས་རྟོགས་ཐུབ་ཀྱི་མེད་སྟབས། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་དང་ཝ་ཡིར་གསར་ཁང་གིས་རྒྱ་གར་ནང་ཡོད་པའི་ཁ་པར་ ༡༠ ལ་བརྟག་དཔྱད་བྱས་རྗེས། ཁ་པར་བཅུ་ཀར་ཉུལ་ཆས་གཏོང་ཐབས་བྱས་པའམ་དངོས་སུ་བཏང་ནས་ལེགས་གྲུབ་བྱུང་བའི་དཔང་རྟགས་རྙེད་ཡོད་པ་རེད་འདུག དེ་བཞིན་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་བརྟག་དཔྱད་ཁང་གིས་ཁ་པར་ ༦༧ ལ་བརྟག་དཔྱད་བྱེད་སྐབས་ཁ་པར་ ༣༧ ལ་པེ་གྷ་སིས་ཉུལ་ཆས་ཀྱི་ཤུལ་རྗེས་རྙེད་སོན་བྱུང་ཡོད་ཅིང་། དེ་དག་ཁྲོད་ནས་ཁ་པར་ ༣༣ ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཡིན་འདུག

གྷར་ཌིན་གསར་ཁང་གི་གནས་ཚུལ་ནང་། ད་ཐེངས་སྐུ་སྒེར་དང་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣའི་ཁ་པར་ཨང་གྲངས་དེ་དག་པེ་གྷ་སིས་ཉུལ་ཆས་ཀྱི་དམིགས་གཏད་དུ་འདེམས་མཁན་དེ་རྒྱ་གར་གཞུང་ཡིན་པའི་དོགས་གཞི་བྱེད་བཞིན་ཡོད་སྐོར་བཀོད་འདུག དེ་ཡང་ཕྱོགས་གཅིག་ནས་ཨི་ཛི་རལ་གྱི་གློག་ཀླད་ཉུལ་ཆས་བཟོ་སྐྲུན་ཁང་དེས་པེ་གྷ་སིས་ཉུལ་ཆས་དེ་སྲིད་གཞུང་དང་གསང་བའི་ལས་ཁུངས་ཁག་ལ་མ་གཏོགས་འཚོང་གི་མེད་པ་དང་། ཕྱོགས་གཉིས་ནས་ད་ལན་རྒྱ་གར་ནང་གི་ཉུལ་ཆས་བཏང་ཡོད་སྲིད་པའི་ཁ་པར་ཨང་གྲངས་ཁྲོད་དུ། རྒྱ་གར་ཀོང་གྷེ་རེ་སི་ཚོགས་པའི་ཚོགས་གཙོ་དང་ཕྱི་ལོ་ ༢༠༡༩ ལོའི་ཁ་གཏད་སྲིད་བློན་འོས་མི་རཱ་ཧུལ་གྷན་དྷི་ (Rahul Gandhi) གཙོས་པའི་ཁ་གཏད་སྲིད་དོན་ཚོགས་པའི་ཚོགས་མི་དང་། ཚོང་པ། གཞུང་རྒོལ་ལས་འགུལ་བ། གསར་འགོད་པ་བཅས་ཚུད་ཡོད་པར་བརྟེན། དབྱེ་ཞིབ་པས་རྒྱ་གར་ནང་གི་པེ་གྷ་སིས་ཉུལ་ཆས་བཀོལ་མཁན་དེ་རྒྱ་གར་གཞུང་ཡིན་པའི་དོགས་པ་བྱེད་ཀྱི་ཡོད་པ་རེད། ཡང་ཕྱོགས་གཞན་ནས་ཨི་ཛ་ལམ་གྱི་ཉུལ་ཆས་བཟོ་སྐྲུན་ཁང་དེས་འཛམ་གླིང་གི་རྒྱལ་ཁབ་ ༤༠ ནང་གི་གཞུང་གཉེར་འཛད་སྤྱོད་པ་ ༦༠ ལ་ཉུལ་ཆས་པེ་གྷ་སིས་བཙོང་ཡོད་པ་ལས། དེ་དག་སུ་ཡིན་ཡོངས་བསྒྲགས་བྱས་མེད། འོན་ཀྱང་གསར་འགྱུར་བརྒྱུད་ལམ་དང་ཞིབ་འཇུག་ཁང་རྣམས་ཀྱིས་མཉམ་འབྲེལ་གྱི་ཞིབ་འཇུག་བྱས་པ་བརྒྱུད། རྒྱ་གར་དང་། མོ་རོ་ཁོ་(Morocco)། སོ་དྷི་ཨ་ར་བྷི་ཡ་ (Saudi Arabia) ཨ་ཛར་བྷའེ་ཇེན་(Azerbaijan)། བྷ་རེན་ (Bahrain)། ཀཱ་ཛག་ཀི་སི་ཐན་ (Kazakhstan)། མེག་སི་ཀོ་ (Mexico)། ར་ཝན་ཌ་ (Rwanda)། ཧང་གྷེ་རི་ (Hungary)། ཡུ་ཨེ་ཨི་ (United Arab Emirates) བཅས་ཀྱི་སྲིད་གཞུང་རྣམས་ཀྱིས་ཉུལ་ཆས་དེ་བཀོལ་སྤྱོད་བྱེད་ཀྱི་ཡོད་པར་ཡིད་ཆེས་བྱེད་ཀྱི་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཕལ་ཆེ་བའི་ནང་པེ་གྷ་སིས་ཉུལ་ཆས་བརྒྱུད་ཧྥ་རན་སིའི་སྲིད་འཛིན་མེ་ཁོ་རོན་གཙོས་པའི་འཛམ་གླིང་གི་གནད་ཡོད་མི་སྣ་མང་པོར་སོ་ཉུལ་བྱས་པའི་གནས་ཚུལ་ཐོན་པ་དང་བསྟུན། ཨི་ཛི་རལ་གྱི་ཉུལ་ཆས་བཟོ་སྐྲུན་ཁང་དེས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཏེ། ཧྥོན་བྷི་ཌན་སི་ཊོ་རི་སི་(Forbidden Stories) ཡིས་བཏོན་པའི་གནས་ཚུལ་དེ་ཉིད་ནོར་འཁྲུལ་གྱིས་ཁེངས་པའི་ཚོད་དཔག་ཅིག་ཡིན་པ་མ་ཟད། གནས་ཚུལ་མཁོ་འདོན་པ་དེས་དངོས་ཡོད་ཀྱི་གཞི་རྩ་གང་ཡང་མེད་པའི་ཐོག་ནས་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པ་དང་། ཕྱིར་གྱར་སོང་བའི་ཁ་པར་ཨང་གྲངས་དེ་དག་པེ་གྷ་སི་ཉུལ་ཆས་ཀྱི་དམིགས་གཏན་མིན་པ་མ་ཟད། བཟོ་སྐྲུན་ཁང་དང་འབྲེལ་བ་རྩ་བ་ནས་མེད་པ་དང་། བཟོ་སྐྲུན་ཁང་ངོས་ནས་པེ་གྷ་སིས་ཉུལ་ཆས་དེ་ཉིད་བཀོལ་སྤྱོད་ལོག་པ་བྱས་ཡོད་མེད་རྟོག་ཞིབ་བྱས་ཏེ་དགོས་གལ་བྱུང་ཚེ་རྩ་ནས་སྒོ་བརྒྱབ་ངེས་ཡིན་སྐོར་བརྗོད་འདུག

རྒྱ་གར་ནང་ཁ་གཏད་སྲིད་དོན་ཚོགས་པ་དང་ལས་འགུལ་བ་རྣམས་ཀྱིས་རྒྱ་གར་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་པོ་བྱེད་བཞིན་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་རྒྱ་གར་གྱི་གྲོས་ཚོགས་འོག་མིའི་དབྱར་དུས་ཚོགས་ཐེངས་སྟེང་གློག་ཀླད་འཕྲུལ་རིག་བློན་ཆེན་ཨ་ཤི་ཝི་ནི་ཝེ་ཤི་ནོ་ (Ashwini Vaishnaw) ཡིས། རྒྱ་གར་གཞུང་གིས་ཁ་གཏད་སྲིད་དོན་ཚོགས་པ་དང་ལས་འགུལ་བ་རྣམས་ལ་གློག་ཀླད་ཉུལ་ཆས་བརྒྱུད་སོ་ལྟ་བྱེད་ཀྱི་ཡོད་པའི་གནས་ཚུལ་དེར་གཞི་འཛིན་ས་གཅིག་ཀྱང་མེད་པ་མ་ཟད། དེ་ནི་རྒྱ་གར་གྱི་དམངས་གཙོ་ལ་སྐྱོན་བརྗོད་བྱེད་ཐབས་ཁོ་ན་ཡིན་སྐོར་གསལ་བཤད་གནང་ཡོད་འདུག

སྤྱིར་ཉུལ་ཆས་ (spyware) ཟེར་བ་དེ་ཁ་པར་ནང་ཞུགས་ཏེ། དོ་བདག་གི་མོས་མཐུན་མེད་པའི་ཐོག་ནས་སྒེར་གྱི་གནས་ཚུལ་མི་གཞན་ལ་སྦྱིན་མཁན་གྱི་མཉེན་ཆས་རིགས་ཤིག་ཡིན་ཞིང་། དེ་ཡང་འཕྲིན་གྱི་རྣམ་པ་ཅན་གྱི་དྲ་ཐག་ལ་སྣོན་པའམ། ཡང་ན་འཚམས་འཕྲིན་ (Whatsapp) ལ་ཁ་པར་བཏང་བ་ཙམ་གྱིས་མི་དེའི་ཁ་པར་ནང་ཞུགས་ཐུབ་པའི་ནུས་པ་ཡོད་འདུག  པེ་གྷ་སིས་ཉུལ་ཆས་དེ་གཞན་གྱི་ཁ་པར་ནང་ཞུགས་རྗེས། ཁ་པར་དེའི་ནང་ཡོད་པའི་འཕྲིན་དང་། འབྲེལ་གཏུང་ཁ་བྱང་། ལོ་ཐོ། གློག་འཕྲིན། དྲ་རྒྱའི་འཚོལ་བཤེར་ལོ་རྒྱུས་བཅས་བསྔོག་ཐུབ་པ་མ་ཟད། ཁྱེད་ལ་ཤེས་རྟོགས་མེད་པའི་ཐོག་ནས་ཁ་པར་གྱི་སྐད་ཆ་སྒྲ་འཇུག་བྱེད་པ་དང་། ཁ་པར་གྱི་པར་ཆས་འབྱེད་ཐུབ་པ། དེ་བཞིན་ཁ་པར་གྱི་ས་ཚིགས་ཀྱང་ཤེས་རྟོགས་ཐུབ་ཀྱི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༦ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese