མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་འབྲེལ་མིན་པའི་ཚོགས་པ་བཞི་ཐུན་མོང་ནས་གྲོས་ཚོགས་བསྐྱར་གསོ་དགོས་སྐོར་གསལ་བསྒྲཊ་སྤེལ།

བོད་ཀྱི་དུས་བབ།
༢༠༢༡/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་ཡིས་སྤྱི་འཐུས་ཀྱི་དམ་འབུལ་ཞུ་ཡུལ་གཉིས་ཆགས་པ་དེ་བཅའ་ཁྲིམས་ནང་གསལ་ཆ་མེད་ཀྱང་ལམ་ལུགས་ལྟར་དུ་ངོས་ལེན་བྱེད་དགོས་པའི་འབོད་སྐུལ་དོན་ཚན་བཞི་སྤེལ་སོང་།

Press Conference of Four Tibetan NGOs at Norbu House on
4th August 2021. Image:Tibet times

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བཞུགས་སྒར་དྷ་སའི་ནོར་བུ་གསོལ་མགྲོན་ཁང་དུ། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་བཞི་ཐུན་མོང་གིས། ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཀའ་རྙོག་དང་འབྲེལ་ནས་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་བའི་ཐོག དབུས་འོས་བསྡུ་ལྷན་ཁང་གི་གཙོས་འབྲེལ་ཡོད་ཕྱོགས་ཚང་མས་ཁྲིམས་སྒྲིག་འགྲེལ་བརྗོད་བྱ་རྒྱུ་དེེ་ཕར་བཞག་སྟེ། ཞི་འགྲིག་གི་ཆེད་དུ་སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་རྣམས་ཀྱི་དམ་འབུལ་ཞུ་ཡུལ་ཁག་གཉིས་ཆགས་པ་དེ་དག་བཅའ་ཁྲིམས་ནང་གསལ་ཆ་མེད་ཀྱང་། དེ་སྔ་ཚོགས་གཙོ་རེས་མོས་བྱེད་པའི་ལམ་ལུགས་ཡོད་པ་བཞིན་ངོས་ལེན་གནང་སྟེ་གྲོས་ཚོགས་བསྐྱར་གསོ་གནང་དགོས་སྐོར་གྱི་འབོད་སྐུལ་དོན་ཚན་བཞི་སྤེལ་སོང་།

དེ་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞི་ཐུང་མོང་གི་ཡིག་ཐོག་བསྒྲགས་གཏམ་ནང་། ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༨ ཉིན་བདམས་ཐོན་སྤྱི་འཐུས་ ༤༤ ནས་དམ་འབུལ་ཞུ་ཡུལ་ཁག་གཉིས་བྱས་ནས་ཕུལ་ཟིན་པ་དེ་དག་བཅའ་ཁྲིམས་ནང་གསལ་ཆ་མེད་ཀྱང་། དེ་སྔ་ཚོགས་གཙོ་རེས་མོས་བྱེད་པའི་ལམ་ལུགས་ཡོད་པ་བཞིན་ད་ཆ་ནང་ཁུལ་ཁྲིམས་སྒྲིག་གི་འགྲེལ་བཤད་ལས་གལ་ཆེ་བ། བོད་མིའི་རྩ་དོན་འཐབ་རྩོད་ཀྱི་གཞི་རྩ་བོད་མིའི་དམངས་གཙོའི་གཞུང་འདི་བཞིན་བསྐྱར་གསོ་དང་། རྒྱུན་གནས་ཡོང་ཆེད་ཐོག་མར་སྤྱི་འཐུས་རྣམས་བཞུགས་མོལ་ཚོགས་འདུ་ཚོགས་ཏེ་མང་མོས་གང་བྱུང་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་དང་། འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་འོས་འདེམས་སོགས་གྲོས་ཚོགས་ཀྱི་ལས་རིམ་སྔར་རྒྱུན་བཞིན་འགྲོ་ཐུབ་པ་གང་མགྱོགས་འགོ་འཛུགས་གནང་རྒྱུར་དབུས་འོས་བསྡུ་ལས་ཁང་གི་གཙོས་འབྲེལ་ཡོད་ཕྱོགས་ཚང་མས་དགོངས་བཞེས་གནང་རོགས། ཞེས་འབོད་སྐུལ་གནང་འདུག

དེ་བཞིན། སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཟིན་པའི་རྗེས། ཕྱོགས་ཚང་མས་བསྟན་སྲུང་དམར་ནག་གཉིས་དཔང་པོར་བཞག་ནས་སླད་ཕྱིན་ཆད། སྐབས་ ༡༦ པའི་སྤྱི་འཐུས་ལྷན་ཚོགས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་དབར་བྱུང་བའི་རྙོག་གླེང་དང་། སྐབས་ ༡༧ པའི་སྤྱི་འཐུས་དང་སྲིད་སྐྱོང་བཅས་ཀྱི་དམ་འབུལ་ཞུ་ཕྱོགས་དང་འབྲེལ་ནས་ཁྲིམས་སྒྲིག་དང་མཐུན་མིན་གྱི་གླེང་རྙོག་རིགས་རྩ་བ་ནས་གླེང་སློང་མི་བྱ་རྒྱུའི་ཁས་ལེན་དགོས་པ་དང་། སྤྱི་ལྷན་ངོས་ནས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས། ད་ལྟ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཁ་གསལ་མེད་པ་དང་། འགྲེལ་བཤད་བྱེད་ཕྱོགས་མི་འདྲ་བའི་སྐྱོན་ཆ་དང་དོགས་གནས་རྣམས་སེལ་དགོས་སྐོར་འཁོད་འདུག

གཞན་ཡང་། དམངས་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་བརྗེ་རེས་དང་ལྟ་བ་ལངས་ཕྱོགས་མཐུན་མིན་གྱི་རྩོད་གླེང་ཡོང་ཆོག་པ་ཡིན་ནའང་། བོད་མིའི་སྒྲིག་འཛུགས་འདི་བཙན་བྱོལ་གྱི་སྒྲིག་འཛུགས་ཤིག་ཡིན་པའི་ཐོག དམངས་གཙོ་ལས་ཆོལ་གསུམ་ཆིག་སྒྲིལ་གྱིས་བོད་ཀྱི་བདེན་མཐའ་གསལ་བའི་འཐབ་རྩོད་ནང་ཞུགས་རྒྱུ་དེ་ཡིན་སྟབས། རྒྱ་ཆེའི་མང་ཚོགས་ངོས་ནས་ཚོར་སྣང་དང་། གཡམ་རྒྱུག ཆོལ་ཁག་དང་ཆོས་ལུགས། ལུང་ཚན་བཅས་ཀྱི་ཕྱོགས་ཞེན་གྱི་དབང་དུ་མ་སོང་བར། ཡིད་གཟབ་དང་བབ་ལྷིང་བརྟན་གསུམ་གྱི་ཐོག་ནས་བོད་མིའི་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་སྔར་ལྷག་མཉམ་ཞུགས་དང་མདུན་སྐྱོད་བྱ་དགོས་པའི་རེ་སྐུལ་ཞུས་འདུག་ལ། གཞུང་འབྲེལ་མིན་པའི་ཚོགས་པ་བཞི་ཐུན་མོང་ནས་གསར་འགོད་གསལ་བསྒྲགས་གྲུབ་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལྷན་ཁང་ཁག་ལ་ཆེད་བཅར་ཞུས་ཏེ་རེ་སྐུལ་ཞུ་རྒྱུ་ཡིན་པ་དང་། སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་སྒེར་ཚང་མར་གློག་འཕྲིན་བརྒྱུད་རེ་སྐུལ་ཡི་གེ་འབུལ་རྒྱུ་ཡིན་སྐོར་དང་། དེ་བཞིན་སྤྱི་འཐུས་ཕྱོགས་ཁག་གི་སྐུ་ཚབ་རྣམ་པ་དང་ཐུག་འཕྲད་ཞུ་རྒྱུ་ཡིན་སྐོར་བརྗོད་སོང་ལ། སྤྱི་ལྷན་གྱི་དཀའ་རྙོག་འདི་མ་སེལ་བར་དུ་ཚོགས་པ་བཞི་ངོས་ནས་འགན་འཁུར་བའི་ཐོག་ནས་གནས་སྟངས་ལ་དཔག་པའི་ཐབས་ལམ་འཚོལ་རྒྱུ་ཡིན་སྐོར་བརྗོད་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 3

  1. བསྟན་པ་ལེགས་ཚོགས། says:
    ལོ་ 5 སྔོན།

    ༄༄། མི་མང་གིས་མངོན་འདོད་ཡིན་མིན་ལ་མ་སྟོས་པར་བོད་མིའི་ཚོགས་པ་ཆེ་ཤོས་བཞི་ཡི་དབུས་རྒྱན་ནས་ཐུགས་འཁུར་ཆེ་སྐྱེས་གནང་བར་མངག་བརྗོད་དང་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་རང་རེའི་མང་གཙོའི་སྒྲིགས་ཚུགས་འདི་ཚང་མས་ཐུགས་རེ་ཡོད་པ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོང་གཞི་ལྟར་སྔོན་ཡོད་བཞིན་མང་གཙོའི་རྐ་བ་གསུམ་བཅའ་ཁྲིམས་གྱི་དགོང་དོན་ལྟར་དགོས་དུས་བཅའ་ཁྲིམས་དང་འགལ་བའི་ཐབ་ཤེས་དང་ལམ་ཁ་ཞིག་མེད་པ་མ་ཟད་ རྩ་ཁྲིམས་རིན་པོ་ཆེ་ལ་འབྲེལ་བརྗོད་གནང་སྟངས་ལ་གསལ་ཁ་མེད་པ་དང་གོ་བ་ལོག་འགྲུབ་བྱ་གི་ཡོད་ཚེ་དེར་ཕན་པའི་ཆེད་དུ་དེར་འབྲེལ་ཡོད་མཛད་གཙོ་རྣམས་པ་དང་བཅའ་ཁྲིམས་ཐོག་མཁྱེན་ཡོན་ཡོད་པའི་མཁས་དབང་དང་དེ་བཞིན་ཕྱི་ནང་ཁྲིམས་དཔོན་དང་ཁྲིམས་རྩོད་པ་གདན་ཞུ་གནང་སྟེ་གསལ་བཤད་གནང་ཐུབ་པ་བྱུང་ན་ཐུགས་ཕན་གསོད་པ་ཞིག་མི་ཡོང་ངམ་བསམ་པའི་རྨོང་འཆར་ཞིག་ཞུ་འདོད་འདིར་བཀོད་པ་ཡིན་གུས་འདུད་བཅས།།

    Reply
  2. གངས་ཆབ། says:
    ལོ་ 5 སྔོན།

    ཁྲིམས་རྫུན་གསུམ་རང་གནས་སུ་ལོག་དགོས་པ་མ་ཚད་དེ་ལ་དམ་འབུལ་བྱེད་མཁན་སུ་བྱུང་ལ་ངོས་ལེན་གཏན་ནས་མེད།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    རྗེས་སུ་ཡིད་རངས་དང་བསྔགས་བརྗོད་ཡོད་། ཡིན་ན་ཡང་ད་ལྟའི་དཀའ་ངལ་དེ་བཅའ་ཁྲིམས་སྲུང་སྐྱོབས་ཟེར་བའི་ཐ་སྙད་དེ་ལ་ཐུག་པ་ནས་བཅའ་ཁྲིམས་ཕར་བཞག་ནས་ལམ་དང་ལུགས་སྲོལ་ལ་ཁ་ཕྱོགས་དགོས་གསུང་པ་དེ་ཁྲིམས་འགལ་ནས་སྒྲིག་འགལ་ལ་ཁ་ཕྱོགས་བཅུག་མ་རེད་དམ་། བཅའ་ཁྲིམས་ནི་བཙན་བྱོལ་བོད་མིའི་བླ་གནས་སའི་ཁྲིམས་ཡིག་ངོ་མ་དེ་ཡིན་ན་བཅའ་ཁྲིམས་ལ་འགན་ཁུར་ནས་མ་འོངས་བོད་ཀྱི་མང་གཙོའི་འཕེལ་རིམ་ལ་ནག་ཐིག་མ་ཕོག་པའི་ཐབས་ལམ་ཚོལ་དགོས་པ་དེ་བཙན་བྱོལ་བོད་མི་ཚང་མས་ལས་འགན་ཞིག་ཡིན་པ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཡིན་པའི་ངོས་ཞུ་གི་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese